བརྡ་སྦྱོར་མེད་པའི་སྦྱིན་གཏོང་།

美友1788425

བརྡ་སྦྱོར་མེད་པའི་སྦྱིན་གཏོང་།

རྩོམ་ཁུངས། ཡ་ཧུ་དཱ་པའི་བྱིས་སྐྱོང་སློབ་གསོའི་དེབ།

ཡིག་སྒྱུར་བ། གྲུ་ཆུང་།

མགྲོན་པོ་ཆེས་མང་བའི་ཉིན་གུང་གི་དུས་ཚོད་གཡོལ་སོང་། ནམ་རྒྱུན་འཚང་ཁ་ཆེ་བའི་ཟ་ཁང་ཆུང་ཆུང་དེའི་མགྲོན་པོ་དག་སོང་ཚར་བ་ན། ཡ་ཧུ་དཱ་པ་རིགས་ཀྱི་སྦྱིན་བདག་དེས་དབུགས་ལྷོད་ལྷོད་ཀྱིས་ཚགས་པར་ལ་ལྟ་དགོས་སྙམ་དུས། མགྲོན་པོ་གཉིས་ནང་དུ་ཐོན་བྱུང་།

དེ་ནི་ཨ་ཕྱི་ཞིག་དང་བུ་ཆུང་ཞིག་རེད།

ཨ་ཕྱིས "སྐམ་ཤའི་ཁུ་བ་དཀར་ཡོལ་གང་ལ་སྒོར་ག་ཚོད་ཡིན་ནམ"ཟེར་ཞོར་དང་སྒོར་ཁུག་བླངས་ནས་སྒོར་མོ་རྩི་ཞོར་རླངས་པ་ཐུ་ལུ་ལུ་བྱེད་པའི་ཤ་ཁུ་དཀར་ཡོལ་གང་ཁྱེར་ཡོང་དུ་བཅུག

ཨ་ཕྱིས་དཀར་ཡོལ་ཚ་བོའི་མདུན་དུ་དེད་བྱུང་། བུ་ཆུང་གིས་ཁ་ཆུ་མིད་ཞོར་དུ་ཨ་ཕྱི་ལ"ཨ་ཕྱི། ཁྱེད་ཀྱིས་དངོས་གནས་གུང་ཟས་ཟོས་ཟིན་པ་ཡིན་ནམ"ཞེས་འདྲི།

ཨ་ཕྱིས་ལ་ཕུག་གི་བསྙལ་ཚལ་ཞིག་དལ་གྱིས་དམུར་ཞོར་དུ"ལོས་ཟོས"ཞེས་བཤད། མིག་རྡེབ་དབང་ཙམ་གྱི་རིང་ལ་བུ་ཆུང་གིས་ཁུ་བ་དཀར་ཡོལ་གང་བོ་བཏུངས་ནས་དཀར་ཡོལ་ངོས་ཀྱང་གཙང་མར་བཏང་།

སྦྱིན་བདག་གིས་རྣམ་པ་དེ་མཐོང་རྗེས། ཁོང་གཉིས་ཀྱི་གམ་དུ་སོང་ནས"ལྕམ་མོ་རྒན་པ་ལགས། ཁྱེད་ལ་རྟེན་འབྲེལ་ཞུ། དེ་རིང་ཁྱེད་ཀྱི་ལས་ངོ་མ་བཟང་། ཁྱེད་ནི་ང་ཚོའི་མགྲོན་པོ་ཨང་བརྒྱ་ཐམ་པ་བ་དེ་ཡིན་པས། དེར་རིན་མེད་ཟས་འབུལ་ཡིན"ཞེས་བཤད།

དེ་ནས་ཟླ་གཅིག་ལྷག་འགོར་བའི་ཉིན་ཞིག་ལ། བུ་ཆུང་དེ་ཟ་ཁང་གི་ཁ་གཏད་དུ་ཙོག་ནས་གང་ཞིག་རྩི་བཞིན་པ་འདྲ་བ་དེས་བྲེལ་གསེང་ནས་སྒེའུ་ཁུང་གི་ཕྱི་རོལ་དུ་ལྟ་བའི་སྦྱིན་བདག་ཡ་མཚར་དུ་བཅུག་སོང་།

མ་བསམ་ས་ནས་བུ་ཆུང་དེས་མགྲོན་པོ་རེ་ཟ་ཁང་དུ་སོང་ཚེ་རང་གིས་ཐང་ལ་བྲིས་པའི་སྒོར་ཐིག་ནང་དུ་རྡེའུ་ཞིག་འཕེན། འོན་ཀྱང་ཉིན་གུང་གི་དུས་ནི་གཡོལ་ལ་ཉེ་ན་ཡང་། ད་དུང་རྡེའུ་ལྔ་བཅུ་ལའང་བསླེབས་མི་འདུག

བྲེལ་བ་ལངས་པའི་སྦྱིན་བདག་གིས་རང་གི་མགྲོན་པོ་ངོ་ཤེས་དག་ལ་ཁ་པར་བཏང་ནས་ན་རེ། "བྱ་བར་བྲེལ་བ་ཆེའམ། དོན་དག་མེད་ན་འདིར་ཤོག་དང་། དེ་རིང་ངས་ཁྱེད་ལ་ཁུ་བ་དཀར་ཡོལ་གང་གིས་མགྲོན་བྱ"ཟེར། འདི་ལྟར་མི་མང་པོ་ཞིག་ལ་ཁ་པར་བཏང་རྗེས། མགྲོན་པོ་རྣམས་གཅིག་རྗེས་གཉིས་མཐུད་དུ་ཐོན་བྱུང་།

"གྱ་གཅིག གྱ་གཉིས། གྱ་གསུམ་་་་་་་"བུ་ཆུང་དེས་རྡེའུ་བརྩིས་པ་ཇེ་མང་ནས་ཇེ་མང་དུ་གྱུར།

མཐར་རྡེའུ་གོ་དགུ་བ་དེ་སྒོར་ཐིག་ནང་དུ་འཕངས་བྱུང་། སྐབས་དེར། བུ་ཆུང་དེས་མགྱོགས་པོར་ཨ་ཕྱིའི་ལག་པར་འཇུས་ཏེ་ཟ་ཁང་དུ་ཁྲིད།

"ཨ་ཕྱི། ཐེངས་འདིར་ངས་ཁྱེད་ལ་མགྲོན་བྱ་རྒྱུ་ཡིན"ཞེས་བུ་ཆུང་དེས་ཅུང་ཡིད་ཚིམས་པའི་ངང་བཤད། མགྲོན་པོ་ཨང་བརྒྱ་ཐམ་པ་བར་གྱུར་བའི་ཨ་ཕྱིས་བུ་ཆུང་ལ་རླངས་པ་ཐུ་ལུ་ལུ་བྱེད་པའི་སྐམ་ཤའི་ཁུ་བ་དཀར་ཡོལ་གང་གིས་རང་ལ་མགྲོན་བྱེད་དུ་བཅུག ཡིན་ན་ཡང་བུ་ཆུང་དེས་སྔོན་མའི་ཨ་ཕྱི་དང་འདྲ་བར་ལ་ཕུག་གི་བསྙལ་ཚལ་ཞིག་ལྡད་བཞིན་འདུག

"ད་དུང་དཀར་ཡོལ་གང་བུ་ཆུང་གན་ལ་སྐྱོལ་ཅིག"ཅེས་སྦྱིན་བདག་མ་སྙིང་རྗེ་སྐྱེས་ཏེ་དེ་ལྟར་བཤད།

"བུ་ཆུང་དེས་ད་ལྟ་ཅང་མ་ཟོས་ཀྱང་འགྲངས་པའི་གནས་ལུགས་ལ་སློབ་སྦྱོང་བྱེད་ཀྱིན་འདུག་ཨང་"ཞེས་སྦྱིན་བདག་གིས་དེ་ལྟར་ལན་བཏབ།

ཞིམ་སྣང་གིས་ཟ་བཞིན་པའི་ཨ་ཕྱིས་ཚ་བོ་ལ"ཅུང་ཙམ་ཁྱོད་ལ་འཇོག་གམ་མི་འཇོག"ཟེར།

མ་བསམ་ས་ནས་བུ་ཆུང་གིས་རང་གི་ལྟོ་བར་རྡེབ་རྡེབ་འགའ་བྱས་ཏེ་ཨ་ཕྱི་ལ"མི་དགོས། ང་རྒྱགས་དྲགས་འདུག ཨ་ཕྱི་ཁྱེད་ཀྱིས་ལྟོས་དང་་་་་་།"