འཕྱོ། @

[ལྷོ་ཁ] ནག་པ།

བྱེའུ་ཕྲུག་ཅིག་དང་འདྲ་བར།

ཚང་ནས་ཐོན་ཏེ་ཐང་ལ་ལྷུང་།

བྱ་སྤུ་མ་སྐྱེས་དམར་ཧྲེང་ངེར།

འཇིག་རྟེན་གྱི་མེ་ལོང་དུ་བཀར།

མེ་ལོང་དོག་དྲགས་སམ།

གཤོག་པ་ཆེ་དྲགས།

ས་སྟེང་ན་འཕྱོ་དགོས་པ་ཡ་ང་ཞིག་གི་བསྡུས་གཟུགས་ཉིད།

འཕྱོ།

སྟོན་གྱི་སྡོང་ལོ་བཞིན་འཕྱོ།

ཁ་ཕྱོགས་མེད་པར་འཕྱོ།

རེ་བ་མེད་པར་འཕྱོ།

ཨ་ཨ། ད་ནི་བདག་གི་ཕ་སྐད@དེ་ཡང་དྲན་བྱུང་།

ཁ་བྱང་འགྲེལ་བ། མི་རྒས་ན་ཡུལ། བྱ་རྒས་ན་ཚང་།

ཕྲན་དཔྱད། ཕ་སྐད་ནི་བརྡ་རྟགས་ཤིག་སྟེ། བྱེའུ་ལ་མཚོན་ན་ཁོའི་མཆེད་ཁུངས་ལ་གོ། འོན་ཏེ་མཆེད་ཁུངས་བརླགས་དུས་མཆེད་ཁུངས་ནི་ཅི་འདྲའི་མེད་དུ་མི་རུང་བ་དེ་མ་ཡིན་ནམ། བྱེའུ་དམར་འབྱར་གྱིས་བོར་བ་ནི་ཏག་ཏག་རང་ཉིད་ཀྱི་ཨ་མ་དང་རང་ཉིད་ཀྱི་མཆེད་ཁུངས་ཡིན། དེ་བས་ད་ནི་བདག་གི་མཆེད་ཁུངས་དེ་ངེས་པར་དྲན་འོངས་མོད། འོན་ཏེ་གོ་རྟོགས་ཡོད་ཚད་འགྱོད་པ་དང་གདུང་བ་ཞིག་ཏུ་འགྱུར་དུས་གདུང་བ་དེའི་ཕ་མཐའ་ད་དུང་ག་ན་ཡོད།