མེ་སྲས།

ང་ནི་ཆོས་ལུགས་དད་མོས་པ་ཞིག་ཡིན་ལ་ཆོས་ཀྱི་བྱེད་སྒོ་དུ་མར་ཞུགས་མྱོང་མཁན་ཞིག་ཀྱང་ཡིན།

དེའི་རྐྱེན་གྱིས་ངའི་ཆོས་ལུགས་དང་ཆོས་ཡང་དག་ལ་

འབད་པའི་དགེ་འདུན་པའི་ཕྱོགས་ལ་ནམ་ཡང་

དགག་པ་གཏོང་མི་སྲིད་ལ། གཏོང་མི་ཕོད།

གལ་སྲིད་གཏོང་དགོས་རུང་དེའི་ཤེས་རྟོགས་ཕྲན་བུ་ཙམ་ཡང་མེད།

འོན་ཀྱང་ཁོ་བོའི་ད་ཐེངས་བཤད་ཀྱིན་པའི་གནས་ལུགས་དེ་ལྟར་མིན།

ཚང་མའི་ཤེས་གསལ་ལྟར་དེ་རིང་ནི་སེར་ཤུལ་རིས་མེད་

གངས་རྒྱན་སྨོན་ལམ་ཆེན་མོ་འཚོགས་ནས་ཉིན་བཞི་བ་ཡིན་ལ་སྤྱི་ཟླ་བཅུ་གཅིག་པའི་ཚེས་གཅིག་རེད།

སྤྱིར་ང་རང་སློབ་ཁྲིད་ཀྱི་བྲེལ་བ་ཤིན་ཏུ་ཆེ་སྟབས་

གྲོང་ནང་ཉུལ་ཁོམ་མེད་མོད།

རང་ལ་དངོས་རྫས་ཁ་ཤས་ཀྱི་དགོས་མཁོ་དང་བསྟུན་ནས་གྲོང་ནང་དུ་ལན་གཅིག་བགྲོད་དགོས་བྱུང་།

སྐབས་དེར་ད་ཐེངས་ཀྱི་ཆོས་འཚོགས་ལ་རྒྱང་རིང་ནས་ཕེབས་པའི་གྲྭ་གཞོན་ཞིག་གིས་ཕོ་མོའི་སྤྱོད་ཁང་ལ་ནོར་འཛོལ་བྱུང་བ་

ཡིན་ནམ་ཡང་ན་བསམ་གཟས་ནས་དེ་རུ་འཛུལ་བ་

ཡིན་མིན་མ་ཤེས་ཀྱང་།

གང་ལྟར་ཅི་མི་སྙམ་པའི་ངང་དེ་རུ་ཧད་དེ་འདུག

ངའི་<<ཨ་ཁུ་ཕོའི་སྤྱོད་ཁང་འདི་ས་རེད་ཅེས་བཤད་པ་ཡིན>>

ཁོང་གི་ཤེས་ཡོད་མདོག་མདོག་གི་རྣམ་འགྱུར་དང་བཅས་སྒོར་བུད་སོང་།

གལ་ཏེ་གྲྭ་གཞོན་དེ་བསམ་གཟས་ནས་མོའི་སྤྱོད་ཁང་དུ་

འཛུལ་བ་ཡིན་ན་དེ་ནི་དངོས་ནས་མ་རིགས་ཏེ་

ང་ཚོ་འཇིག་རྟེན་པའི་ཕོ་མོ་ཤེས་ཡོན་ཡོད་མེད་

སུ་ཡིན་རུང་ཀུན་ལ་ངོ་ཚ་དང་ཁྲེལ་ཟེར་བ་ཡོད་དགོས་པས་སོ།

ཡང་ན་ཁོང་གིས་ཡི་གེ་མ་མཐོང་བ་རེད་ཟེར་ན་

དེ་ཡང་ཡིན་མི་སྲིད་དེ་སྤྱོད་ཁང་དེའི་སྒོ་ཁའི་གྱང་ངོས་སུ་

ཕོ་དང་མོ་ཟེར་བའི་ཡིག་འབྲུ་ཆེན་མོ་ཞིག་བྲིས་ནས་

ཡོད་པ་གོང་གི་པར་ལ་གཟིགས་པར་ཞུ།

དེས་ན་དོ་སྣང་མ་བྱས་པ་དང་ཡང་ན་གྲྭ་གཞོན་དེའི་

བོད་ཡིག་མི་ཤེས་པ་རེད་ཟེར་བ་འདིའི་སྟེང་ནས་

ཕྲན་ཆུང་བློ་རྨོངས་པར་དགོན་སྡེ་སོ་སོར་རེ་བ་ཙམ་འདོན་རྒྱུ་ཡོད།

སྤྱིར་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་ཐམས་ཅད་

ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་བཏང་མཁན་ནི་

དད་ལྡན་པ་ང་རང་ལྟ་བུའི་སྤྱི་བོའི་གཙུག་ཏུ་བཀུར་བའི་དགེ་འདུན་པའི་

ཚོགས་ཡིན་པ་སྨོས་མ་དགོས་ཏེ།

རང་ཅག་ཁ་བ་ཅན་གྱི་<མགོ་ན་ཡོད་པའི་དཔོན་དང་ལུས་ན་ཡོད་པའི་

ལྷ་>ཟེར་བ་ཇི་བཞིན།

{ཡོད་ན་དེས་ཆོག་དང་མེད་ན་དེས་ཕུངས་}ཡིན་པ་བཤད་མི་དགོས་སོ།

དེས་ན་སྔོན་ཆད་དགོན་པ་ག་གེ་མོའི་ཚོགས་གྲལ་དུ་ཞུགས་པར་ཞལ་འདོན་བློར་བཟུང་ཡོད་མེད་ཁོ་ན་ལ་བལྟ་རྒྱུ་ལས་དེའི་ཡི་གེ་ག་ཚོད་ཤེས་མིན་དང་།

ཡི་གེའི་གཟུགས་ལ་ཉམས་བཞག་མྱོང་མ་མྱོང་ལ་

ཐུགས་བསམ་མི་གཏོང་བ་བཞིན།

ད་བར་ད་དུང་ཡང་དེའི་སྐྱོན་མེད་འགྲོ་བསམ་ནས་དོགས་པ་སྐྱེ་ཡོང་གིན་འདུག

ངོ་མ་དེ་འདྲའི་སྐྱོན་ཆ་ཡོད་ཚེ་ཁྱེད་བློ་མཐོ་བ་རྣམས་ཀྱིས་

དེ་ལ་ཟོན་བྱེད་རོགས་ཞེས་རེ་འབོད་ཙམ་བཏོན་པ་ཡིན།

གལ་སྲིད་གྲྭ་གཞོན་དེ་འདྲའི་རིགས་གྲྭ་བ་རྫུན་མ་ཡིན་པའི་

དབང་དུ་བྱས་ན་ང་ཚོའི་དེ་ལ་དགག་པ་རྒྱབ་ནས་གྲྭ་བའི་

སྤྱི་ཚོགས་ཀྱི་སྙིགས་རོ་དེ་ལྟ་བུ་མེད་པར་བཟོས་ན་ལེགས་པར་སེམས།

གོང་དུ་བཤད་པ་ལྟར་ང་ནི་ནང་བའི་ཆོས་ལུགས་ལ་དགའ་མཁན་

ཞིག་ཡིན་པར་མ་ཟད་བུ་རབས་ཚ་རྒྱུད་ནས་བཟུང་

ཆོས་ལུགས་འདིར་གོམས་ནས་ཡོད་ཀྱང་།

སེམས་ལ་མི་ཤོངས་བའི་ན་ཟུག་རི་རབ་ཙམ་སྐྱེས་དོན་ཡང་

ཆོས་ལུགས་དེར་ཤིན་ཏུ་དུངས་བའི་རྒྱུ་མཚན་ལས་མ་འདས་སོ།