ལམ་རིམ་བསྟན་པའི་བདག་པོ་༧སྐྱབས་རྗེ་ཕ་བོང་ཁ་པ་བདེ་ཆེན་སྙིང་པོ་མཆོག

གཞུང་བརྒྱ་སྨྲ་བའི་དབང་ཕྱུག་མཁན་ཆེན་བྱམས་པ་ཆོས་གྲགས།

ལུང་རིག་གཏེར་གྱི་བང་མཛོད་མཁན་ཆེན་བློ་བཟང་བསྟན་སྐྱོང་མཆོག

མང་ཐོས་འདུལ་འཛིན་ཆེན་མོ་ཁྲི་ཆེན་དབང་ཕྱུག་རྒྱལ་མཚན།

རིག་པ་སྨྲ་བའི་ཁྱུ་མཆོག་དགེན་བློ་བཟང་ཆོས་འབྱོར།

ལྕགས་ཟམ་དགའ་ལྡན་ཐུབ་བསྟན་དར་རྒྱས་གླིང་དུ་དགེ་བཤེས་ཐོག་མར་བཞེས་པའི་དགའ་སྟོན།

དེ་རིང་སྟེ་བོད་རབ་བྱུང་༡༧ པའི་མེ་བྱ་ལོའི་ཟླ་བ་༩ པའི་ཚེས་པ་༡༥ མེ་རླུང་སྟོབས་ལྡན་སྦྱོར་བའི་ཚེས་བཟང་ཉིན་ལྕགས་ཟམ་དགའ་ལྡན་ཐུབ་བསྟན་དར་རྒྱས་གླིང་དུ་ཐུབ་གླིང་ཁྲི་རབས་ཉེར་གཅིག་པ་༧རྗེ་བཙུན་དབང་ཕྱུག་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས་དགེ་བཤེས་མཚན་བཏགས་བཞེས་མཛད་པ་དང་།
སང་ཉིན་ཚེས་༡༦ ཉིན་རབ་འབྱམས་པ་༧དགེན་བློ་བཟང་ཆོས་འབྱོར་ལགས་དགེ་བཤེས་མཚན་བཏགས་བཞེས་རྒྱུ་རེད། ཁོང་རྣམ་པ་གཉིས་ཀས་ངེས་པ་དོན་གྱི་མཁན་ཆེན་རིམ་བྱོན་རྣམས་ཚུལ་བཞིན་བསྟེན་ཅིང་ལོ་ངོ་བཅུ་ཕྲག་འགའ་ལ་བརྩོན་འགྲུས་ཆེར་བསྐྱེད་མཛད་ནས་དབུ་ཕར་འདུལ་མཛོད་ཚད་མ་སྟེ་གཞུང་ཆེན་བཀའ་པོད་ལྔ་ལེགས་པར་སྦྱངས་པའི་འབྲས་རྟགས་སུ་འཚོགས་མང་ལ་དམ་འཇོག་དང་འབྲེལ་བོད་བརྒྱུད་ནང་བསྟན་གྱི་ཤེས་ཡོན་པ་མཐོ་གྲལ་གྱི་མཚན་ཐོབ་དགེ་བཤེས་ཀྱི་མཚན་བཏགས་ཐོག་མ་བཞེས་པའི་སྐལ་བཟང་ཤར་བ་འདི་ནི་བསྟན་པ་སྤྱི་སྒེར་དང་ལྷག་དོན་དུ་ང་ཚོའི་སྡེ་དགོན་ལ་མཚོན་ན་ཧ་ཅང་གི་དོན་སྙིང་ལྡན་པའི་སྔར་མེད་ཀྱི་ལེའུ་གསར་པ་ཞིག་དང་། མ་འོངས་ཆོས་རིག་གི་དགའ་ཚལ་རྒྱས་པའི་སྔོན་འགྲོའི་སྟ་གོན་ཡང་ཡིན་པས་་བློ་གཟུ་བོར་གནས་པ་ཞིག་ཡིན་ན་དགའ་ཞིང་མགུ་བ་སྐྱེ་བའི་གནས་ཀྱི་དམ་པ་མཐོང་ངོ་།།
ཞེས་པ་འདི་སྤྱི་ལོ་༢༠༡༧ལོའི་ཟླ་༡༠པའི་ཚེས་༥ ཉིན། དྷཱིཿཀུན་ཁྱབ་ཀྱིས།