སྨན་རི་བ་མཁྱེན།

哲学专业者

࿐སྨན་རི་བ།

སྐུ་ཉིད་ཡུལ་ཁམས་ན་འཚོ་ཞིང་བཞུགས་དུས།

ཡུལ་ཁམས་ལ་འོད་ལམ་གྱིས་ཁེངས་བས།

འཁོས་དམན་གྱི་ང་ཚོ།

ན་བུན་དང་མུན་འདམ་གྱི་ཀློང་ན་འཚོ་མ་དགོས།

རིན་པོ་ཆེ།

མི་ཡུལ་གྱི་ཞིང་འདིར།

སྐུ་ཉིད་ཀྱི་ཐུགས་བརྩེ་བའི་རང་གཤིས་མངོན་པས།

ཡངས་བའི་འཇིག་རྟེན་གྱི་ཁམས་ན།

བདེ་སྐྱིད་ཀྱི་གསེར་ཞལ་ང་ཚོས་མཇལ།

རིན་པོ་ཆེ། དོན་ངོ་མ།

དོན་དམ་པའི་ཁྱེད་ནི།

ཅི་འདྲའི་རླབས་ཆེན་བ་ཞིག

ཉིད་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་དཔལ་ཡོན་དང་།

འཆད་རྩོད་རྩོམ་གསུམ་གྱི་མཛད་འཕྲིན་ནི།

རི་རབ་བཞིན་བརྗིད་ཆགས་ལ།

རྒྱ་མཚོ་བཞིན་གཏིང་ཟབ་པ་ཞིག་རེད་ཨང་།

རིན་པོ་ཆེ།

སྐུ་ཡི་མི་ཚེ་ཧྲིལ་བོ་བསྟན་དོན་ལ་བསྲིངས་བའི།

ཉིད་ཀྱི་མཛད་རྗེས་དང་ཕྱག་ལས་ནི།

ས་ཁྱོན་གོ་ལའི་ཡངས་སྟེང་ན།

མཐའ་ཡས་པའི་མཁའ་དབྱིངས་བཞིན།

གཞལ་ཐབས་བྲལ་བ་ཞིག་ཨང་།

རིན་པོ་ཆེ གློ་བུར་དུ།

སྐུ་ཉིད་བདེ་དབྱིངས་སུ་གཤེགས་དོན་ཅི་ལགས།

འཛམ་གླིང་གི་གསེར་གྱི་ཉི་གཞོན།

ཁྱེད་འདི་ལྟར་ནུབ་པ་སྔ་སོང་།

མུན་འཇོམས་ཀྱི་སྒྲོན་མེ་རྐང་གཅིག

ཁྱེད་ཉིད་འདི་ལྟར་གཟིམས་པ་སྔ་སོང་།

ཤུལ་ལུས་ཀྱི་ང་ཚོ།

ལས་དམན་གྱི་ང་ཚོས།

ད་ནས་སྡུག་ཡུལ་གྱི་ཁམས་ན་ཇི་ལྟར་འཚོ།

མགོན་མེད་སྐྱབས་མེད་ཀྱི་ང་ཚོས།

རྩེ་གཅིག་གསོལ་བ་སྙིང་ནས།

ཡང་སྤྲུལ་ཉི་གཞོན་འཆར་བའི་དུས་བཟང་ཞིག་སྒུག་ཡོད།

རིན་པོ་ཆེ མྱུར་དུ་ཕེབས་རོགས།

རིན་པོ་ཆེ སྤྱན་གྱིས་གཟིགས་ཤིག

རིག་ལྕི་གསལ་ནས།