གཅིག དགེ་རྒན་ནི་མིའི་རིགས་ཀྱི་རྣམ་ཤེས་བཟོ་བསྐྲུན་པ་ཡིན། ཟི་ཏ་ལིན།

གཉིས། དགེ་རྒན་བྱེད་མཁན་དག་གི་བྱ་བ་གཙོ་བོ་ནི་རྫུན་མི་བཤད་པ་དེ་ཡིན་ཞིང་། སློབ་མ་ལ་ཅི་ཞིག་བསྒྲུབ་དགོས་པར་བསྐུལ་བ་དག་ཐོག་མར་རང་ཉིད་ཀྱིས་བསྒྲུབས་ཐུབ་དགོས། ཡེ་ཧྲིན་ཐོ།

གསུམ། སློབ་གསོའི་རྩ་བ་ནི་བརྩེ་བར་ཐུག ལུའུ་ཞུན།

བཞི། རྩོམ་རིག་ནི་སྤྱི་ཚོགས་ཀྱི་ཁྱིམ་ཚང་དགེ་རྒན་ཡིན། པེ་ལེན་སི་ཅུས།

ལྔ། དགེ་རྒན་གྱི་ལས་རིགས་ནི་ཉི་མའི་འོག་གི་ཆེས་འོད་སྟོང་འབར་བའི་ལས་རིགས་དེ་ཡིན། ཁ་མེ་ནུའུ་སི།

དྲུག བརྩེ་བ་ཟབ་མཁན་ཁོ་ན་ད་གཟོད་ཆེས་བཟང་བའི་དགེ་རྒན་ཡིན་ལ། དེ་ནི་འགན་འཁྲིའི་འདུ་ཤེས་ལས་ཀྱང་རིང་དུ་འཕགས། ཨེན་སི་ཐན།

བདུན། བསམ་གཞིགས་རང་རྐྱ་ཐུབ་པའི་སྔོན་དུ། བྱིས་པ་ཚོས་བསམ་བློ་དང་ལེན་མི་ནུས་པར་རྣམ་པ་འབའ་ཞིག་དང་དུ་ལེན་ངེས། ལོའུ་ཟོ།

བརྒྱད། དགེ་རྒན་ལེགས་པོ་ཞིག་ཡིན་ཚེ། དེ་ནི་སེམས་ཁམས་རིག་པ་དང་སློབ་གསོ་རིག་པ་གཉིས་ཆར་དགོངས་མཁན་ཞིག་ཡིན་ངེས། ཟོའུ་ཧོ་མོའུ་ལེན་ཟི་ཅུས།

དགུ། གཞན་གུ་ཡངས་སུ་གཏོང་བ་ནི་རང་ཉིད་ལ་བདེ་སྐྱིད་བསྐྲུན་པ་རེད། ཞང་ཨན་ལན།

བཅུ། ཉིན་གཅིག་གི་དགེ་རྒན་ནི་ཚེ་གཅིག་གི་ཕ་མ་ཡིན། ཡས་མེན།

བཅུ་གཅིག ཁྱེད་རང་སློབ་མ་ཚོའི་དགེ་རྒན་བྱེད་འདོད་ན། སྔོན་ལ་སློབ་མ་ཚོའི་གྲོགས་པོ་བྱོས། ཁྲིན་ལས་ཧོང་།

བཅུ་གཉིས། དཔེ་ཆ་ལེགས་པོ་ཞིག་ཀློག་པ་ནི་མཆོག་གྱུར་གྱི་སྐྱེས་བུ་ཚོར་གླེང་མོལ་བྱེད་པ་ཡིན་པས་སློབ་གྲོགས་ཚོས་དཔེ་ཆ་མང་ཙམ་ཀློག་འོས་ལ། དཔེ་ཆ་ལེགས་པོ་ཀློག་འོས། ཁང་ལེན།

བཅུ་གསུམ། དགེ་རྒན་ནི་སློབ་མའི་མེ་ལོང་ཡིན་ལ། སློབ་མ་ནི་དགེ་རྒན་གྱི་གྲིབ་གཟུགས་ཡིན་ནོ།། ལས་ཞོ་ལེན།

བཅུ་བཞི། དགེ་རྒན་ནི་འདས་དང་མ་འོངས་བར་གྱི་གནད་འགག་གསོན་པོ་ཞིག་ཡིན་ཞིང་། ཁོང་གི་ཕྱག་ལས་ནི་ཕར་བལྟས་ཚོད་ཀྱིས་ཕལ་བ་ལྟར་སྣང་ཡང་། དོན་ལ་ལོ་རྒྱུས་སྟེང་ཆེས་རླབས་ཆེ་བའི་ཕྱག་ལས་ཉག་གཅིག་ཡིན། བོའུ་ཧྲིན་སི་ཅུས།

དེ་ཡང་དགེ་རྒན་ནི་མི་རིགས་ཀྱི་རྣམ་ཤེས་བཟོ་བསྐྲུན་པ་ཡིན་ན་བོད་མི་རིགས་ཀྱི་དགེ་རྒན་ནི་བོད་མི་རིགས་ཀྱི་རྣམ་ཤེས་བཟོ་བསྐྲུན་པ་ཡིན་ངེས་ལ། འབྱུང་འགྱུར་བོད་ཀྱི་དར་རྒུད་དང་འཕེལ་འགྲེལ་ཀྱང་ཏག་ཏག་ད་ལྟའི་བོད་ཀྱི་དགེ་རྒན་ཚོར་རག་ལས་ཕྱིར་གུས་པས་འཛམ་གླིང་ཤར་ནུབ་ཀྱི་མཁས་པ་ཚོའི་ལེགས་བཤད་སྐོར་ཅིག་ཕྱོགས་གཅིག་ཏུ་བསྒྲིགས་ཤིང་བསྒྱུར་བའི་ཁུལ་བྱས་མོད། ལར་ཁོ་བོར་ཡོན་ཚད་དམའ་བའི་སྟོབས་ཀྱིས་ཡང་དག་པ་ཞིག་བསྒྱུར་མ་ནུས་ཀྱང་དོན་གྱི་གནད་མ་བོར་བ་ཞིག་འོང་ཡོད་སྙམ། འདིར་དགེ་རྒན་ཚོར་མཁོ་བའི་ཤེས་བྱ་རེ་ཟུང་ཡང་ཡོད་ངེས་ཤིང་། དེ་བཞིན་དེ་དང་འབྲེལ་བའི་སློབ་མ་དག་ལའང་དགོས་ངེས་ཀྱི་ལེགས་བཤད་ཀྱང་ཡོད་ངེས། མ་གཞི་དགེ་རྒན་ཞིག་ལ་མཚོན་ན་ཤེས་རིག་ཡོན་ཏན་མངའ་བ་དེ་ཤིན་ཏུ་གལ་ཆེ་ཡང་དགེ་རྒན་ཞིག་ཡིན་ཕྱིན་ངེས་པར་དུ་རང་གི་སློབ་མ་ལས་ཡོན་ཚད་བཟང་བ་ཞིག་ཡིན་ངེས་པས། ཆེས་མེད་དུ་མི་རུང་བ་ནི་སློབ་མར་བརྩེ་བ་དང་དེའི་སེམས་ཁམས་ལ་རྒྱུས་ལོན་བྱེད་རྒྱུ་དེ་ཡིན་པར་འདོད། དེ་བས་རླབས་ཆེ་ཞིང་། བཀའ་དྲིན་ཟབ་པའི་སློབ་དཔོན་དམ་པ་རྣམས་ཀྱིས་ཀྱང་ཉམས་འཇོག་རེ་གནང་བར་འཚལ།