ཡུལ་དེ་ཐོག་ཐོའི་གཞུང་ལ་།

ནམ་དུས་དབྱར་མིན་དགུན་མིན་།

ད་ལྟ་ཉི་མའི་ཚ་ཤུགས་།

ད་ལྟ་ཁ་བའི་དྲང་ངར་།

ནེའུ་གསེང་གཡུ་ཡི་རྒྱན་ཆ་།

སྣུམ་མདངས་ཐོན་དགོས་བསམ་ཡང་།

ཁ་བ་བུ་ཡུག་ཚུབ་དུས་།

སྤང་གི་མཚོན་དོག་ཤོར་སོང་།

མེ་ཏོག་སྤང་རྒྱན་སྔོ་ཆུང་།

སྤང་ལ་བཞད་དགོས་བསམ་ཡང་།

ཞལ་ཁ་ཕྱེ་ལོང་མི་འདུག་།

རྩ་བ་ཁྱག་གིས་བསྡམ་སོང་།

མཚོ་བོད་ལྕགས་ལམ་སྟེང་ལ་།

ཕོ་གཞོན་མོ་གཞོན་འཛོམས་འདུག་།

ཁ་ལོ་སྣ་ལོ་མཚར་བ་།

དཔྱིད་ཀྱི་མྱུ་གུ་འདྲ་བྱུང་།

ཁ་ལོ་མཚར་པོ་ཡོད་ཀྱང་།

སྒེག་ཉམས་ཐོན་རྒྱུ་མི་འདུག་།

བྱང་ཐང་ལྷགས་པས་འདེད་དུས་།

མཁུ་རུས་དམར་སྨུག་ཆག་འདུག་།

སྤང་གི་མཚོན་མདོག་འགྱུར་དུས་།

མེ་ཏོག་བཀྲག་མདངས་ཤོར་དུས་།

སྐྱིད་པའི་ཕ་ཡུལ་དྲན་བྱུང་།

ཡངས་པའི་སྤང་ལྗོངས་དྲན་བྱུང་།

ཞིམ་པའི་ཤ་མར་དྲན་བྱུང་།

ཐག་རིང་མི་ཡི་ཡུལ་ནས་།

དྲན་པའི་སྐྱོ་གླུ་ཐོར་སོང་།

བྱ་དེ་ལྷ་བྱ་དཀར་པོ་།

བདག་གི་སྐྱོ་གླུ་ཚིག་གསུམ་།

བསན་པའི་འདུན་པ་ཨེ་ཡོད་།