གསུང་ངག་ལམ་འབྲས་ཐེངས་ལྔ་པའི་གཏང་རག་གི་ཉིན་མོ།

ཨེ་དུང་།💯

༄།འཇམ་དབྱངས་ས་ཆེན་གོང་མ་རྣམ་ལྔའི་བཞེད་སྲོལ། ཀུན་མཁྱེན་རྒྱལ་བ་གཉིས་པ་ངོར་ཆེན་རྡོ་རྗེ་འཆང་ཡབ་སྲས་ཀྱི་ཕྱག་བཞེས་འཁྲུལ་བྲལ། དཔལ་ས་སྐྱའི་ཟབ་ཆོས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་གི་བླ་མེད་རྡོ་རྗེ་ཐེག་པའི་ཆོས་འཁོར་ཟབ་རྒྱས་ཤིག འདི་ལོ་ངོར་ཨེ་ཝཾ་ཆོས་ལྡན་གྱི་དབྱར་ཆོས་རིང་ལ་དཔལ་ཨེ་ཝཾ་པའི་གདན་རབས་དོན་བརྒྱད་པ་མཁན་ཆེན་༧འཇམ་དབྱངས་ཐུབ་བསྟན་སྙིང་པོ་མཆོག་ནས་དབང་ལུང་ཁྲིད་མན་ངག་གི་སྨིན་གྲོལ་ཆ་ལག་དང་བཅས་པ་རེ་ཞིག་ཡོངས་སུ་རྫོགས་པར་གསུངས་པའི་བཀའ་དྲིན་གཏང་རག་གི་དུས་བཟང་ལ་མགོན་པོ་གང་ཉིད་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་འཕྲིན་ཕྱོགས་མཐར་ཁྱབ་པའི་སླད་མཎྜལ་སྐུ་གསུང་ཐུགས་རྟེན་དང་། བཀྲ་ཤིས་རྫས་བརྒྱད་དང་རྟགས་བརྒྱད་ལ་སོགས་འབུལ་གནང་མཛད་པའི་དུས་བཟང་གི་ཉི་མ་ལ་རྟེན་འབྲེལ་ཞུ།།

འཇམ་མགོན་བླ་མའི་མཁྱེན་རབ་མངའ་བས་རིག་པའི་གནས་ཀུན་མངོན་སུམ་གཟིགས། །

བརྩེ་བ་ཆེན་པོའི་ཐུགས་རྗེ་ལྡན་པས་མར་གྱུར་འགྲོ་ལ་རྟག་པར་དགོངས། །

རྗེ་བཙུན་ཆེན་པོའི་ཐུགས་ནུས་འདྲེས་ཕྱིར་མདོ་རྒྱུད་ཀུན་གྱི་ཟབ་དོན་མཁྱེན། །

རིགས་གསུམ་རྣམ་རོལ་ཐུབ་པའི་མཚན་ཅན་ཨེ་ཝཾ་པ་ཡི་ཞབས་ལ་འདུད། །

______དག་ཞིང་གི་བུ་ནས།

࿐ཕ་གཅིག་བླ་མར་བསྟོད་པ་དད་པའི་རླབས་ཕྲེང་།།

རང་ཤར་ལྷུན་གྲུབ་མཚན་དཔེས་རྒྱན་པའི་སྐུ། །

གང་གསུང་འགག་མེད་ཆོས་ཕུང་བརྒྱད་ཁྲིའི་གསུང་། །

གང་ཐུགས་གཉིས་མེད་ཡེ་ཤེས་རྒྱལ་བའི་ཐུགས། །

སྐུ་གསུམ་གཅིག་བསྡུས་དྲིན་ཆེན་བླ་མར་བསྟོད། །

ཉེས་སྤྱོད་སྣ་མང་ཀུན་ཉོན་གདོད་ནས་ཟད། །

རང་ཤར་ལྷུན་གྲུབ་དབྱིངས་རིག་མངོན་དུ་གྱུར། །

མ་དག་རྨོངས་པར་ཚུད་པའི་འགྲོ་བ་ཡིས། །

ཁྱབ་བདག་སྐུ་གསུམ་མངོན་གྱུར་མགོན་པོ་ཉིད། །

རབ་འབྱམས་རྒྱལ་བའི་གསང་གསུམ་གཅིག་ཏུ་བསྡུས། །

ངོ་བོ་ཀ་དག་ཆོས་སྐུའི་རྒྱལ་ས་འཛིན། །

རང་བཞིན་ལྷུན་གྲུབ་གནས་ལུགས་མངོན་སུམ་གཟིགས། །

ཁྱབ་བདག་དྲིན་ཆེན་བླ་མའི་ཤིས་པ་སྩོལ། །

____ངོར་འཇིག་མེད་རྒྱ་མཚོ།

རྣམ་དཀར་སྨིན་གྲོལ་མཐར་ཕྱིན་ངེས་དོན་ཧེ་བཛྲ།།

རྣམ་དག་དབང་བཞིའི་ས་བོན་འདེབས་མཛད་རྡོ་རྗེ་མགོན།།

རྣམ་མང་གདུལ་བྱར་སྨན་པ་སྣ་ཚོགས་སྟོན་མཛད་ལྷ།།

རྣམ་མཁྱེན་སྐུ་བཞིའི་བདག་ཉིད་ཐུབ་བསྟན་སྙིང་པོར་འདུད།།

____ཀརྨ་རིན་ཆེན་ནས།

༄༅།།རྗེ་བླ་མའི་བསྟོད་ཚིག།

གནས་ཨེ་ཝྃ་ཆོས་ཀྱི་ཕོ་བྲང་ན།།

རྗེ་དུས་གསུམ་རྒྱལ་བའི་ངོ་བོ་ཉིད།།

ཕ་བླ་མ་ཐུབ་བསྟན་སྙིང་པོ་མཆོག།

སྐུ་ཉི་ཟླའི་གཟི་བརྗིད་འོད་ལ་འགྲན།།

འཁོར་སློབ་ཚོགས་འབུམ་སྡེའི་ཆོས་རྭ་ན།།

ཆོས་མདོ་སྔགས་བསྟན་པའི་བདག་པོ་དངོས།།

མགོན་མཁྱེན་བརྩེ་ཐུབ་བསྟན་སྙིང་པོ་མཆོག།

གསུང་ཟབ་གསལ་དབྱར་གྱི་རྔ་ལ་འགྲན།།

ལས་མོས་གུས་དད་པའི་ཞིང་ས་ན།།

ལམ་ཚོགས་གཉིས་ཟུང་འཇུག་ལམ་འབྲས་པ།།

མ་འགྲོ་ཀུན་འདྲེན་པའི་རྒྱལ་བའི་སྲས།།

ཐུགས་བདེ་སྟོང་ཡེ་ཤེས་ནམ་མཁར་འགྲན།།

ཕྱི་འདུ་བ་སྟོན་པའི་བཀའ་བཞིན་གཙང་།།

ནང་ཐེག་མཆོག་རྒྱ་ཆེའི་སྤྱོད་པ་དག།

གསང་འཁོར་འདས་དབྱེར་མེད་ལྟ་བ་ཟབ།།

སྐྱབས་མཚུངས་མེད་གསུམ་ལྡན་བླ་མར་བསྟོད།།

ཆོས་བཤད་སྒྲུབ་བསྟན་པའི་སྙིང་པོར་གཟིགས།།

ལས་འཁོར་ལོ་མཐུན་པའི་རྐྱེན་དུ་སྦྱར།།

དུས་གསར་རྙིང་ཐབས་མཁས་གོམ་པས་བཅད།།

ཁྱེད་བསམ་བཞིན་བྱོན་པའི་ཨེ་ཝྃ་པ།།

_____ཐུབ་བསྟན་སྙན་གྲགས་ནས།

རང་དོན་མེད་ཀྱང་རང་དོན་ཐར་ཕྱིན་རང་བཞིན་བྲལ་བ་ཆོས་ཀྱི་སྐུ།།

རང་འཛིན་མེད་ཀྱང་རང་གི་སྣང་བར་དག་པ་རབ་འབྱམས་ལོངས་སྤྱོད་སྐུ།།

རང་ལ་འབད་རྩོལ་སྤྲོས་པས་དབེན་ཡང་རང་བཞིན་ལྷུན་གྲུབ་སྤྲུལ་པའི་སྐུ།།

རང་ལུས་སྡོམ་གསུམ་རྒྱན་གྱིས་མཛེས་པའི་རང་རེའི་མགོན་པོ་ཨེ་ཝཾ་པ།།

_____ས་དཀར་རྒྱ་མཚོ་ནས།

ངན་པ་དུས་ཀྱི་མཐའ་རུ་འདྲེན་དུས་ཁྱེད་ནི་རླབས་ཆེན་སེམས་དཔའ་ཞིག །

སྐྱེ་བོའི་ངང་ཚུལ་སྙིགས་མར་ཐུག་ཚེ་ཁྱེད་ནི་སྙིགས་མའི་རོགས་འདོན་ཞིག །

ལས་འབྲས་གྲོང་གི་སྲང་དུ་ལུས་ཚེ་ཁྱེད་ནི་ལམ་སྟོན་སྒྲོན་མེ་ཞིག །

མཐའ་མའི་འགྲོ་ལ་ཐ་མལ་རྣམ་རོལ་ངོར་ཆེན་རྒྱལ་བའི་རྒྱལ་ཚབ་རྗེ།།

བིརྦའི་བཀའ་སྲོལ་བརྒྱུད་པའི་ལམ་རིམ་གོང་མའི་གསུང་གིས་ཡང་དག་ཁྲོལ།།

བསྟན་པའི་འཕཊ་རྒོད་ཀུན་བཟང་རྒྱལ་བའི་བདུད་རྩིའི་བཅུད་ལེན་སྤྱི་བོས་འཐུང་།།

མཁས་པའི་སློབ་དཔོན་བཅུ་ཕྲག་ཚོགས་དང་མདོ་རྒྱུད་དོན་ལ་དཔྱད་སྒོམ་ཚུལ།།

ལེགས་པར་བརྙེད་པའི་མགོན་པོ་མཆོག་དེ་ཕན་བདེ་བླ་མ་སྙིང་པོའི་ཞབས།།

སྔགས་བསག་འདས་གྲངས་མང་པོ་མི་དགོས་ང་ཡི་མདུན་ན་ལྷང་ངེར་བཞུགས།།

ནག་ཁུང་མྱུལ་ལ་དགོས་པ་མི་འདུག་ང་ཡི་གཙུག་ན་འགྱིང་ངེར་རོལ།།

གཞན་དང་གཞན་དུ་འཚོལ་དགོས་མི་འདུག་ང་ཡི་ཐད་ཀྱི་ཁྲི་འཕང་དེར།།

མི་འཇིག་གར་དགུའི་སྟབས་སུ་བཞུགས་པ་གཙུག་གི་རྒྱན་མཆོག་ཕན་བདེ་པ།།。 ___________________རྩོམ་བདག་ར་སྨད་འཕྲིན་པ།

སྙན་གྲགས་མེ་ཏོག་ཕྱོགས་ཀུན་ཁྱབ་པའི་རྣལ་འབྱོར་དབང་ཕྱུག་བིརྦའི་ཞབས། །

མངོན་དགའི་ཞིང་ན་འཇམ་དབྱངས་བླ་མ་སྲིད་གསུམ་འགྲོ་བའི་བླ་མར་བཞུགས། །

མི་མཇེད་ཞིང་གི་མགོན་དཔུང་དམ་པ་སྙིང་པོའི་མཚན་ཅན་ཡབ་སྲས་བཅས། །

ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང་གྲུབ་གཉིས་དགའ་སྟོན་ཅི་གར་སྩོལ། །

_____གུས་པདྨ་བློ་ལྡན་ནས།

བསླབ་གསུམ་རྣམ་དག་ཁྲིམས་ཀྱིས་ལེགས་རྒྱན་ཏེ།།

དུས་གསུམ་རྒྱལ་བའི་ཐུགས་དགོངས་ལེགས་མཁྱེན་ནས།། གསང་གསུམ་དམ་པའི་མན་ངག་ལེགས་སྟོན་པའི།།

སྐྱབས་གསུམ་ངོ་བོར་བཞུགས་པའི་བླ་མ་མཁྱེན།།

དུག་གསུམ་རྨོངས་པས་མྱོས་པའི་སྐྱེ་འགྲོ་རྣམས།།

སྲིད་གསུམ་འཁོར་བའི་གྲོང་ལས་འདོན་མཛད་པའི།།

ས་གསུམ་བླ་མར་གྱུར་བའི་ཡབ་གཅིག་ཁྱེད།།

ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།

____རིག་པའི་རྡོ་རྗེ་ནས།

རྡོ་རྗེ་ཐེག་པའི་བཅུད་ཀྱི་སྙིང་པོ་སྟེ།།

གསུང་ངག་ལམ་གྱི་འབྲས་བུའི་གདམས་པ་དག།

མི་འཆབ་མ་ལུས་ཇི་བཞིན་འདོམས་མཛད་པའི།།

བཅུ་གསུམ་རྡོར་འཛིན་ཆེན་པོས་བཤིས་པ་སྩོལ།།

གང་ཞིག་འཆད་ལ་གེགས་མེད་གླང་པོ་ཆེ།།

ལན་རེ་རྩོད་ཚེ་སྤོབས་ཅན་སེང་གེ་ཆེ།།

གང་ཞིག་རྩོམ་ལ་ཤིང་རྟ་ཆེན་པོ་སྟེ།།

བྱེ་བའི་གཙུག་རྒྱན་རྒྱལ་ཚབ་ཨེ་ཝཾ་པ།།

སྐུ་ཡི་རང་བཞིན་དགྱེད་པ་རྡོ་རྗེ་དང་།།

གསུང་གི་རང་བཞིན་ཟུར་ཕུད་ལྔ་པ་བ།།

ཐུགས་ཀྱི་རང་བཞིན་འཕགས་མཆོག་པད་མོ་སྟེ།།

རིགས་བདག་རྡོ་རྗེ་མཆང་ཆེན་སྤྱི་བོས་མཆོད།།

གང་གི་ཐུགས་རྩེའི་དྲོད་ཀྱི་ནུས་མཐུ་ལས།།

གཞོན་སྐྱེས་བློ་ཡི་པད་མོ་འབྱེད་མཛད་པའི།།

གདུལ་བྱའི་དོན་དུ་མི་ཡི་རྣམ་རོལ་བའི།།

འདྲེན་མཆོག་ཡིད་ཅན་ཀུན་གྱི་སྟོན་པ་ལགས།།

_____བདེ་ཅན་ཐུབ་ཕུན།

བྱང་ཕྱོགས་ཀེ་ལ་ཤ་ནས་རབ་བགྲོད་བདེ་གཤེགས་བདག་པོའི་སྲས་སུ་འཁྲུངས།།

རྨོངས་ཚོགས་མུན་གྱི་རབ་ཏུ་བཅིངས་པའི་བུང་བ་རྐང་གཉིས་སློབ་ཚོགས་ལ།།

ལམ་ཟབ་གསུང་ངག་ལམ་དང་འབྲས་བུ་ཆད་ལྷག་མེད་པར་སྦྱིན་གནང་མཁན།།

ཡོངས་རྫོགས་བསྟན་པའི་མངའ་བདག་ཆེན་མོ་ཀུན་མཁྱེན་ཨེ་ཝཾ་པ་དེ་རྨད།།

ལུགས་གཉིས་གསེར་གྱི་ཁྲི་ལ་ཕེབས་ནས་དམ་ཆོས་དབྱར་མཚོ་ལྟར་དུ་འཆད།།

རྒྱལ་བ་ཤཱཀྱ་ཐུབ་པ་མཆོག་དང་སྐུ་ངལ་ཐེངས་གཅིག་གསོ་ཐབས་བྱུང་།།

དཔལ་ལྡན་ས་དཀར་གོང་མའི་དགོངས་སྲོལ་རབ་ཏུ་འབྱེད་མཁན་ཡོངས་འཛིན་མཆོག།

རབ་འབྱམས་མདོ་རྒྱུད་ཀུན་ལ་འགྲན་བྲལ་འདྲེན་མཆོག་ཨེ་ཝཾ་པ་དེ་མཆོད།།

སྙིགས་མའི་དུས་སུ་རྡོ་རྗེ་འཆང་དབང་མི་ཡི་ཚུལ་བཟུང་ལྷ་སྲས་མཆོག།

བརྟན་པའི་འཁོར་ལོ་ཉིད་དང་མཚུངས་སོ་བདག་ཡིད་ཁྱེད་ལ་རབ་ཏུ་དད།།

བསྐལ་བ་མ་སྟོང་མ་རྫོགས་བར་དུ་འདྲེན་མཆོག་ཁྱེད་ཀྱིས་རྗེས་བཟུང་ནས།།

བདག་ཅག་སྐལ་ལྡན་སློབ་བུའི་ཚོགས་སུ་ཞབས་པད་བསྐལ་བརྒྱར་རྟག་བརྟན་ཤོག།

ཨེ་ལྗང་སྙུག་གམ་ཀརྨ་རབ་བརྟན་ནས།

སྙིགས་དུས་ཐུབ་བསྟན་གཞུང་ལུགས་ལམ་སྟོན་གྱི་མཁས་མཆོག། ལེགས་བཤད་ཆུ་གཏེར་སྙིང་པོ་ལང་ལོང་དུ་གཡོ་ཞིང་།། བཤད་སྒྲུབ་བསྟན་འཛིན་ཚོགས་རྣམས་བྱམས་རྩེ་ཡི་སྐྱོང་མཛད།། འགྲན་མེད་དྲིན་ཅན་བླ་མ་སེམས་དབུས་ནས་དད་སོང་།།

མུས་པ་བཀྲ་ཤིས་ནས།

མཚན་དཔེ་བཞིན་ལག་རབ་ཏུ་རྣམ་མཛེས་རིན་ཆེན་དུ་མའི་རྒྱུ་ལུས་ལེགས་པར་གྲུབ་པའི་སྐུ།།

འགྲོ་ལ་འདོད་པའི་དོན་ཀུན་འཇོ་བ་ཀུན་ནས་རེ་སྐོང་དམ་ཆོས་རྒྱ་མཚོའི་མཛོད་གྱུར་གསུང་།།

ནམ་ཡང་མཛད་མེད་བུམ་པ་བཟང་པོ་ཆོས་དབྱིངས་མཐའ་དང་མཉམ་པར་ཞུགས་པ་རྡོ་རྗེའི་ཐུགས།།

ཕ་གཅིག་བླ་མ་འཇམ་དབྱངས་ཐུབ་བསྟན་སྙིང་པོ་མཆོག་གི་ཚེ་རབས་ཀུན་ཏུ་བཟུང་དུ་གསོལ།།

ངོར་ཨེ་ཝཾ་ཕན་བདེ་ཀུན་དགའ་ལྷུན་གྲུབ་ནས།༢༠༡༧-༧-༡༨ཉིན།གཉིས་མེད་རྡོ་རྗེ་འཆང་གི་རང་བཞིན་ལ།།

བརྩེ་བའི་ཐུགས་རྗེས་འགྲོ་བ་འདྲེན་པའི་སླད།།

མི་ཡི་གར་དུ་རོལ་མཛད་དེད་དཔོན་མཆོག །

ཨེ་ཝཾ་བསྟན་པའི་བདག་པོར་གསོལ་བ་འདེབས།།

ཀ་དག་འདོད་ནས་ལོངས་སྐུར་མངོན་གྲུབ་ཀྱང་།།

མ་དག་སྣང་ངོར་ཐུབ༵་པའི་བསྟན༵་པ་ཡི།།

སྙིང༵་པོ༵འི་ཡང་སྙིང་གསང་སྔགས་རྡོ་རྗེའི་གཞུང་།།

ཡོངས་སུ་སྤེལ་མཛད་ཆེན་མོར་གསོལ་བ་འདེབས།།

སྟོན་པའི་བཀའ་ལུང་ཆེན་པོས་ཡོངས་ཟིན་པའི།།

དཔལ་ལྡན་ས་སྐྱ་པ་ཡི་སྙིང་པོའི་དོན།།

འཁོར་འདས་དབྱེར་མེད་འཆད་སྒོམ་སྤེལ་བ་ལ།།

མི་འཇིགས་སྤོབས་པ་རྙེད་ལ་གསོལ་བ་འདེབས།།

སྐུ་ཡི་སྤྱོད་པ་འདུལ་འཛིན་ཆེན་པོར་བཞེས།།

གསུང་གི་སྤྱོད་པས་འགྲོ་བའི་གདུང་བ་བསལ།།

ཐུགས་ཀྱི་སྤྱོད་པ་ས་བཅུའི་སེམས་པར་མཛད།།

བཅུ་གསུམ་རྡོར་འཛིན་ཆེན་པོར་གསོལ་བ་འདེབས།། སྨོན་དགོན། དོན་གྲུབ་ནས།

༉ ཨེ་ཝཾ་ཆོས་ལྡན་རྡོ་རྗེའི་ཕོ་བྲང་ན།།

ཨེ་ཝཾ་བསྟན་པའི་མངའ་བདག་རྡོ་རྗེ་འཆང་།།

ཨེ་ཝཾ་པ་ཡིས་རྒྱལ་བསྟན་སླར་ཡང་འཆར།།

འདྲེན་མཆོག་ཐུབ་བསྟན་སྙིང་པོ་གསོལ་བ་འདེབས།།

གསང་ཆེན་གདམས་པའི་མཛོད་འཛིན་ལམ་འབྲས་པ།།

གསང་སྔགས་རྒྱུད་སྡེ་མཐའ་དག་ཐུགས་སུ་ཆུད།།

གསང་མཛོད་ཀུན་གྱི་གཏེར་འགྱུར་ཕ་བླ་མ།།

མཚུངས་མེད་མཐུ་སྟོབས་གྲགས་ལ་གསོལ་བ་འདེབས།།

བགྲང་མེད་གདུལ་བྱའི་དམུས་ལོང་འབྱེད་མཁས་ཤིང་། །

གཅིག་ཏུ་འགྲོ་ལ་བརྩེ་བའི་ཁུར་ཆེན་པའི། །

འཇམ་མགོན་མི་ཡི་རྣམ་རོལ་བཤེས་གཉེན་མཆོག།

རྒྱལ་སྲས་སེམས་དཔའ་ཆེན་པོ་གསོལ་བ་འདེབས།།

___ངོར་མཁྱེན་རབ་སེང་གེས།

བླ་མ།

ལེགས་བྱས་འོ་མའི་རྒྱ་མཚོ་སྲུབ་པ་ལས།།

ལེགས་ལམ་ཐུ༵བ་པའི་མདོ་སྔགས་ཉི་ཟླ་ཟུང་།།

ལེགས་བཤད་གསུང་གིས་རྒྱལ་བསྟ༵ན་གསལ་མཛད་པ།།

ལེགས་ཚོགས་ཀུན་གྱི་སྙི༵ང་པོ༵་བླ་མར་འདུད།།

འཇལ་དཔལ་སྐུ༵་ཡིས་ངུར་སྨྲིག་རྒྱལ་མཚན་འཆང་།།

འཇམ་དབྱངས་གསུང་གི་གསང་མཛོད་རྡོ་རྗེ་འཛིན།།

འཇམ་མགོན་ཐུ༵གས་ཀྱི་སྲས་མཆོག་རྗེ་བླ་མ།།

འཇམ་དཔལ་དབྱངས་དངོས་དཔལ་ལྡན་བླ་མར་འདུད།།

ཕྱི་རུ་རྣམ་གསུམ་ངུར་སྨྲིག་རྒྱན་གྱིས་མཛེས།།

ནང་དུ་བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་གཏམས།།

གསང་བ་རིམ་གཉིས་གྲུབ་པའི་ལམ་འབྲས་པ།།

འཇ༵མ་དབྱ༵ངས་བླ་མ་ཐུ༵བ་བསྟ༵ན་སྙི༵ང་པོ༵ར་འདུད།།

གཙང་པ་རིན་རྡོར་ནས།།

སྐུ་མཆོག་གདན་གསུམ་ཡོངས་སུ་རྫོགས་པས་གཏན་གཡོའི་དངོས་ཀུན་དག་པར་གཟིགས།།

རླུང་སེམས་རྒྱུ་འཕྲུལ་དབང་དུ་འདུས་པས་གྲགས་སྟོང་སྔགས་ཀྱི་རང་སྒྲར་ཤར།།

བདེ་སྟོང་ཟུང་འཇུག་མངོན་དུ་བསྒྱུར་བས་དབྱིངས་དང་ཡེ་ཤེས་རོ་གཅིག་འགྱུར།།

རྣམ་གསུམ་རྣམ་དག་དཔལ་ལྡན་བླ་མ་མི་བརྗེད་སྙིང་གི་དབུས་སུ་རོལ།།

འཁོར་ཆགས་ཡོན་ཏན་རྒྱ་མཚོ་ནས།

༈རྒྱལ་ཀུན་གཅིག་འདུས་ཀྱེ་ཡི་རྡོ་རྗེ་དངོས།།

ཕྲིན་ལས་ཉི་མའི་འོད་སྟོང་ཡལ་འདབ་རྒྱས།།

ལྟ་བ་འཁོར་འདས་དབྱེར་མེད་ཡོངས་རྫོགས་པ།།

དད་གསུམ་སྙིང་དབུས་བླ་མར་གསོལ་བ་འདེབས།།

སྣང་གསུམ་ཆོས་ཀྱི་གདམས་པ་ལྷུག་ཀྱི་སྦྱིན།།

རྒྱུད་གསུམ་མན་ངག་དམར་འཁྲིད་རྗེན་པར་གནང་།།

རྫོགས་སངས་རྒྱས་དངོས་འཇམ་དབྱངས་རྣམ་རོལ་རྗེ།།

ཕན་བདེ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །

____ཐུབ་བསྟན་རིག་འཛིན་ནས།

ཐུ༵བ་པའི་རྒྱལ་ཚབ་འཇམ་དབྱངས་སྤྲུལ་པའི་གར།།

བསྟ༵ན་འཛིན་གཙུག་རྒྱན་གངས་ཅན་ཆོས་ཀྱི་རྗེ།།

མདོ་རྒྱུད་སྙི༵ང་པོ༵འི་དོན་གཟིགས་འགྲོ་བའི་སྐྱབས།།

མཚུངས་མེད་བླ་མ་སྤྱི་བོའི་གཙུག་ཏུ་རོལ།།

རྩེ་གདོང་ཀུན་དགའ་བསོད་ནམས།

རིན་བྲལ་བསླབ་དོན་འཆད་པའི་དགེ་བའི་བཤེས། །

གཞུང་ལུགས་དཀའ་གནད་སྩོལ་བའི་དྲིན་ཆེན་རྗེ། །

མན་ངག་ཉིང་བཅུད་འདོམས་མཛད་རྒྱལ་བའི་སྲས། །

མི་བརྗེད་སྙིང་གིས་དབུས་ནས་སླར་ཡང་དྲན།།

____ཨེ་དུང་ནས།

ཐུབ་པའི་དབང་པོ་མི་ཡི་གཟུགས་སྤྲུལ་འདི། །

བསྟན་དང་འགྲོ་བ་ཡོངས་ཀྱི་སྐྱབས་གནས་མཆོག །

སྙིང་པོའི་གཞུང་ལུགས་ཀུན་ལ་འགྲན་བྲལ་བ། །

ངོར་ཆེན་རྒྱལ་བའི་རྣམ་འཕྲུལ་དེ་ལ་འདུད། །

ངོར་ཁང་གསར་བསྟན་འཛིན་ཕུན་ཚོགས་ནས།

ཡེ་ནས་ལྟ་བ་སྤྲོས་བྲལ་ལེགས་པར་གཟིགས། །

སྤྱོད་པ་དྲི་མེད་བྱང་ཆུབ་སེམས་ཀྱིས་བསྐྱངས། །

སྙིགས་མའི་དུས་སུ་མི་ཡི་ཚུལ་བཟུང་ནས། །

བདག་ཅག་ཡོངས་ཀྱིས་མ་རིག་མུན་པ་སེལ། །

___སླེ་ལུང་ཀུན་དགའ་སྙིང་པོ།

མདོར་ན་གང་དུ་གནས་པའི་བཤེས་གཉེན་རྣམས།།

སྐུ་ཚེ་མི་ནུབ་སེང་གེའི་ཁྲི་སྟེང་དུ།།

བསྟན་འགྲོའི་དོན་ཆེན་རྒྱུན་ཆད་མེད་པ་ཡི།།

བསམ་དོན་ལྷུན་གྱི་གྲུབ་པའི་བཀྲ་ཤིས་ཤོག །

___པ་སྣམ་མཆོག་གྲུབ།

སྐུ་ཡི་རྟོགས་པ་ཀུན་གསལ་དབྱིངས་ནས་ཤར།།

གསུང་གི་བདུད་རྩི་བདག་ཅག་སློབ་བུར་གནང་།།

ཐུགས་ཀྱི་ལྟ་བ་འཁོར་འདས་མཉམ་པར་གཟིགས།།

དཔལ་ལྡན་བླ་མ་ཁྲི་ལོར་བརྟན་ཞིང་གསོལ།།

ནག་ཆུ་རི་དྷཱི་དགོན་ངག་དབང་བསོད་ནམས།།

ཟབ་དོན་ལུང་རིགས་མན་ངག་གཏེར་མཛོད་ཆེ།།

སྣ་ཚོགས་འགྲོ་བའི་རེ་སྐོང་ཡིད་བཞིན་ནོར།།

བདག་སོགས་མ་རིག་མུན་སེལ་སྒྲོན་མེ་མཆོག།

ཡབ་རྗེ་འཇམ་དབྱངས་ཐུབ་བསྟན་སྙིང་པོར་འདུད།།

_______དུས་ཕོ་ནས།

ཐུ༷བ་པའི་བསྟ༷ན་པ་ཕྱོགས་བཅུ་ཀུན་ཏུ་ཁྱབ།།

སྙིང༷་པོ༷འི་བཅུད་ཀྱི་ལྟ་བ་མངོན་སུམ་རྟོགས།།

བརྩེ་བའི་སྙིང་རྗེ་སེམས་ཅན་ཀུན་ལ་གཟིགས།།

མཚུངས་མེད་དཔལ་ལྡན་བླ་མར་གསོལ་བ་འདེབས།།

ཤངས་སྨོན་ཆོས་དགོན་གྱི་གྲྭ་ཐུབ་བསམ་ནས། སྙིགས་མའི་དུས་འདིར་ཐོས་བསམ་སྒྲུབ་པ་སྤེལ།།

གསུང་ངག་ལམ་གྱི་འབྲས་བཟང་ཀུན་ལ་ཁྱབ།།

མ་རིག་རྟོགས་པའི་བག་ཆགས་ཀུན་སེལ་པའི།།

དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་གྱུར་ཅིག།

བློ་བཟང་ལུང་རིགས་ནས།

ཚུལ་ཁྲིམས་གཙང་མའི་ཞིང་སར་བྱོན་མཛད་རྡོ་རྗེ་འཆང་དབང་སྐུ།།

འདུལ་བྱའི་ཁམས་དབང་སྟུན་མཛད་ཐེག་གསུམ་ཆོས་སྒྲ་སྒྲོགས་པའི་གསུང་།།

འཕྲིན་ལས་ཁམས་གསུམ་གཡོ་བའི་འཁོར་འདས་དབྱེར་མེད་མངོན་གྱུར་ཐུགས།།

འདྲེན་མཆོག་རྐང་གཉིས་དམ་པ་ཐུབ་བསྟན་སྙིང་པོར་མགོ་བོས་བཏུས།།

ཆོས་གྲ་རིན་ཆེན་ཆོས་འཕེལ་ནས།

ཡེ་ཤེས་མཁའ་འགྲོའི་ཞལ་ཆབ་ཧུབ་ཀྱིས་གསོལ།།

རྣལ་འབྱོར་བིར་བའི་མན་ངག་ཐུགས་ལ་སྨིན།།

རྗེ་བཙུན་གོང་མའི་བཀའ་བབ་ཡོངས་སུ་རྫོགས།།

ཀུན་མཁྱེན་ཨེ་ཝྃ་གཉིས་པ་གཙུག་ན་རྒྱལ།།

མགོན་དེའི་རླབས་ཆེན་ཐུགས་བསྐྱེད་འོད་སྟོང་ལས།།

ཕུན་ཚོགས་སྣ་ལྔའི་ལོ་ཏོག་རབ་བཞད་དེ།།

སྐལ་བཟང་འགྲོ་ལ་འབྲས་བཟང་སྟེར་བྱེད་པའི།།

ཨེ་མ་རྫོགས་ལྡན་དུས་བཟང་རྟག་འཆར་ཤོག།

_____རྒྱལ་རྩེ་རྒྱལ་མཚན།

《རྩ་བའི་བླ་མའི་ཆེ་བ།》

༄༅། །བརྒྱད་ཁྲི་བཞི་སྟོང་ཐུབ་ྃཔའི་གསུང་རབ་ཀྱི།།

བསྟན་ྃཔའི་སྙིྃང་པོ་ྃཟབ་མོ་ལྟ་བའི་གནད།།

མཐར་ཕྱིན་སྨྲ་ལ་མི་འཇིགས་སྤོབས་པ་བརྙེས།།

འདྲེན་མཆོག་དེ་ནི་རྒྱལ་བ་གཉིས་པ་ཡིན།།

འཁོར་འདས་དབྱེར་མེད་ལྟ་ྃབའི་གནད་གསང་མཐོ།།

མདོ་སྡེའི་དགོངས་བཅུད་སྒོམ་ྃཔ་ཚད་དུ་འཁྱོལ།།

ཡོན་ཏན་གཞི་མ་སྤྱོད་ྃཔའི་གནད་ལ་ཞིབ།།

འདྲེན་མཆོག་དམ་པ་བསྐལ་བརྒྱར་བརྟན་བཞུགས་གསོལ།།

ཆེ་བརྗོད་ཚིགས་སུ་བཅད་པ་ཟུང་འདི་ནི་མགོན་པོ་གང་གི་གསུང་གི་བདུད་རྩིས་འཚོ་བའི་སློབ་འབངས་རིག་འཛིན་ཆོས་གྲགས་ཀྱིས་ཟབ་ཆོས་གསུང་ངག་ལམ་འབྲས་རྫོགས་པར་ཐོབ་པའི་གཏང་རག་གི་ཉིན་བརྩམས་བྲིས་བགྱིསོ།།

ངོར་ཆེན་རྡོ་རྗེ་འཆང་གི་ཞལ་སྔ་ནས།

འགྲོ་ལ་བདེ་སྐྱིད་འབྱུང་བའི་སྒོ་གཅིག་པུ། །

ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ། །

ཡུལ་དུས་གནས་སྐབས་ཀུན་ཏུ་མི་ཉམས་པར། །

ཕྱོགས་མཐར་དར་ཞིང་རྒྱས་པར་མཛད་དུ་གསོལ། །

སྒྲིག་སྦྱོར་བ། ཨེེ་ཝཾཾ་གྱིི་དུང་ཟླ།