རྒྱུགས་ལེན་སྐབས་སུ་སྐྱེས་པའི་འཚོར་བ་དང་རང་ལ་གདམས་པ།

རུ་མང་དཔལ་འཇམ།

སོལ་དལ་ངང་གིས་བརྩོན་པ་མ་བྱས་ན།།

དུས་ལ་སླེབས་དུས་ཁྲ་ཆུང་མིག་གིའི་སྡུག།

སྙིང་ཆུང་དམར་པོ་འདར་འདར་སྐྲག་དགོས་པས།།

དུས་རྒྱུན་སློབ་ལ་འབད་དགོས་ཨ་མའི་བུ།།

རྒྱུགས་ཤོག་ལེབ་མོ་འཕྲད་དུས་སེམས་ཀྱི་སྡུག།

རྒུན་གྱི་གྲང་བསིལ་འུག་པ་འཕྲད་པ་མཚུངས།།

འུག་པ་དབྱར་ཁར་ལུས་ལ་མ་འབད་ཀྱིས།།

རྒུན་ཁར་ངང་གིས་རང་མགོ་བབས་པ་བཞིན།།

སྨྱུག་གུ་ལག་ཏུ་ཐོག་པར་བཟང་མོད་ཀྱང་།།

མཁས་པའི་ཁག་ཏུ་ཅང་མེད་སྙིང་རེ་རྗེ།།

དགེ་རྒན་སྔོན་དུ་སླེབས་དུས་སྔང་སྐྲག་ཅིག།

འབྲི་རྒྱུར་མ་བརྙེད་སེམས་སུ་སྟོང་བ་ཞིག།

མགོ་བོར་འདེགས་ཤིང་ཕྱོགས་བཞིར་བལྟ་བ་ན།།

མ་མཐོང་ཡུལ་ནས་མིག་གི་རིག་རིག་གིས།།

དབྱར་ཁར་ཕྱུགས་རྫི་རྒན་པོའི་བོར་གཏོར་བཞིན།།

མ་བརྙེད་གང་སར་བཙལ་བ་ལྷག་ཏུ་སྡུག།

ཤོག་ངོར་འབྲི་རྒྱུ་མེད་ཀྱང་གཡོ་ཟོལ་གྱིས།།

དཔྲལ་བར་མདུད་པ་རྒྱབ་པའི་གཟུགས་སུ་ཡི།།

བསམ་བློ་བཏང་དུ་ཡོད་པའི་ཆ་ལུགས་བཞིན།།

རང་ཉིད་མཁས་པའི་གྲལ་གྱི་བརྟུལ་ཞུགས་བླངས།།

དེ་དག་གང་ལ་མི་འབྱོང་སྔོན་སྦྱོང་དུ།།

རང་གི་སྦྱང་བྱ་གཙོ་ཆེ་གཞན་དག་རྣམས།།

ཆ་ཚང་བློ་ཡིས་འཛིན་པར་མ་ནུས་ཀྱང་།།

ནུས་ཚད་བརྩོན་པར་གྱིས་ཤིས་དེད་དཔོན་ལགས།།

2017/5/16ཉིན་བསྡུས་གྲྭའི་རྒྱུགས་སྤྲད་རྗེས་སུ་སྦྱར་བའོ།