རྒྱའི་སྙན་ངག་པ་ཝང་གོ་ཀྲིན་གྱི་སྙན་ངག་ཁག་གསུམ།

ཡིག་སྒྱུར་བ། གྲུ་ཆུང་།

ཡུམ་ཆེན་གྱི་བརྩེ་བ།

ང་ཚོ་ཡུམ་ཆེན་ལ་འདང་ཆེ་ཡང་།

ཡུམ་ཆེན་ང་ཚོར་བརྩེ་བ་དང་མི་འདྲ་སྟེ།

ང་ཚོའི་བརྩེ་བ་ནི་གྲོག་ཆུ་དང་འདྲ་ཞིང་།

ཡུམ་ཆེན་གྱི་བརྩེ་བ་ནི་རྒྱ་མཚོ་ལྟ་བུའོ།།

ལྷུང་བར་དོགས་པའི་རྩྭ་སྟེང་གི་ཆུ་ཐིགས་དག

རིལ་ལ་དྭངས་ཤིང་གསལ།

དེ་ནི་ཉི་མས་གནང་བའི་ཟེར་འོད་རེད།

ཟླ་བཞི་བའི་ཉིན་དག་ནི།

ཟླ་སྟོད་དུ་མཛེས་སྡུག་ཡིད་དུ་འོང་།

ཟླ་སྨད་དུ་བརྗིད་ཆགས་འོད་སྟོང་ལྡན།

དེ་ནི་དཔྱིད་རླུང་གིས་ཞབས་ཀྱིས་བཅགས་པའི་གནས་རེད།

ང་ཚོའི་སྤྲོ་སྣང་ནི།

ཡུམ་ཆེན་གྱི་ཞལ་ངོའི་འཛུམ་མདངས་ཡིན།

ང་ཚོའི་སྡུག་བསྔལ་ནི།

ཡུམ་ཆེན་གྱི་མིག་ཟུང་ལས་མངོན་པའི་སེམས་གཅོང་ཡིན།

ང་ཚོ་ཐག་རིང་ཐག་རིང་ལ་སོང་ཆོག་མོད།

འོན་ཀྱང་ཡུམ་ཆེན་གྱི་སེམས་ཁོང་གི་ཐང་ཆེན་ནས།

གང་ལའང་འགྲོ་ཐབས་བྲལ་ལོ།།

དྲན།

ངས་ཁྱོད་ལ་ནན་བཅོལ་བྱས་པ་དེ།

ཁྱོད་ཀྱིས་བརྗེད་མི་སྲིད་ཟེར།

ཁྱོད་ཀྱིས་ང་ལ་བཤད་པ་དེ་ཡང་།

ཡོད་ཚད་ངས་གཅེས་ཉར་བྱས་ཡོད།

འུ་གཉིས་ལ་མཚོན་ན།

དྲན་ཤེས་ནི་གཡོས་ནས་ནུབ་པ་མེད་པའི་ཉིན་མོ་ཡིན་པས།

ནམ་ཡང་སེར་ཐིག་ལྷུང་བ་མེད།

མཉམ་འཛོམས་ཀྱི་དུས་དེ་ནམ་རྒྱུན་ཧ་ཅང་ཐུང་།

རེ་སྒུག་གི་དུས་དེ་ནམ་རྒྱུན་ཧ་ཅང་རིང་།

ལོ་ཟླའི་ཆུ་རྒྱུན་གྱི་ངོགས་སུ།

འོད་ལམ་ལམ་གྱི་སྙན་ངག་གི

ཚིག་འབྲུ་ག་ཚོད་ཅིག་བསྒྲུགས་ཡོད་ཨང་།

གལ་སྲིད་ཁྱོད་ཀྱིས་ང་རང་དྲན་འདོད་ཚེ།

ནམ་མཁར་འོད་ཆེམ་ཆེམ་བྱེད་པའི།

སྐར་ཚོགས་ལ་གཟིགས་དང་།

དེ་རུ་ངས་ཁྱོད་ཉིད་བཙལ་བའི་མིག་མདངས་ཡོད།

ལོ་ཟླ་ནི་དཔེ་དེབ་ཅིག་གོ།

ལོ་ཟླ་ནི་དཔེ་དེབ་ཅིག་སྟེ།

ངས་ལུས་སེམས་ཡོངས་ཀྱིས་ཀློག་བཞིན་ཡོད།

ལོ་ནས་ལོ་རུ།

དེ་བཀླགས་པས་ང་ལ་བདེ་སྐྱིད་ལྡན་ལ།

དཀའ་སྡུག་ཀྱང་ཆེ།

ཉིན་ཞིག་ལ།

ནུ་མོས་ང་ལ་བཤད་རྒྱུར།

འཚོ་བ་འདི་ལྟར་རོལ་ཚེ།

ཁྱོད་མྱུར་དུ་རྒས་ངེས་རེད་ཟེར།

ངས་དགག་ལན་དུ་མོ་ལ།

མིན། འདི་ལ་རྒས་པ་མི་ཟེར།

འཚར་ལོངས་ཟེར་ཞེས་བཤད།

母亲的爱

我们也爱母亲

却和母亲爱我们不一样

我们的爱是溪流

母亲的爱是海洋

岌岌草上的露珠

又圆又亮

那是太阳给予的光芒

四月的日子

半是烂漫

半是辉煌

那是春风走过的地方

我们的欢乐

是母亲脸上的微笑

我们的痛苦

是母亲眼里深深的忧伤

我们可以走得很远很远

却总也走不出

母亲心灵的广场

思念

我叮咛你的

你说 不会遗忘

你告诉我的

我也 全都珍藏

对于我们来说

记忆是飘不落的日子

永远不会发黄

相聚的时候

总是很短

期待的时候

总是很长

岁月的溪水边

捡拾起多少闪亮的诗行

如果你要想念我

就望一望天上那

闪烁的繁星

有我寻觅你的 ---目光

岁月,是一本书

岁月,是一本书

我用整个身心在读

一年又一年

我读得很幸福

也很辛苦

有一天

妹妹对我说

这样生活

你会很快老的

我反驳她说

不,这不叫衰老叫成熟