ཞུ་འཕྲིན།

བཟོད་མེད་དྲན་གྱིས་སྐྱོང་བའི་ཨ་ཁུ་དང་། །

དཀའ་བ་ཕྲག་དུ་ཁུར་བའི་ཕ་མ་ཟུང་། །

བདག་ལ་བརྩེ་བའི་གཟིཊ་པའི་སྙིང་ཉེ་སོཊ། །

དུས་ཀུན་ནད་མེད་ཚེ་རིང་ཐོབ་པར་སྨོན། །

ཨ་ཁུ་ལགས་ང་གྲྭ་རྒྱུན་ལ་འགྲོ་ཟིན་ཨ་ཁུ་ཁྱེད་ལ་དངོས་སུ་འགྲོ་དགོས་ཟེར་མ་ཕོད་པས་དགོངས་དག རང་ཉིད་ལ་དབང་བའི་ཆེས་སྐྱིད་པའི་བདེ་སྐྱིད་འདི་དག་དང་བདག་ལ་བརྩེ་བའི་གཟིགས་པའི་ཨ་ཁུ་ཁྱེད་ཅག་དང་རྒྱུན་ཐག་ཅིང་ཙམ་རིང་དུ་འགྲོ་དགོས་སྐབས་ངའི་སེམས་སུ་བློས་གཏོང་མི་ཐུབ་པའི་དཀའ་ངལ་ཆེན་པོ་ཡོད་འདུག ཡིན་ཡང་ཐུན་མོང་བའི་རིགས་གནས་འདི་ཅུང་ཙམ་ཤུགས་རྒྱག་ནས་མ་སློབ་ན་མི་གྲལ་ལ་མི་ཚོད་པའི་གནས་སུ་ཐོན་འདུག་པ་ཨ་ཁུ་ཁྱེད་ཀྱིས་མཁྱེན་གསལ་ལྟ་རེད། རྒྱུ་མཚན་དེའི་ཕྱིར་སེམས་ཤུགས་བསྐྱེད་ནས་གྲྭ་རྒྱུན་ལ་སོང་བ་ཡིན། མཚན་ཉིད་གཞུང་ལས་དབུ་མ་འདི་ཤིན་ཏུ་ག་ཆེན་བ་འདུག་པས་དེ་ལེགས་པར་མཇུག་སྒྲུལ་སོང་། ད་ནི་ངའི་ཚང་འཛིན་གྲྭ་འདུལ་བ་ལ་སློབ་སོང་བས་གོ་སྐབས་འདི་ལ་བལྟས་ནས་ངས་ཐུན་མོང་བའི་རིགས་གནས་ལ་ལོ་གཅིག་གཉིས་ཞིག་གཙོ་བོ་ཤུགས་རྒྱག་འདོད་སྔོན་མ་ཞིག་ནས་བྱུང་མྱོང་། ངའི་བསམ་ཚུལ་འདི་ལ་ཨ་ཁུ་ཁྱེད་དང་ཨ་ཕ་ཨ་མ་གཉིས་སོགས་ང་ལ་སེམས་ཁྲལ་བྱེད་པའི་གཉེན་ཉེ་ཀུན་གྱིས་སེམས་ཁྲལ་མ་གནང་བ་རྒྱབ་སྐྱོར་བྱེད་ནས་སློབ་སྦྱོང་བྱེད་དུ་བཅུག་རྒྱུ་རེ་བ་ཆེན་པོ་ཡོད། ནང་ཆོས་སྐོར་ངའི་ཚང་དགོན་པ་ལས་གཞན་ལ་མཆོག་ཏུ་སློབ་རྒྱུ་རྒྱ་གར་ལས་གཞན་ལ་དེ་འདྲའི་མེད་མོད་ཀྱང་། སྤྱི་རྒྱ་གར་ལ་ཤིན་ཏུ་འགྲོ་ན་འདོད་མོད་འོན་ཀྱང་ལམ་ཡིག་སོགས་ཆ་རྐྱེན་མང་པོས་དབང་གིས་འགྲོ་ཐུབ་ས་མ་རེད། རིགས་གནས་སྐོར་ངའི་ཚང་དགོན་པ་ལས་མཆོག་ཏུ་སློབ་རྒྱུ་ཡོད་སའི་དགོན་པ་མང་པོ་ཡོད་འདུག་པས་དེ་འདྲ་ཞིག་ལ་བསྡད་ནས་ཤུགས་བརྒྱབ་ཡོང་། ཨ་ཁུ་ཁྱེད་དང་ཕ་མ་སོགས་ཀྱིས་སེམས་ཁྲལ་མ་བྱེད་རོགས་མཁྱེན་མཁྱེན།

གུས་བསྟན་འཛིན་རྒྱ་མཚོ་ནས།