༢༠༡༧ལོར་གཏན་ལ་ཕབ་པའི་ཡིག་ཆ།འདབ་པ་མི་དམངས་སྲིད་གཞུང་གཞུང་ལས་ཁང་ནས་འགྲེམ་སྤེལ་བྱས་པ།

ད་དུང་ལག་བསྟར་བྱས་མེད་པའི་ཡུལ་སྐོར་ལྗོངས་རྒྱུའི་ལྟེ་གནས་ཀྱི་རླངས་འཁོར་འབབ་ཚིགས་ཁང་ཆེན་སྟེང་ན་ཡོད་པའི་དབུ་ཁྱུད་མེད་པའི་ཡི་གེ་ཁེར་རྐྱང་།

གཞན་གྱིས་བཤད་ན་གླུ་གར་ཁང་འདི་ནི་མ་རྩ་སྒོར་དུང་ཕྱུར་འགའ་བཀོལ་བའི་ཕལ་ཆེར་སི་ཁྲོན་ནས་ཧ་ཅང་ཆེ་བའི་ནང་མ་ཞིག་ཡིན་པར་སྨྲ།ཡིན་ཡང་བསམ་བཞིན་དུ་སྒོ་བྱང་འདི་འདྲའི་ཆེན་པོ་ཞིག་གི་སྟེང་ཡི་གེ་འདི་ལྟར་བཞག་ན་ལོ་ཙཱ་བའི་སྐྱོན་ཡིན་ནམ་ཡང་ན་ཡིག་ཆ་སྣང་མེད་དུ་བསྐྱུར་བ་ཡིན།

འགྲུལ་འཁོར་གཅིག་གི་སྟེང་ན་འབྲི་སྟེང་གཉིས།

གང་འདོད་ལ་བསམ་ཕྱོགས་ལྟར་བསྒྱུར་ན་ཐ་སྙད་གཅིག་གྱུར་ཟེར་བ་གང་ནས་གྲུབ་དགོས།ལོ་ཙཱ་བ་འདི་ཚོའི་ཡང་གཞུང་ལུགས་ལ་མི་བརྟེན་པར་བསམ་བསམ་དང་དྲན་དྲན་ལ་སྒོར་མོ་རེག་ཐབས་ཙམ་ལས་འདིའི་ནག་ཉེས་དང་ཉན་ཁ་སྤུ་ཙམ་ཡང་དྲན་གྱིན་མེད།ཡང་ཅིག་བཤད་ན་འདི་ལ་ཐད་ཀར་ཁུལ་རིམ་པའི་ལྟ་རྟོག་དང་འགན་ཁུར་བྱེད་པའི་རྐྱེན་ཡིནའང་འདྲ་གང་ལྟར་ཐ་སྙད་འདི་དངོས་སུ་ཡིག་ཆ་ན་གཏན་འཁེལ་བྱས་ཡོད་པ་དང་གང་འདོད་ལྟར་མི་བསྒྱུར་བ་དང་གཞན་གྱི་སེམས་ལ་འཛིན་ཐུབ་པའི་ཆེད་དུ་ཡིག་ཆ་ལག་ལེན་བྱེད་རྒྱུ་དང་འགོ་ཁྲིད་ཚོའི་ཐུགས་ཁུར་རེ་བྱས་ནས་ལོ་ཙཱ་བ་སྐྲག་རྒྱུ་མེད་ནོ་དེ་ཚོར་སློབ་གསོ་རེ་རྒྱག་རྒྱུ་སྙིང་ནས་བཀའ་དྲིན་ཆེ།