དགེ་རྒན་དུས་ཆེན་བསུ།

美友9869145

དགེ་རྒན་དུས་ཆེན་བསུ།

གཞན་ཕན་འོད་ཀྱིས་ཕྱུག་པའི་བཤེས་གཉེན་ལགས།།

མུན་པའི་ཀློང་དུ་སྒྲོན་པའི་མར་མེ་ཡིན།།

མ་འོངས་ལམ་སྟོན་མཛད་པའི་ཤིང་རྟ་བ།།

སྤྱི་བོས་གཙུག་ཏུ་བཀུར་ཏེ་གུས་ཕྱག་འཚལ།།

ཤེས་བྱ་ཀློང་དུ་རྡོལ་བའི་བཤེས་གཉེན་གྱིས།།

སློབ་འབངས་དྲིན་གྱིས་བསྐྱངས་བ་གྲངས་མེད་ཡིན།།

ཚེ་རབས་འདི་དང་ཕྱི་མ་ཐམས་ཅད་དུ།།

བཤེས་གཉེན་ཁྱེད་ཀྱི་རྗེས་སུ་འཛིན་པར་སྨོན།།

རབ་འབྱམས་གསུང་རབ་ཀུན་ལ་ཐོགས་མེད་པ།།

བཀའ་དྲིན་རྒྱ་མཚོ་ལས་ཀྱང་ཟབ་པའི་མགོན།།

བཤེས་གཉེན་ཁྱོད་མིན་གཞན་ནི་སུ་ཞིག་གོ།

དེང་ནས་བཟུང་སྟེ་འབྲལ་མེད་རྗེས་འཛིན་ཤོག།

བྱམས་བརྩེ་ཆུ་གཏེར་འཁྲུགས་བའི་བང་རིམ་ནས།།

སློབ་བུའི་ཡིད་ཀྱི་མུན་པ་ཀུན་སེལ་བ།།

དབྱེར་མེད་འཇམ་དཔལ་དབྱངས་དང་གཉིས་མེད་པ།།

ཟབ་གསལ་མྱུར་པའི་ཤེས་རབ་བདག་ལ་སྩོལ།།

ཞེས་སློབ་མིང་འཛིན་པ་བསྟན་མིང་བས་ཙོང་ལྷོ་ཁྲི་ཀ་ནས།