དེ་རིང་།

ངའི་སེམས་ཁོངས་མཆིལ་མས་བརྣངས།

སོང་ཟིན་པའི་མནར་གཅོད་ཅིག་ལ།

འདང་རྒྱག་སྟེ།

མུ་ཏིག་ཐང་མལ་གདལ།

འདས་ཟིན་པའི་ལོ་རྒྱུས་ཤིག་ལ།

ཕྱི་མིག་སྦྱིན་ཏེ།

སྡུག་ཡུས་ངོ་གདོང་བསྐངས།

རང་གི་འཇོན་ནུས་ལ་ཡུས་ཤིང་།

མ་འོངས་བདེ་སྡུག་ལ་བསམ་ཞིང་།

ཡི་ཐང་ཆད།

མེས་པོས་ཁྲག་དང་རྔུལ་ཆུས་སྦྲུས་པའི།

མཁས་པས་ངལ་དུབ་ཆེད་དུ་བསད་པའི།

རྗེས་ཤུལ་རྨས་སོང་།

དུར་ཁུང་གི་འཁུན་སྒྲའི་ཀློང་ནས།

ཤི་མིག་གསོན་ལ་བསྒྲད་པའི་ཕག་ནས།

རེ་བཅོལ་དྲན་སོང་།

འབོད་བསྐུལ་གསལ་འདེབས་བྱས་སོང་་་་་་་་་་

ཚ་བརྒྱུད་རྣམས།

ད་དུང་།

དེས་ག་ལ་ཚད།

ཕ་མེས་ཚོའི་ཁྲག་དང་ཤ་པགས་འཐོར་ས་རུ།

ཡང་མེས་ཚོའི་རྐང་དང་རུས་པ་བརླགས་མལ་དུ།

ང་དང་ཁྱོད་ནི་ལྷག་མ་ཙམ་ཡིན་ཀྱང་།

སོས་དལ་ངང་བསྡད་སྤྲོ་འམ་་་་་་་་་་

དཔའ་བོ་ཚོའི་སྙིང་དང་སྤོབས་པའི་ཁྲག་རྒྱུན།

བྱས་པ་ཚོས་བསགས་དང་སྲུང་བའི་རྔུན་རྒྱུན།

རྙིང་ཧྲལ་གོག་ཐོ་ཙམ་ཤི་མ་གསོན་ལ།

གཡུགས་བྲའམ་་་་་

ལོ་རབས་དང་ལོ་རབས་ཀྱིས་བཅད་པའི་རྩ་ཆེན།

མི་རབས་དང་མི་རབས་ཀྱིས་བཞག་པའི་འགོང་ཆེན།

རིགས་དངོས་འཕྲོག་མ་བརླགས་པའི་ལྷག་ལུས་ཀྱང་།

བདག་མེད་བྱེད་དམ་་་་་་་

མཁས་པ་ཚོའི་ཤེས་བརྩོན་དང་མའི་ཉིང་བཅུད།

རིག་པ་ཅན་པས་བརྟག་དཔྱད་བཀྲབ་པའི་ཡང་བཅུད།

ཤོག་འཁྱར་ཙམ་ཕྱོགས་མེད་རླུང་གིས་བརྡས་ན།

གཏད་མེད་རྒྱལ་ཁམས་འགྲིམ་ན།

གཏོང་ཕོད་དམ་་་་་་་་་

སྡུག་རུས་ཅན་པས་ལོ་མང་སྒོམ་ཞིང་།

གྲུབ་ཐོབ་གོང་མས་ངལ་བརྒྱས་བཙལ་བ།

གདམས་ངག་གཅིག་ཆོག་ཡིན་བཞིན་ནོར་བུ།

སྐྱུག་ལུད་བཞིན་གཡུག་པའི།

རྒྱུན་ཆད་ལ་ཁད་པའི།

ང་དང་ང་ཚོ་ནི་ད་དུང་གཉིད་ལ་ཡུར་སོང་།

རྨི་ལམ་གྱིས་སླུ་བྲིད་ངང་།

བག་ཡངས་ངང་་་་་་་་

ར་རོའི་ངང་་་་་་་་

ཨ་ཁ་ཁ་་་

༢༠༡༥/༩/༡༠བསོད་ནམས་ཉི་མས།