གལ་སྲིད་འཚོ་བས་ཁྱེད་རང་མགོ་སྐོར་གཏོང་ཡོང་ན།

རྩོམ་པ་པོ། ཕུས་ཞི་ཅིན། ཨུ་རུ་སུ།

ཡིག་སྒྱུར་བ། གཡུ་ཆུང་དྲུག་དཀར།

གལ་སྲིད་འཚོ་བས་ཁྱེད་རང་མགོ་སྐོར་གཏོང་ཡོང་ན།

ཡིད་མ་ཕམ། སེམས་མ་འཚུབ།

ཡིད་རྨུས་པའི་དུས་སུ་སེམས་པ་ལྷོད་དགོས།

ཡིད་ཆེས་བྱོས་དང་།

བདེ་སྐྱིད་ཀྱི་ཉི་མ་དེ་མི་འགྱང་བར་འཆར་ངེས།

སེམས་ཁ་འདི་ནམ་ཡང་མ་འོངས་པར་ཕྱོགས་ཏེ།

མིག་སྔར་རྒྱུན་དུ་སྡུག་བསྔལ་གྱིས་མནར་ཡོད་མོད།

འོན་ཀྱང་།

དེ་དག་ཡོད་ཚད་ནི་སྐད་ཅིག་གི་ཆོས་ཉིད་ལས་མ་འདས་ཤིང་།

ཡོད་ཚད་ཀྱང་བཞུད་རན་པའི་ལོ་རྒྱུས་ཀྱི་ངོ་བོར་གཏོགས་ཡོད།

འདས་ཟིན་པ་ཐམས་ཅད།

ཡིད་འོང་གི་དྲན་གསོ་ཞིག་ཏུ་འགྱུར་ངེས་སོ།།

《假如生活欺骗了你》

——普希金(俄国)

假如生活欺骗了你

不要悲伤,不要心急

忧郁的日子里需要镇静

相信吧,快乐的日子将会来临

心儿永远向往着未来

现在却常是忧郁

一切都是瞬息,一切都将会过去

而那过去了的

就会成为亲切的回忆