༢༠༡༧ལོའི་ཟླ་༡༠བའི་ཚེས་༠༨ནས་ཟླ་གཅིག་ཙམ་ལ་ཞི་བྱེད་སྨན་སྦྱོར་གྱི་དགེ་རྒན་དབང་གྲགས་རྡོ་རྗེ་དང་སྦྱོར་བ་སྨན་གྱི་དགེ་རྒན་གུ་རུ་རྡོ་རྗེ།ད་དུང་ཉེས་གསུམ་གསོ་བའི་དགེ་རྒན་རིན་ཆེན་སྒྲོལ་མ།འཕེལ་འགྲིབ་ནད་ཀྱི་དགེ་རྒན་བསོད་ནམས་ཚེ་བརྟན་སོགས་ལ་བཀའ་དྲིན་མཚོན་བྱེད་དུ་ཤིས་ཚིག་གི་ཚུལ་དུ་ཕུལ།

ནམ་ཡང་མི་རིགས་བླ་དང་སྲོག་གི་ཆེད།།
དུས་རྒྱུན་ཕ་མེས་སྲོལ་བཟང་དར་སྤེལ་སླད།།
སྐུ་ཚེ་གང་ལ་གངས་རིའི་ལུང་པ་ནས།།
མཛད་པ་སྐྱོང་མཁས་དགེ་རྒན་ཁྱེད་ཅག་བསྟོད།།

རབ་འབྱམས་གཞུང་ལུགས་མ་ལུས་ཐུགས་སུ་ཆུད། །
བསླབ་གསུམ་ནོར་བུའི་ཏོག་གི་ཅོད་པན་མཛེས། །
སློབ་འབངས་དོན་ལ་གཡེལ་བ་མེད་གཟིགས་པའི། །
བཤེས་གཉེན་དམ་པ་དག་གི་སྐུ་ཚེ་བརྟན།།

མང་ཐོས་གཞུང་ལུགས་སྨྲ་བའི་སེང་གེ་ཞེས། །
ཆུང་མིན་མངོན་རློམ་འབུམ་ཁྲི་དྲུག་སྟོང་གི། །
སྤོབས་པའི་ངར་སྒྲས་ས་གསུམ་དངངས་བྱེད་པ། །
མི་འཇིགས་གདོང་ལྔའི་དབང་བོ་ཁྱོད་ལས་སུ། །

བྱམས་བརྩེའི་གཟི་འོད་གངས་རིའི་མདངས་ལ་འགྲན།།
ལྷག་བསམ་གཙང་མས་འགྲོ་དྲུག་བྱམས་ཀྱིས་སྐྱོང་།།
ཤེས་རབ་བློ་ཡིས་རྨོངས་པའི་མུན་པ་འཇོམས།།

གོ་ལའི་ཡང་རྩེར་དགེ་རྒན་ཁྱེད་ཅག་བཞུགས།།

སློབ་བུ་མཁའ་འགྲོ་ཚེ་རིང་གིས་སྨིན་དྲུག་ཟླ་བའི་རྒྱལ་བ་དྲུག་པར་གུས་ཕུལ།