༊ གྲུབ་དབང་རྫོགས་ཆེན་པ་མཁྱེན་ནོ། །

☀️佐钦根桑仁真 ✍

༈ གནས་བརྟན་འདུལ་འཛིན་ཆེན་མོ་སྐྱབས་རྗེ་བླ་མ་རིན་པོ་ཆེ ༧ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་ནམ་ཁྱབ་བདག་པདྨ་སྐལ་བཟང་མཆོག་གི་དྲུང་ནས་གྲུབ་དབང་རྫོགས་ཆེན་དགོན་གྱི་གདན་སའི་བཙུན་གཞོན་བརྒྱ་ཕྲག་གཅིག་ལྷག་ལ་དགེ་ཚུལ་གྱི་སྡོམ་པ་མནོས། ཀུན་ཀྱང་བསྟན་འགྲོའི་དཔལ་མགོན་དམ་པར་སྨིན་གྱུར་ཅིག །

2017。 9。

གནས་བརྟན་འདུལ་བ་འཛིན་པ་ཆེན་པོ།

ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་སྐྱབས་རྗེ་༧ ཁྱབ་བདག་པ་མཆོག་གི་མདུན་ནས་གྲུབ་དབང་རྫོགས་ཆེན་དགོན་གྱི་གྲྭ་གསར་བརྒྱ་ལྷག་གིས་དགེ་ཚུལ་གྱི་སྡོམ་པ་ཞུས་ཤིང་།

མ་འོངས་རྫོགས་བསྟན་གྱི་བསྟན་པའི་མིག་ལྟོས་དང་གྲུབ་དབང་རྫོགས་ཆེན་དགོན་གྱི་བསྟན་པའི་རྒྱལ་མཚན་བླ་རུ་བསྒྲེངས་པའི་ངོ་མཚར་མཛད་རྗེས་ལ་ཡི་རང་དང་།

རླབས་ཆེན་བསོད་ནམས་ཀྱིས་སྤུད་པའི་ངོ་མཚར་རྗེས་དྲན་དུ་ཕུལ་བའི་པར་རིས་ཁག་ཅིག

གུས་བསོད་སྦྱིན་ནས།🙏🙏🙏

བསླབ་པ་གསུམ་ལྡན་ངུར་སྨྲིག་འཛིན་པ་ཡི།།

འདུས་པའི་ཚོགས་ཀྱིས་གནས་འདི་ཡོངས་གང་ཞིང་།།

རྟག་ཏུ་བཤད་སྒྲུབ་བྱ་བ་སྲིད་མཐའི་བར།།

ཐུབ་བསྟན་ཕྱོགས་མཐར་ཁྱབ་པའི་བཀྲ་ཤིས་ཤོག།