རྫ་ཆུའི་བག་ཆགས།

美友6484848

མེ་སྲས།

རླུང་བུ་དལ་གྱིས་བཞུད་པའི་རྫ་འདབ་ཀྱི་གཞས་གདངས།།

མུན་པ་ཐོད་ལ་བྲིས་པའི་སྤང་ཐང་གི་བོད་མོ།།

ཚིག་གསུམ་ངག་གི་འོ་མ་རི་སྒང་ནས་བཏང་ན།།

ཝུ་ཆང་ཧུབ་ཀྱིས་བཏུང་བའི་དོ་དགོང་དང་འདྲ་བ།།

ང་ནི་རྫ་ཁའི་ཤྭ་བ་ནག་ཆུང་གི་ལས་དབང་།།

འཁྲིག་མའི་འཁོར་ལོའི་གསེབ་ན་ལྷོག་ལྷོག་ཏུ་ལྡང་བ།།

དཀར་དམར་གློག་ལམ་ཁྲ་མོའི་སྨན་ཆུང་གི་མདུན་ནས།།

སྐྱོ་གདུང་ལུས་ཀྱི་ལྷ་མོའི་ལན་ཆགས་ཤིག་ཡིན་ལེ།།

མིག་གིས་ཟིན་ཟིན་འདྲ་བའི་རིགས་རུས་ཀྱི་ཁུངས་ན།།

བདེན་པའི་བོད་ལ་ཞེན་པའི་ཚིག་རོ་ཞིག་བྲིས་ན།།

སོར་མོའི་འདེགས་འཇོག་བར་ན་ལྡེམ་ལྡེམ་དུ་གཡོ་བས།།

མཛངས་མའི་ཆགས་སྲེད་རིག་པའི་བ་མོ་དེ་ལོས་ཡིན།།

དུས་ཀྱིས་བདས་པའི་སློབ་རའི་སློབ་མ་ཡི་བརྩེ་དུངས།།

ཤ་ཞེན་ཁྲག་ལ་བསྲེས་པའི་ལང་ཚོ་དང་མཚུངས་ན།།

འདང་བརྩེ་ཟླ་བའི་གླེང་བས་མཚན་མོ་འདིའི་ངོགས་ན།།

ང་རང་ཁེར་ཧྲེང་ཡིན་པ་ཁེངས་སེམས་ཀྱིས་བརྟས་ཡོད།།

སྣང་བ་གར་ལ་ཕུད་པའི་རི་མོ་ཡིས་ལམ་ན།།

མཛེས་སྡུག་མཚན་ལ་བཏབ་པའི་མེ་ལོང་གི་ངོས་སུ།།

བྱམས་བརྩེའི་སྐྲ་ལོ་བསེད་པའི་མ་རྒན་གྱི་ལག་ཟུང་།།

ཐོ་རེངས་སྐར་མའི་ཁྲིད་པ་ལན་གཅིག་རང་མ་ཡིན།།

མདང་གི་རྨི་ལམ་གསེབ་ན་ལྷེམ་ལྷེམ་དུ་འཕྱོ་བའི།།

ཆང་ལྷ་འབྲུག་རས་མ་དེ་ཡིད་སེམས་དུ་ཕབས་ན།།

ཇ་མཁར་ཨ་ཅག་འདྲེ་མོའི་ཆང་གཞས་ཀྱི་ཉ་ཆུང་།།

ཨ་ན་མ་ན་ཁྱོད་རང་གཅེར་བུ་དང་འདྲ་སོང་།།

ཀ་ཁའི་ཕངས་སེམས་སྟོང་བའི་རྫ་ཆུ་ཁའི་ན་གཞོན།།

འཇའ་ཚོན་མཁའ་ནས་ཡལ་བའི་བག་ཆགས་ཤིག་ཡིན་པས།།

དོ་ནུབ་ང་རང་གྲོགས་དང་ན་ཟླ་ཡི་ཀློང་ན།།

ཚོར་བའི་མུན་པ་མཚན་མོའི་སྙན་ངག་ལ་ཐིམ་ཡོད།།