ཆུ་ཤེལ་དཀར་པོ།

慈诚达吉

རྩེ་ རྣམ་ཤེས།

གླིང་བཞིའི་རྒྱ་ཁྱོན་ནས་རབ་ཏུ་གསལ་བའི་ཆུ་ཤེལ་དཀར་པོ་ལགས།

ངའི་ཤ་རུས་ཁྲག་གསུམ་གྱི་གས་སྲུབས་ནས་འབར་གྱིན་པའི་མེ་ལྕེ་དམར་པོ།

ཁྱེད་རང་དྲན་པའི་ལོ་ཟླའི་གཅོང་རོང་ནས་བདག་གི་ཆུང་སྙིང་དམར་པོ་ཐེངས་མང་འདྲར།

མེས་པོ་ཚོས་ཁྱོད་ཀྱིས་མཛེས་པ་གླེང་དུས།

བདག་གི་སྙིང་ཤ་དམར་པོ་གཟེར་གྱིས་བགས།

གསལ་ལ་མི་གསལ་བའི་ཟླ་འོད་ངོགས་ནས།

ངས་དམར་སྨུག་གི་ངོ་གདོང་སྒྲིབ་ནས་རྣམ་ཤེས་ཀྱི་འཕར་རྒྱུན་རེ་རེ་ནས་ཁྱོད་འབོད་ཀྱིན་པའི་ཞོགས་པ་དེར།

ཁྱོད་ནི་ལ་ཁའི་སྨུག་སྤྲིན་དང་ཆར་རླུང་གི་ཁྲོད་ནས་གང་ཞིག་ཏུ་བཞུད་སོང་།

ངས་དཀའ་ཚགས་ལ་མ་འཛེམ་པར་ང་ཡི་གཤིས་ཁམས་སུ་གྲུབ་པའི་ཡིད་དུ་འོང་བའི་ཆུ་ཤེལ་གྱི་མཛེས་པ་འཚོལ་བཞིན་ཡོད།

ཁྱེད་ཀྱིས་རང་གི་གནས་མལ་དང་རྩེ་ར་མཐའ་དག་བསྐྱུར་ནས་ཐག་རིང་དུ་ཕེབས་དོན་ཅི།

ཁྱེད་མེད་པའི་ལོ་ཟླའི་བར་གསེང་ནས་ངས་རང་ཉིད་ཡང་སྙིང་ཅི་ཞིག་གི་ཆེད་དུ་གསོན་དགོས་པའི་གནས་ལུགས་དེ་རྙེད་མ་སོང་།

ནམ་མཁའ་དང་ས་གཞི་མགོ་སྟེང་བསློགས་ནས་གང་དུ་བཙལ་ཡང་རྙེད་མི་ཐུབ་པའི་ཁྱེད།

ཅི་ལྟར་བོས་ཀྱང་ཡ་ལན་མི་འདུག

འོད་སྣང་མཐོང་མི་ཐུབ་པའི་བདག་གི་འཇིག་རྟེན་ནས།

ས་གཞི་གྲང་ཞིང་འཁྱག་ལ།

མཐའ་འཁོར་ན་མུན་ནག་གི་ཟབ་ཚད་ཧ་ཅང་འཐུག

ད་དུང་དེ་ལས་ཅང་ཁ་བ་ནག་པོ་འབབ་བཞིན་འདུག

ཉི་མ་རེ་རེའི་ཞོགས་པ་ནས་ས་སྲོད་ཀྱི་བར་དུ།

བདག་གིས་རང་ཉིད་ཀྱི་ངོ་གདོང་མི་གསལ་བར་བྱས་ནས།

མཐའ་མེད་པའི་འཇིག་རྟེན་ནས།

རྩྭ་ལྡུམ་དག་ལ་རེག་པར་སྐྲག་ནས།

དུས་ཚིགས་དང་ལོ་ཟླ་ངེས་མེད་ཀྱིས།

ཁྱེད་རང་བཙལ་བའི་སྟ་གོན་བྱས།

སུན་སྣང་དང་ངལ་བ་མེད་པར་ཡུན་རིང་ཞིག་ལ་ང་རང་མུན་པའི་དཀྱིལ་དབུས་སུ་དཀའ་སྡུག་གིས་འགྲེངས་ནས།

གཉོམ་དུང་དུང་གི་ངུ་སྐད་ཀྱིས་ཁྱེད་དང་ཁྱེད་ཀྱི་རྣམ་ཤེས་ཀྱི་འབོད་ཀྱིན་ཡོད།

འོན་ཀྱང་།

རྒྱང་རིང་གི་གནམ་སའི་ཧྲག་བར་ནས།

བདག་གི་ངུ་སྐད་གཉོམ་པོ་དེ་ཁྱེད་ཀྱིས་གཏན་ནས་ཐོས་མི་སྲིད།

དེ་ནི་མུན་ནག་གིས་བསྐལ་བའི་བར་ཐག་ཡིན། བར་ཐག་དེས་ཅི་ཙམ་རིང་ཡང་།

ང་རང་སྔར་བཞིན་ཆུ་ཤེལ་ཀྱི་མཛེས་པ་ཁོ་ན་འཚོལ་བའི་ལམ་དུ་ཆས་འདོད།

རྒྱུ་མཚན་ནི་ཨ་མས་དད་ཕྱག་འབུལ་སའི་ཕོ་བྲང་དམར་པོ་ཧྲག་དམག་གིས་འཇབས་རྒོལ་ཐེབས་པའི་གཟུགས་རེས་མཐོང་བ་ནས།

ང་རང་ངལ་དུབ་དང་སྐྱོ་སྣང་གི་ཀློང་དུ་ཉུལ་བཞིན་ཁྱེད་རང་བཙལ་བར་བྲེལ་ཞིང་།

ཁྱེད་རང་བཙལ་བ་ནི་བདེ་སྐྱིད་ཀྱི་སྙིང་བོར་རློམ་ཡོད།