《当我老了》

当我老了,不再是原来的我。请理解我,对我有一点耐心。

当我把菜汤洒到自己的衣服上时,当我忘记怎样系鞋带时,请想一想当我是如何扶着你的手慢慢教你。

当我一遍又一遍重复你早已听腻的话语,请耐心听我说,不要打断我。

你小的时候,我不得不重复那个讲过千百遍的故事,直到你进入梦乡。

当我需要你帮我洗澡时,请不要责备我。

还记得小时候我千方百计哄你洗澡的情形吗?

当我对新科技和新事物不知所措时,请不要嘲笑我。

想一想当初我怎样耐心回答你的每一个“为什么”。

当我由于双腿疲劳而无法行走时,请伸出你年轻有力的手搀扶我。

就像你小时候学习走路时,我扶你那样。

当我忽然忘记我们谈话的主题,请给我一些时间让我回想。

其实对我来说,谈论什么并不重要,只要你能在一旁听我说,我就很满足。

当你看着老去的我,请不要悲伤。理解我,支持我。

就像你刚刚才开始学习如何生活时我对你那样。

当初我引导你走上人生路,如今请陪伴我走完最后的路。

给我你的爱和耐心,我会报以感激的微笑,这微笑中凝结着我对你无限的爱。

《ང་རང་ལོ་ན་རྒས་དུས།》

རྡུལ་ཕྲན་གྱིས་བསྒྱུར།

ང་རང་ལོ་ན་རྒས་དུས།
དང་ཐོག་གི་ང་རང་མ་ཡིན་པ་རེད་དུས།
ང་ལ་བསམ་ཤེས་ཤིག་གནང་རོགས།
ང་ལ་བཟོད་སྒོམ་ཅུང་ཟད་མཛད་རོགས།

ངས་སྔོ་ཚོད་ཀྱི་ཁུ་བ་གོས་ཐོག་ལ་འཕོ་དུས།
ངས་ལྷམ་སྒྲོག་ཇི་ལྟར་སྒྲོག་དགོས་པ་ཡང་བརྗེད་དུས།
ངས་ཁྱེད་རང་གི་ལག་པ་བསྐྱོར་བཞིན་དལ་བུས་ཇི་ལྟར་བསླབ་པ་དྲན་ཙམ་དྲན་ཙམ་གནང་རོགས།

ཁྱོས་ཉན་ནས་སུན་ཚར་བའི་སྐད་ཆ་དག་ངས་བསྐྱར་བལྡབ་ཡང་བལྡབ་ཀྱིས་བཤད་དུས།
ཁྱེད་ཀྱིས་བཟོད་སྒོམ་གྱིས་ང་ལ་གསན་ཙམ་གནང་རོགས།
ངའི་སྐད་ཆ་ལ་བར་ཆད་མ་མཛད་རོགས།

ཁྱེད་རང་ཆུང་ཆུང་ཡིན་སྐབས།
ཁྱེད་རང་རྨི་ལམ་གྱི་ཞིང་སར་མ་སླེབས་ཀྱི་བར་དུ།
ལན་གྲངས་སྟོང་ལ་བཤད་མྱོང་བའི་གཏམ་རྒྱུད་དེ་ངས་བསྐྱར་བལྡབ་དང་ཡང་བལྡབ་མ་བྱས་རང་བྱས་རེད།

ང་ལ་ཁྱེད་ཀྱིས་རོགས་རམ་བྱས་ནས་ལུས་ཁྲུས་བྱ་དགོས་པའི་དུས་སུ།
ཁྱེད་ཀྱིས་ང་ལ་འཁང་ར་མ་བྱེད་རོགས།

ཁྱེད་ཆུང་ཆུང་ཡིན་དུས་ངས་ཐབས་ཤེས་ཡོད་དགུ་བཏོན་ནས་ངོས་དགའ་བྱེད་བཞིན།

ཁྱེད་ལ་སྐུ་ཁྲུས་བྱས་པའི་རྣམ་པ་དེ།

ཁྱོས་ད་ལྟ་དྲན་གྱི་ཨེ་འདུག

ངས་ཚན་རྩལ་དང་བྱ་དངོས་གསར་པ་བེད་སྤྱོད་མི་ཤེས་དུས།

ང་ལ་ཁྲེལ་དགོད་མ་གནང་རོགས།

ཐོག་མར་ངས་ཁྱེད་རང་གི་རྒྱུ་མཚན་གང་རེད་ཅེས་པའི་དྲི་བ་རེ་རེ་ལ་ལན་གང་འདྲ་བྱས་ནས་བཏབ་པ་དྲན་ཙམ་དྲན་ཙམ་གནང་རོགས།

ང་རྐང་པ་གཉིས་ངལ་ཞིང་དུབ་པས་གོམ་སྟབས་ཀྱིས་འགྲོ་བའི་ཐབས་ཤེས་མེད་དུས།

ན་གཞོན་སྟོབས་ཤུགས་ལྡན་པའི་ཕྱག་ལག་བསྐྱངས་ནས་ང་རང་བསྐྱོར་ཙམ་གནང་རོགས།

དཔེར་ན་ཁྱེད་རང་ཆུང་ཆུང་ཡིན་དུས་འགྲོ་སྟངས་སློབ་སྐབས།

ངས་ཁྱེད་རང་བསྐྱོར་བ་བཞིན་དུ།

ངས་ངེད་གཉིས་ཀྱི་གླེང་གཞི་བརྗེད་ནས་མི་དྲན་དུས།

ང་ལ་དུས་སྐབས་ཙུང་ཙམ་བྱིན་ནས་དྲན་དུ་བཅུག་རོགས།

དངོས་གནས་ང་རང་ངོས་ནས་བཤད་ན།

ག་རེ་གླེང་མིན་གཙོ་བོ་མ་ཡིན།

ཁྱེད་ཀྱིས་ཟུར་ནས་ངས་བཤད་པ་ལ་གསན་ཙམ་གནངས་ན།

ངའི་སེམས་ཁ་ཡོངས་སུ་གང་ཐུབ།

ཁྱེད་ཀྱིས་བགྲེས་སོང་གི་ང་རང་མཐོང་དུས།

སེམས་སྡུག་མ་གནང་རོགས།

ང་ལ་བསམ་ཤེས་མཛད་རོགས།

ང་ལ་རྒྱབ་སྐྱོར་མཛད་རོགས།

དཔེར་ན་ཁྱེད་ཀྱིས་ཐོག་མར་ཇི་ལྟརའཚོ་བ་རོལ་སྟངས་སློབ་དུས།

ངས་ཁྱེད་རང་ལ་བྱས་པ་བཞིན་དུ།

ཐོག་མར་ངས་ཁྱེད་རང་མི་ཚེའི་ལམ་ཁར་འགྲོ་བའི་ལམ་སྟོན་བྱས་པ་ནང་བཞིན།

ད་ལྟ་ང་ཆེས་མཐའ་འཇུག་གི་ལམ་ཁར་འགྲོ་བའི་རོགས་རམ་གནང་རོགས།

ང་ལ་ཁྱེད་ཀྱི་བརྩེ་བ་དང་བཟོད་སེམས་གནོངས་དང་།

ངས་དགའ་བའི་འཛུམ་མདངས་ཀྱིས་དྲིན་ལན་འཇལ་ཡོང་།

འཛུམ་མདངས་འདིའི་ཁྲོད་ན་ངས་ཁྱེད་ལ་བཅངས་པའི་ཚད་མེད་པའི་བརྩེ་བ་ཆགས་ཡོད།

སྒྲིག་སྦྱོར་པ། ཨ་ཀར་ཤེས།

编排着: 阿呷西