སྙན་ངག་ཐུ་བ་གང་།

美友4870716

༄༅།།སྙན་ངག་ཐུ་བ་གང་།

[ལྷོ་ཁ]ནག་པ།

འཇག་རྩྭ།

ས་ནག་གི་སྲུབས་ཀར་བཏབ་པའི་རེ་བ་ཞིག

རླུང་ཡན་གྱིས་བུད་ཅིང་ཆུ་ལོག་གིས་རྡེག

བྲག་རྡོ་འདྲ་བའི་དད་པའི་ཁུག་པ་ནས། མུ་མཐུད།

མཐིང་མདོག་གི་ནམ་མཁའ་ལ་ཕྱོགས་ནས་ཨུ་ཚུགས་ཀྱིས་འབུད།

རྡོ་བོ།

པུས་མོ་ས་གཞི་ལ་བཙུགས།

སྤྱི་བོ་གནམ་རྒན་ལ་བསྟན།

དགའ་བ་འདྲ་ལ་སྐྱོ་བར་རྟོག་པའི་འཇག་མའི་གླུས།

དཔྲལ་བ་རུ་ཤུལ་ལམ་ཞིག་འཐེན་ཡང་།

སེམས་ཀྱི་རྟ་པོ་ཁ་ཡན་གྱི་རླུང་དང་འབྲལ་མ་མྱོང་།

དར་ལྕེ།

བདེན་པ་བདར་བའི་མེ་ལོང་དེ་ནམ་མཁའ་ཡིན་ནམ།

དྲང་བདེན་སྐྱོང་བའི་ཨ་ལོང་ཆག་ཧྲུལ་དེ་ལ་བཙས་ཡིན་ནམ།

རླུང་བུ་ལ་ཁ་ཟེར་ཞིང་རང་ཉིད་ཀྱི་ལྕེ་ཡང་ཟད།

རང་འདོད་ལ་ཞེ་བསུན་ནས་སྟོང་དབྱིངས་སུ་སྲོག་ལྷུང་།

ཨ་ཡིག་ལས་འཕོས་པའི་སྨོན་པ་རིང་པོ།

ཉིན་མཚན་དབྱེ་མཚམས་མེད་པའི་ལྷ་རི་ནས་གྱེར་མཚམས་མི་འཇོག

དབྱར་ནང་གི་སྤྲིན་པ།

གསང་གསང་གིས་འགྱུ་བའི་ལྷ་བྱ་དཀར་པོ།

རི་བོའི་སྤོ་ནས་ཅི་ཞིག་ལ་འཕུར་འགྲོ།

རྟ་ཕོའི་འགྲོས་ཆེན་ས་གཞིར་མ་བརྡུངས་གོང་།

ཐག་རིང་གི་སུ་ཞིག་ལ་ཁ་བརྡ་འཐེན་པར་འགྲོ།

ཨ་མ་ལོག་མེད། ཞིང་ཆུང་རམ་པས་ཁེངས་འདུག

གཅུང་མོ་དང་འདྲ་བའི་དབྱར་ནང་སྤྲིན་པ་ཁྱོད།

ཐན་རླུང་ལྡོམ་པོ་མ་ལྡང་གོང་།

སེམས་ཁ་དོག་མོ་མ་འཁྲུགས་གོང་།

སྐྱིད་སྡུག་གི་གཏམ་རྒྱུད་རུམ་དུ་བཅུག

ཐོབ་ཤོར་གྱི་བསྟན་བཤིག་ཕྲག་ཏུ་འཁུར།

སེམས་ངོ་ཐང་བའི་མ་ཁྱིམ་དུ་ལོག་དགོས།

བག་ཕེབས་རྙེད་སའི་ཕ་གཞིས་ལ་ལོག་དགོས།

རླུང་དར།

མེས་པོའི་ལྷ་རི།

རྡོ་བོ་ཡིས་བཞེངས་འདུག

རྡོ་བོའི་འཇམ་ཤ

དུས་ཚོད་ཀྱིས་བལྡགས་འདུག

ཤུལ་དུ་ལུས་པ།

སྙིགས་ནས་སྙིགས་སུ་འགྲོ་བའི་རླུང་རྟ་རེད།

རླུང་རྟ་འགྱུར་སོང་།

ལྷ་རིའི་རླུང་རྟ་འགྱུར་སོང་། དེ་ཡི་འཕྲོར་

ཤུ་གླུ་འདྲ་བའི་སྙན་ངག་རུམ་གང་།

བདག་གི་རྣ་བའི་བུ་གར་བཙན་གྱིས་འཚང་།

རི་ལམ་སྐྱ་མོ།

རི་ལམ་སྐྱ་མོ།

ཆུ་ཡིས་བྲུབས་སམ།

ཡང་ན་མེས་པོའི་ཤུལ་ལམ་ཡིན།

འགྲོ་ལྕག་དཀའ་བའི་ལམ་སྐྱ་བོ།

ཡ་ངའི་གཟུགས་ཀྱིས་མིག་ལམ་དུ་ཤར།

རི་ལམ་སྐྱ་མོ།

དར་རྟིང་གིས་དྲུས་སམ།

ལྷས་ཟོན་གིས་གཤགས།

རི་སྐེད་ནས་བྲིས་པའི་རྨི་ལམ་གྱི་ཁ་དོོག་ཅིག

སེམས་ཀྱི་མཐར་ཐུག་ན་འཇམ་ཅག་གེར།

སེམས་ཡན།

ཐད་འཕུར་མཁའ་གྲུ་བསྐོར་ལོག་ཏུ་འཕུར་རྗེས།

ནམ་མཁའ་སྔོན་པོའི་ཁུ་སིམ་ཁད་ཀྱིས་དཀྲོགས། དུས་དེར།

ཐ་སྙད་མང་པོའི་བཙན་རྫོང་གི་ཀློང་ནས།

བྱ་སྤུ་འདྲ་བའི་སེམས་པ་ད་དུང་ལོག་མལ་མ་རྙེད།

དེ་ལྟར། སྦར་མཐིལ་ཙམ་གྱི་ནམ་མཁའ་འམ།

གནམ་སྟོང་འདྲ་བའི་སྦར་མཐིལ་ལ།

སོ་ཇི་ཙམ་བཏབ་ཀྱང་ཐེབས་ཐབས་མ་རྙེད།

ད་ནི་གང་ཡིན་ཡང་ཡིན་དུ་ཆུག

སེམས་པ་ཁྱོད་སྙིང་གི་གདན་དུ་ལྷོད་ཀྱིས་བཞུགས་རོགས།

ཉོག་པའི་ལྟེང་ཀ

ཆར་པ་གཤིན་པོ་ཞིག་བབས་རྗེས།

རི་ལུང་མ་ལུས་སྣུམ་ཤིག་གེར། ཐ་ན།

དར་རྒྱུག་ཧྲུལ་པོ་དག་ལའང་འཇམ་ཤ་ཐོན།

སྐབས་དེ་དུས།

མཐོན་པོར་གཟེངས་པའི་བྲག་གི་ཀོང་བུ་སྟེ།

མཆི་ཞག་དྭངས་མོའི་མིག་གི་ལྟེང་ཀ

སེམས་ཀྱི་གཤིན་ས་རུ་ཟླུམ་པོར་འཁྱིལ།

གནམ་སྔོན་པོ་དང་སྤྲིན་དཀར་པོ། དེ་ན་

མེ་ལོང་ནས་བཞད་པའི་མེ་ཏོག་རེད།

ག་ལེར། མགོ་བོ་བཏེགས་ནས་རི་གཤམ་གྱི་བརྒྱ་གྲོང་ལ་ལྟ་དུས།

སེམས་ཀྱི་ལྟེང་ཀ་ལག་པས་ཉག་ཉོག་ཏུ་རྙོག་པར་ཐལ་སོང་།

སེམས་ཀྱི་རིང་ས་ན།

གནམ་ཐག་གིས་ཡུག་གཅིག་ཏུ་སྦྲེལ་ལ།

སེམས་ཀྱི་རིང་སར་བཞེངས་པའི་རྒྱལ་བ་ལྔ་པའི་འཁྲུངས་ཁང་།

ཡར་ཀླུང་གི་ཞིང་ཐང་གཅལ་དུ་བཀྲམ་ནས།

ཟླ་བ་སྒྲོལ་མ་ཞེས་པའི་མཛེས་མའི་སྒྱུ་འཕྲུལ་ལ་གཟིགས།

སྒྱུ་འཕྲུལ་གྱི་བང་རིམ་ཟབ་ས་ནས།

རྦ་རླབས་དང་རྦ་རླབས་འདྲ་བའི་གྲོང་གི་གཙང་པོ་འཕྱུར།

སྔོ་ལྗང་དང་མངའ་ཐང་གི་འཕྱིང་བ་སྟག་རྩེ།

འཚང་ཁ་དོག་པའི་གྲོང་གི་རླབས་རྒྱུན་ཁྲོད། ད་གཟོད།

མུན་དོང་དུ་བཙུད་པའི་ཉེས་ཅན་ཞིག་དང་འདྲ།