བཀྲ་ཤིས་ལྷ་དར་ཞི་བདེ་མགྲོན་ཁང་ནི་གནའ་བོར་རི་དྭགས་གཙོད་ཀྱིས་ཁེངས་པའི་གནས་མཆོག་སྟེ།ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར།རིག་གནས་ཀྱི་ལྟེ་བ་རུ་གྱུར་བའི་གཙོས་གྲོང་ཁྱེར་ལྷོ་རྒྱུད་རྡོ་དཀར་ལམ་མཚམས་སུ་ཆགས་ཡོད།མགྲོན་ཁང་འདི2013ལོ་ནས་འཛུགས་སྐྲུན་གྱི་འགོ་བརྩམ་ཞིང་གཞི་ཁྱོན་ཆེན་པོ་དང་།ཡ་མཚར་བའི་གནའ་བོའི་རྩིག་བཟོའི་བཀོད་པ་དང་དེང་རབས་ཀྱི་བཟོ་ལས་ཟུང་འབྲེལ་བགྱིས་པས་གནའ་བོའི་རྒྱལ་རབས་ཀྱི་སྟོབས་འབྱོར་རྟོགས་ཐུབ་ལ།བོད་རང་གི་རིག་གནས་ཤིག་གི་དར་རྒུད་ཀྱི་ལོ་རྒྱུས་ཀྱང་མཚོན་ཡོད།

གནའ་དེང་ཟུང་འབྲེལ་གྱི་བཟོ་བཀོད་ངོ་མཚར་བའི་མགྲོན་ཁང་གི་ཕྱིའི་རྣམ་པ།

མཚན་མོར་སླེབས་དུས། བཀྲ་ཤིས་ལྷ་དར་ཞི་བདེའི་མགྲོན་ཁང་ནི་གསེར་གྱི་ཕོ་བྲང་ཆུང་ཆུང་ཞིག་ཡིན།

རྒྱལ་སྲས་སམ་ཙོང་ཁའི་རྒྱལ་པོ་ངོ་སྤྲོད་མདོོོར་བསྡུས།唃(gu)厮啰

མགྲོན་ཁང་གི་རྩིག་བཟོའི་བརྗིད་ཉམས་ལས། གནའ་བོའི་དགའ་བཞི་འཕྲུལ་གྱི་ལྷ་ཁང་གི་ཁྱད་ཆོས་མངོན་ཡོད།

སྒོ་བཞིའི་དཀྱིལ་འཁོར་རུས་སུ་བྱེད་པས་བླ་མ་དགའ།།

ཀ་བ་ཕུར་བའི་དབྱིབས་སུ་བྱེད་པའི་སྔགས་པ་དགའ།།

ཟུར་བཞི་གཡང་དྲུང་རིས་སུ་བྱེད་པའི་བོན་པོ་དགའ།།

མིག་མངས་རིས་སུ་བྱེད་པའི་བོད་རྣམས་དགའ།།

ལུས་སེམས་བདེ་ལ་འགོད་པའི་ཁོར་ཡུག་གི་གཟི་མདངས།

ཡབ་མེས་ཀྱི་ཤེས་རབ་ལས་ཐོན་པའི་བཟོ་ཡི་མཐུ་རྩལ།

བོད་ཚང་གླིང་ལ་བསྐྱལ་བའི་དྲིན་ཆེན་མངའ་བདག་རྗེ།

བཀྲ་ཤིས་ཕྱྭ་གཡང་འགུགས་པའི་རྟེན་འབྲེལ་གྱི་སྲུང་བ།

ཞབས་ཞུའི་རྣམ་འགྱུར་བཟང་ཞིང་རོ་བརྒྱའི་ཟས་མཆོག་བཅུད་དང་ལྡན་པའི་རྩྭ་ཐང་གི་བཞེས་སྒྲོན་དང་ལྷ་དར་ཟས་མཆོག་གླིང་།

རྩྭ་ཐང་གི་བཞེས་སྒྲོན།

ལྷ་དར་ཟས་མཆོག་གླིང་།

རང་ཁྱིམ་ལྟ་བའི་དྲོད་ཁོལ་རྙེད་ཐུབ་པའི་གཟིམ་ཤག་གི་རྣམ་པ།

བོད་ལུགས་གཟིམ་ཤག

གཟིམས་ཤག་དཀྱུས་མ།

འབྲེལ་གཏུགས་ཁ་པར། 0941--3181111

0941--3601111