ཨན་ནེ་པའོ་པེའི་ལེགས་བཤད་འགའི་བོད་འགྱུར།

ཡིག་སྒྱུར་བ། གྲུ་ཆུང་།

༡ བརྗེད་པ་ནི་དྲན་པ་དང་འདྲ་བར། ཕན་ཚུན་ལ་ཕུལ་བའི་མཆོག་གྱུར་གྱི་དྲན་རྟེན་ཡིན།

༢ འཇིག་རྟེན་དུ་ཆེས་ཡིད་དུ་འོང་བའི་བསོད་ནམས་ཤིག་ནི་རང་ཉིད་ལ་འདྲ་བ་ཞིག་དང་འཕྲད་པ་དེ་རེད།

༣ རྨ་ཁ་ཡོད་པས་ད་གཟོད་རང་ཉིད་གསོན་ཡོད་པ་ཚོར།

༤ བུད་མེད་རྣམས་ཞི་འཇམ་མིན་ཚེ། གནས་ལུགས་ཡོད་མེད་གང་ཡིན་ཡང་། ཐམས་ཅད་ནོར་འཆུག་ཡིན།

༥ ང་ཚོ་སུ་ཡང་ཕན་ཚུན་ལ་ཕར་དགའ་ཚུར་དགའ་ཟེར་བ་ཞིག་མ་ཡིན་པར། དགའ་ས་ནི་ཕ་རོལ་པོའི་ལུས་སྟེང་ནས་ལྡོག་འཕྲོ་བྱས་པའི་རང་ཉིད་ལ་འདྲ་བ་ཞིག་ཡིན།

༦ དཔེ་ཀློག་ནི་ཆེས་བཟང་བའི་འདུག་གྲོགས་ཡིན།

༧ ཁྱོད་ལ་སྤྲོ་སྣང་སྟེར་བའི་མི་དེ་ནི་ཁྱོད་ལ་སྡུག་བསྔལ་འཇོག་མཁན་དེ་ཡང་ཡིན།

༨ ང་ཚོ་ནི་ནམ་ཡང་གྱེས་བྲལ་ཁྲོད་གནས། དཔེར་ན་དགའ་རོགས་དང་གནོད་འཚེ། དེར་མ་ཟད་དུས་དང་སྐབས་ཀྱང་དེ་བཞིན་ནོ།།

༩ སྐབས་ལན་རེར་རང་གཅིག་པུ་འགྲོ་བ་དེ་འདོད་སྲེད་ཅིག་གི་ཆེད་དུ་མིན་ལ། བསླུ་བྲིད་ཅིག་གི་ཆེད་དུ་དེ་བས་ཀྱང་མིན་པར་དེས་ཏག་ཏག་རང་གི་ནང་སེམས་ཀྱི་སྒྲ་ཐོས་པས་རེད།

༡༠ གཉིད་མི་ཡོང་བའི་མི་ཞིག་ལ་མཚོན་ན་དེར་སེམས་གསོ་བྱེད་ཐུབ་པའི་དངོས་པོ་གང་ཡང་མེད།

༡༡ བྱ་བ་གང་ཡིན་ཡང་སེམས་གཏིང་ནས་འཐད་པ་ཡིན་ཚེ། རྒྱུན་དུ་བསྒྲུབ་སླ་མོར་འགྱུར་ངེས།