མུན་སེལ་སྒྲོན་མེ་ཚང་གི་སྙན་ངག་སྤེལ་ཐེངས་དགུ་བ།

美友2448271

གནམ་གྱི་སེམས་དཔའ་ཆེན་པོ། ཁྱེད་གང་དུ་བཞུགས།

ཉག་བསྟན་འཛིན་ཚུལ་ཁྲིམས།

རྒྱལ་གཤེན་བསྟན་པ་རིན་པོ་ཆེ།།

ལྔ་སྙིགས་དུས་ཀྱི་གཉན་འཕྲང་འདིར།།

མི་ཉམས་སྤེལ་བའི་ཆོ་ག་མཁན།།

གནམ་གྱི་སེམས་དཔའ་གང་དུ་བཞུགས།།

བླ་མ་ཞིང་ལ་ཕེབས་སོང་ཞེས།།

གཏམ་ངན་རྣ་བར་ཐོས་པའི་ཚེ།།

དམར་ཆུང་སྙིང་ལ་ཟུག་གཟེར་ལངས།།

གནམ་གྱི་སེམས་དཔའ་གང་དུ་བཞུགས།།

རྗེ་ཁྱེད་དྲན་ནས་མཆོད་སྤྲིན་བཤམས།།

རྗེ་ཁྱེད་དྲན་ནས་གདུང་དབྱངས་འབོད།།

རྗེ་ཁྱེད་དྲན་ནས་མིག་ཆུ་ལུད།།

གནམ་གྱི་སེམས་དཔའ་གང་དུ་བཞུགས།།

བཟོད་པ་འབྲུག་གྲགས།

སྙིགས་དུས་འདྲེན་པའི་མཆོག་གྱུར་སངས་རྒྱས་སྨན་རི་བ།།

བསྟན་འགྲོའི་དོན་གྱིས་སྐུ་ཚེ་རྫོགས་པའི་རྒྱལ་སྲས་དངོས།།

ལུང་དང་རྟོགས་པའི་སྒྲོན་མེ་ཕྱོགས་ཀུན་སྦར་བའི་མགོན།།

རྟག་པ་སུན་བྱུང་མི་རྟག་ཚུལ་བསྟན་མཛད་པ་འདི།།

ལྔ་བདོ་དུས་ཀྱི་བསོད་ནམས་བྲི་པའི་ང་ཚོ་སྟེ།།

སྐྱོ་གདུང་ཆེ་ཞིང་ཤུགས་རིང་མོད་པའི་ཡིད་ཕམ་བཅས།།

དཔོན་གསས་དམ་པ་ཁྱོད་ལ་སྒོ་གསུམ་རྣམ་དག་གིས།།

གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས་ཤིག་བླ་མ་ལགས།

ལུང་རྟོགས་རིག་པའི་མཛོད་འཛིན་འཛམ་གླིང་གཙུག་གི་རྒྱན།།

བསྟན་པའི་གསལ་བྱེད་གྱེར་བསྟན་གདུཊ་དཀར་བསྙལ་མེད་འདེཊ།།

ཉི་མའི་མཚན་འཆང་ཞིང་ལ་ཕེབས་པའི་ངང་ཚུལ་འདིས།།

ས་ཆེན་སྡུག་གིས་མནར་ཞིང་མཆུ་མའི་རྒྱ་མཚོ་བསྐྱིལ།།

ཁྱེད་ཉིད་མ་བཞུགས་ཞིང་ཁམས་གཞན་དུ་གཟིགས་ན་ཡང་།།

གསེར་གྱི་ཁྱུང་ཆེན་ནུབ་ཀྱི་ཕྱོགས་སུ་འཕུར་ན་ཡང་།།

ཉི་མ་སེར་པོ་གངས་རིའི་རྩེ་ནས་ཡིབས་ན་ཡང་།།

སློབ་ཚོགས་ངེད་ཅག་ཐུགས་རྗེས་མ་འདོར་རིན་པོ་ཆེ།།

ཤེས་བྱ་རབ་གསལ།

བསླབ་གསུམ་རྣམ་དག་གསེར་སྦྱངས་ལྷུན་པོ་མཆོག།

རྣམ་གསུམ་བསྟན་པའི་མངའ་བདག་ཡིད་བཞིན་ནོར།།

རིགས་གསུམ་འདུལ་བྱའི་རྟག་འཛིན་བཅོམ་པའི་ཕྱིར།།

སྲིད་གསུམ་མགོན་པོ་བོན་སྐུའི་རྒྱལ་སར་གཤེགས།།

གཞུང་བརྒྱའི་གདམས་བཟང་བུམ་པ་གང་བྱོའི་ཚུལ།།

སློབ་འབངས་བརྒྱ་ཕྲག་དུ་མའི་སེམས་ངོགས་ན།།

བཀའ་དྲིན་བརྗེད་ཐབས་བྲལ་བའི་རྡོ་རིང་ཞེས།།

བཞེངས་པའི་སྐར་མ་འོད་ཆེན་གང་དུ་བཞུད།།

གཤེན་བསྟན་གཉེན་འཕྲང་སྐྱོབས་པའི་དཔའ་བོ་ཉིད།།

འཛམ་གླིང་བོན་འཁོར་བསྐོར་བའི་ཐུགས་བསྐྱེད་ཅན།།

གདོང་དམར་བོད་ཀྱི་མ་བགོས་སྤྱི་ཡི་ནོར།།

སྨན་རི་བ་ལགས་དག་ཞིང་གང་དུ་བཞུགས།།

རྒྱལ་ཀུན་མཁྱེན་བརྩེའི་ངོ་བོ་གཅིག་བསྡུས་ཤིང་།།

ཟབ་རྒྱས་ལུང་རྟོགས་བསྟན་པའི་མཛོད་འཆང་བ།།

སྐུ་ཚེ་ཧྲིལ་བོར་བསྟན་འགྲོའི་དོན་མཛད་པའི།།

མཁས་བཙུན་གྲགས་པའི་ཁྱུ་མཆོག་གང་དུ་བཞུགས།།