མཐོང་སྨོན་གླིང་ཚང་གིས།

དགེ་རྒན་དུས་ཆེན་ལ་སྙན་རྩོམ་གྱི་མེ་ཏོག་གཏོར་བ། མཉམ་རྩོམ་སྤེལ་ཐེངས་ཞེ་ལྔ་པ།

ལས་ཀྱིས་རྣམ་ཤེས་ཆགས་པའི་གུར་ཁང་ལ། །

ཡབ་མེས་ཚང་གི་སྲོག་རྩའི་སྐད་ཡིག་དེ། །

དབྱངས་ཀྱི་མགྲིན་ངག་གཙང་མས་སྒོ་འབྱེད་པོའི། །

དུས་སྟོན་བསུ་བའི་ཁ་གཡང་ང་ཚོས་འབོད། །

<_______གཟི་ཁྲ་རིལ་གྱིས་བརྩམས།

ལྷོད་ཆགས་གཟི་བརྗིད་ལྡན་པའི་དགེན་རྒན་ལགས།།

ཉིན་མཚན་ལྟོས་མེད་བུ་སློབ་གསོ་སྐྱོང་གནང་།།

ཚད་གསུམ་རིག་པའི་འཕྲུལ་འཁོར་བསྐོར་ལ་མཁས།།

དྲིན་ཆེན་དགེན་རྒན་ཁྱེད་ཀྱི་དུས་ཆེན་བསུ།།

<____________སེར་བ་ཡིིས་བརྩམས།

སེམས་ཀྱི་ལོ་མ་སད་ཀྱིས་མ་བཅོམ་ཞིང་། །

དམ་པའི་གཞུང་གི་དཀའ་གནད་ཟབ་མོ་ལ། །

མཐའ་སྡོམ་རིག་པས་གྲབ་པའི་བདག་ཉིད་མཆོག།

སྐུ་ཚེ་མི་འགྱུར་གཡུང་དྲུང་བརྟན་པར་ཤོག །

<___________རིག་སད་ཀྱིས་བརྩམས།

ཞི་བའི་ཐུགས་ལ་ཚེམ་དཀར་འཛུམ་གྱིས་ཕྱུག།

ཀུན་སྤྱོད་བཟང་ལ་འགྲོ་བ་བྱམས་ཀྱིས་སྐྱོང་།།

གནས་ལྔ་རིག་པའི་རྣམ་དཔྱོད་ཆེས་མཐོ་བའི།།

དགོས་འདོད་མཚུངས་པའི་སློབ་དཔོན་ཁྱེད་ཉིད་བསྔགས།།

<________ལྡོང་ཚུལ་བསྟན་གྱིས་བརྩམས།

མི་ཚེ་རླུང་ལ་མ་སྐུར་རེ་འདུན་གྱི་ཀློང་ནས།།

སེམས་འདི་སློབ་གསོ་སྐྱོང་བའི་དྲིན་ཆེན་ཁྱེད་ཡིན་ནོ།།

བྱམས་བརྩེའི་སྙིང་ཁུ་དམར་པོ་སེམས་ཐོག་ན་བཞུར་དུས།།

དྲིན་ཆེན་དགེ་རྒན་དམ་པའི་དུས་ཆེན་འདིར་གླེང་འདོད།།

<___________གཤེན་ཕྲུག་གིས་བརྩམས།

བསྟན་དང་འགྲོ་བར་ཕན་ཕྱིར་བཀའ་སྤྱད་དང་སྙིང་རུས།།

བསླབ་གསུམ་འདུས་སྡེ་སྐྱོང་བའི་རྣམ་དཀར་གྱི་མཛད་བཟང་།།

དུས་ཀུན་རྒྱུན་བཞིན་མི་ལྷོད་བདེན་གཙོ་རུ་འཛིན་མཁན།

མཚུངས་མེད་དྲིན་གྱི་བཤེས་གཉེན་སྐུ་ཚེ་ཡུན་བརྟན་སྨོན།།

<___________ཁྲ་ཟི་འཁྱུག་གིས་བརྩམས།

ཞོགས་པ་དེར།

མཛེས་སྡུག་གིས་སྐྲུན་ཞིང་།

འཇིན་རྟེན་འདིར་དགའ་བས་བསུ།

ང་ཚོ་ཉིན་དེར་དགེ་རྒན་གྱི་དུས་ཆེན་བསུ་ཞིང་།

སྨོན་ཚིག་གི་མཆོད་པ་འབུལ།

ཆེས་མཐོ་བའི་མི་ཚེ་འདི་སློབ་གསོ་དང་ལྷག་བསམ་སྙིང་རྗེས་སྐྱོང་མཁན་དགེ་རྒན་ཡིན་ལ།

མཛེས་སྡུག་གི་ཕོ་བྲང་དེར་འུར་སྒྲས་སྒྲོག་པ།

དགེ་རྒན་གྱིས་གནང་བའི་ང་ཚོས་འཆད་རྩོད་ཀྱི་འུར་སྒྲ་ཡིན། གལ་ཏེ་གནས་འདིར་ཁྱེད་མེད་ན་ང་ཚོ་འུར་ཆའི་ཁ་དེ་མེད་པ་དང་ཁྱད་མེད།

ཕོ་བྲང་གི་བརྗིད་ཉམས་ཀྱང་འདི་ལྟར་གལ་ལ་རྒྱས་ནུས། ཁྱེད་མེད་ན་ང་ཚོ་རྐང་པ་གཉིས་ཐོག་ཏུ་ལངས་ཐུབ་ཀྱང་འགྲོ་མི་ཐུབ། ང་ཚོས་ཇི་ལྟར་བཤད་ཀྱང་ཁྱེད་ནི་སེམས་ཀྱི་ལྷ་ཡིན་ལ།

ལུས་ཀྱི་གོས་ཡིན། དགེ་རྒན་ལགས།

<_______བཙན་ཞགས་ཀྱིས་བརྩམས།

སྐུ་བརྗིད་ལྷུན་པོའི་དཔག་བསམ་ལྗོན་ཤིང་རྩེར།།

གསུང་དབྱངས་དཔྱིད་ཀྱི་ཕོ་ཉས་སྒྲ་སྙན་སྒྲོག།

ཐུགས་ཀྱི་པད་མས་བུང་བ་སྤྲིན་བཞིན་འདུས།།

ཡོན་ཏན་རལ་གྲིས་རྨོངས་པའི་དྲ་བ་དཔྲལ།།

ཕྲིན་ལས་ཚ་བས་མུན་པའི་བ་མོ་གཞོམས།།

<________ཁྱུང་གི་རུ་ཐུར་གྱིས་བརྩམས།

གང་སྐུ་མི་འགྱུར་རི་རྒྱལ་ཇི་བཞིན་གཡོ་འགུལ་མི་མངའ་འཇིག་མེད་བརྟན་གྱུར་ཅིག།

གང་གསུང་འགག་མེད་ཁུ་བྱུག་ཇི་བཞིན་མགྲིན་དབྱངས་སྒང་དྲུག་རི་ལ་གྲགས་གྱུར་ཅིག།

གང་ཐུགས་འཁྲུལ་བྲལ་དབྱིངས་སྔོན་ཇི་བཞིན་ཆར་སྤྲིན་སྟུག་པོས་འཚེ་དོགས་དབེན་གྱུར་ཅིག།

ཡོན་ཏན་མི་ཟད་སྐར་ཚོགས་ཇི་བཞིན་ལྷ་ལམ་ཡངས་ནས་སྒྲིབ་མེད་བཀྲ་གྱུར་ཅིག།

ཕྲིན་ལས་ཟབ་མོ་དབྱར་མཚོ་ཇི་བཞིན་སྒང་དྲུག་རི་བོའི་ཕར་མཐར་བརྒལ་གྱུར་ཅིག།

<_______ལྡོང་གཡུང་དྲུང་གིས་བརྩམས།

ལས་འཛིན་པ། ལྡོང་གཡུང་དྲུང་། སྦྲེལ་ཨང་།

༡༨༧༩༨༩༨༧༤༣༩ ifffiiifffiifuf