མགོ་ལོག་འཇམ་བློའི་རང་མཚང་ལེའུ་བཅུ་གསུམ་མ།

མགོ་ལོག་པ་རྡོ་རྗེ་རྒྱལ་མཚན་གྱིས།

བོད་ཀྱི་ཡུལ་དུ་བོད་ཀྱི་ནང་བའི་བསྟན།།

བོད་དང་འགྲོ་བའི་བསོད་ནམས་གཉེན་གཅིག་ཏུ།།

བོད་པའི་སྤྱི་ནོར་སངས་རྒྱས་གཡུང་དྲུང་བོན།།

བོད་འདིར་སྤེལ་མཛད་གཤེན་རབ་མི་བོ་མཆོད།།

རང་ཚུགས་མ་ཤོར་གཞན་སེམས་མ་དཀྲུགས་ཞེས།།

གདམས་ངག་གསེར་གྱི་ཐིགས་པ་རིན་བྲལ་མཆོག།

རང་གཞན་ཚང་མར་དངོས་སུ་གདམས་པའི་མགོན།།

ཆོས་རྗེ་ཡིད་བཞིན་ནོར་བུ་ནམ་ཡང་བཀུར།།

མཁས་པའི་བགྲོ་གླེང་མཁས་པར་མཛེས་པ་ལས།།

བླུན་པོ་ཅི་ཡང་མི་ཤེས་པ་ལ་མིན།།

གང་ལ་དགའ་བའི་ཆགས་སྡང་རྨོངས་གསུམ་གཏམ།།

དེང་གི་དུས་འདིར་ཤིན་ཏུ་མི་མཛའ་འོ།།

མཁས་པ་གཉིས་ཀྱིས་རིག་གཞུང་གླེང་ས་ནས།།

བླུན་པོ་གཅིག་གིས་གཟུ་དཔང་བྱེད་པ་དེ།།

དུས་ངན་མི་ངན་ལྟས་ངན་ཐན་བྱའི་སྐད།།

འཇམ་བློས་ངོ་ཚ་ཉོས་པའི་ལེའུ་རེད།།

གཞུང་ལུགས་མི་ཤེས་ཟེར་ནས་ཨག་སྐད་ཤོར།།

མི་ཤེས་ཤེས་མདོག་བྱས་པ་སྐྱོན་དུ་སོང་།།

གཟུ་བོར་གནས་པའི་དཔྱད་པ་མ་ནུས་པ།།

འཇམ་བློས་ཁྱི་སྐད་བཤད་པའི་ལེའུ་རེད།།

དྲང་གཏམ་ཡིན་ཞེས་ཡང་དང་བསྐྱར་དུ་བསྒྲགས།།

སྒྲོ་འདོགས་སྐུར་འདེབས་རང་བྱས་ངོས་མ་ཟིན།།

མཁས་རྣམས་གཟུ་བོའི་གསུང་འཕྲིན་རིག་མ་ཐུབ།།

འཇམ་བློས་འོལ་ཚོད་སྨྲས་པའི་ལེའུ་རེད།།

བསམ་བློ་སྔོན་དུ་བཏང་ནས་བཤད་མ་ཤེས།།

འགྱོད་པ་རྗེས་སྐྱེས་རང་ཚིག་རང་འགལ་བཤད།།

ཁ་ནས་ཅི་བཤད་ཁོག་ནས་མི་དྲན་པ།།

འཇམ་བློར་རང་ཚུགས་མེད་པའི་ལེའུ་རེད།།

ཁ་ཤགས་ཙམ་གྱི་ཚིག་གི་མཚོན་ཆ་དེ།།

ཁ་ནས་འཕེན་ཤེས་མཁས་པ་ག་ལ་ཡིན།།

ཁ་མཁས་ཨ་བོ་ནེའུ་ཙོའི་རིགས་ཀྱི་བུ།།

འཇམ་བློ་དུད་འགྲོར་སྐྱེས་པའི་ལེའུ་རེད།།

བླ་རུང་སྒར་ལ་ནས་སོང་ནས་བརྐུས་ཤིག་བྱས།།

མཁན་པོ་རྣམས་ལ་སྨད་དེ་གྱོད་ལ་ཐོགས།།

གོ་སྐབས་བཙལ་ཏེ་སྡར་སྐད་གནོངས་བཤགས་བྱས།།

འཇམ་བློས་སྐྱག་པ་ཤོར་བའི་ལེའུ་རེད།།

རྔ་ཡུལ་སྣང་དགོན་འཚོགས་ཆེན་འདུ་ཁང་གི།།

སྒོ་ཆེན་འོག་ཏུ་པད་འབྱུང་མནན་ཡོད་ཅེས།།

སྐད་འཕྲིན་བརྒྱུད་ནས་སྐུར་འདེབས་བྱས་པ་དེ།།

འཇམ་བློ་བོན་ལ་སྡང་བའི་ལེའུ་རེད།།

བོད་པ་ཕུ་དཀྲུགས་མདའ་དཀྲུགས་ནང་ནས་དཀྲུགས།།

མཁས་པར་སྐུར་འདེབས་ཕྱུག་པོར་ཕྲག་དོག་བྱེད།།

རྒྱུ་རིག་རྒྱུ་མ་འགུལ་བའི་རྒྱ་མ་བོད།།

འཇམ་བློ་ཁྱི་ཕྲུག་ཡིན་པའི་ལེའུ་རེད།།

རང་ཁྱིམ་འཁོར་བའི་འཚོ་བ་ཡ་རེ་ང་།།

གཞན་གྱིས་གཞུང་ལུགས་སྨྲ་སར་ཨེ་རེ་མཛའ།།

ཆུང་མའི་སྔུན་དུ་ཤིན་ཏུ་ཉམ་ཐག་པའི།།

འཇམ་བློའི་མི་ཚེ་སྐྱོ་བའི་ལེའུ་རེད།།

ཚིག་འགའ་སྒྲིག་ནས་བཤད་པ་ཁ་ཤགས་རེད།།

ཕར་ཕར་དེད་ནས་སོང་ན་སྟོང་བ་རེད།།

འདི་འདྲའི་མི་སྐད་ཙམ་སྨྲ་སྡུག་ཐུག་རེད།།

འཇམ་བློའི་མི་ཚེ་སྟོང་བའི་ལེའུ་རེད།།

ཁར་རྩང་སྐད་གསེང་མཐོན་པོའི་ལབ་ཅིག་བརྒྱབས།།

དེ་རིང་ཉམ་ཐག་སྒོ་ནས་དགོངས་དག་ཞུས།།

སང་ཉིན་གུས་གུས་ཞུམ་ཞུམ་བྱ་ཚུལ་འདི།།

འཇམ་བློ་མི་ཞིག་མིན་པའི་ལེའུ་རེད།།

བོན་པོས་ས་སྟེང་གང་བ་མ་ཚོར་བར།།

བོན་པོ་མིག་ལ་ཆུང་ནས་སྐད་ཅིག་བསྐུར།།

བོན་ཕྲུག་མཁས་པའི་དབང་པོར་སྐྱོན་མཚང་བྲུས།།

འཇམ་བློས་ནོར་འཁྲུལ་བཟོས་པའི་ལེའུ་རེད།།

རང་བཤད་རང་འགན་ཨེ་ཐག་བལྟ་རྒྱུ་རེད།།

མི་ཐེག་ཁ་རོགས་བསྡད་ན་བདེ་རྒྱུ་རེད།།

བླུན་པོ་སྨྲ་བ་ཉུང་ན་མཛའ་རྒྱུ་རེད།།

འཇམ་བློར་གོ་བརྡ་སྤྲད་པའི་ལེའུ་འོ།།

༢༠༡༧.༡༠་༡༡ མགོ་ལོག་པ་རྡོ་རྗེ་རྒྱལ་མཚན་གྱིས།