我的美篇

འཛོར་བུ.intelligent

༼དུས་ཞིག་གི་གནར་བཅོད།།༽

འཛོར་བུ་ཤེས་ཕྲུག་གྱིས། །

གལ་ཏེ།  ཁྱེད་རང་།
མཛེས་སྡུག་གི་འཚོ་བ་ངེས་ཆེན་ཞིག་ལ།།
བརྩེ་གདུང་གི་རོལ་ཆ་མྱོང་བས་ཕམ་ཉེས་དེ་ཡིན་ན།།
ད་ལྟ།  ཁྱེད་ཉིད།
འདས་སོང་ལ་བསྐྱར་གསོ་བྱེད་དེ།།
རྨས་སྐྱོང་གི་ན་ཟུག་མི་བཟོད་པ།།
སྔར་སོང་གི་གནར་གཅོད་མྱོང་ལ།།
སྦར་མོའི་བྲང་ཁོག་ལ་བཅངས་ནས།།
ཁེར་རྐྱར་ལ་རེ་འབོད་བྱེད་ཞིང་ཡོད་ཤག།
ཡིན་ཡང་། ཁྱེད་ཀྱི་སྔར་སོང།
ལོ་ཟླའི་བྲིས་པའི་དགའ་སྐྱོ་དེ་དག་ལས།
སྒེག་མའི་ཉམས་ཀྱི་གསང་མཏམ་འདི་ཤོར་ཟིན།
དགའ་མགུ་དང་གདུང་བའི་དུས་སུ་ཡང།
འདོད་དགུའི་བརྩིགས་པའི་རྣམ་ཐར་ཡང་བཤད་ཟིན།།
མཐར་ཐུག་དང་མཐའ་མའི་དབར་ནས།།
ཁྱེད་རང་ཐོབ་ཡོད་པ་ནི།།
གནར་བཅོད་དམ་ཕམ་ཉེས་ཞིག།
འགྱོད་གདུང་གི་གད་ཁ་ཐོག་ཤིང།།
གོམ་འགྲོས་སྟངས་སྟབས་ཀྱང་བོར་ཚར།
གཡོ་ཟོལ་དང་རྫུན་འབག་འོག་ཏུ།།
འཁྱར་འཁྱོར་གྱི་ལྗིད་སྙིགས་བྱེད་ནས།།
རྒྱ་ལྕང་ཞིག་གི་འོག་ནས་གྱེས་མ་འདོད།།
ཡིན་ཡང་།། འདི་རུ།།
ཕན་ཚུལ་བརྩེ་སེམས་འཁྱུད་པའི་དགོད་སྒྲ་དེ་ཡང་ལྷག་མེད་ལ།།
ཕྱག་བཟུང་འཐམ་པའིགཏམ་རྒྱུད་ཡང་འཐོར་ཟིན།།
ཡོད་ཚད་མིག་བཟུང་གི་མཚམས་ནས་རེ་འདོད་བརླག་པ་ནི།།
ཁྱེད་ཀྱི་གསང་གཏམ་ཞིག་ཡིན་མོང།།
འོན་ཀྱང་།། ཁྱེད་རང་།།
ཁྲ་ཆུང་སྤྱན་མིག་གིས་ལམ་ཁ་ནས་ཁེར་རྐྱང་གི་གྲིབ་གཟུགས།།
ཁྱེད་གཅིག་བུ།  ཉི་ནུབ་ཀྱི་ཕྱོགས་སུ་ཁ་རྒྱུ་ཞིང།།
སེམས་པ་དམར་པོའི་སྨག་རུམ་དུ་ཤོར་ཏེ།།
ན་ཟུག་དང་སྡུག་སྐད།།
བརྩེ་སྐྱོང་དང་ཞེ་ཆགས་ཀྱི་སྡུག་བསྔལ་ལས།།
དགའ་བྱེད་དགྲ་བོ་འདི་ཚད་མེད་ཟུང་འབྲེལ་ཀྱི་བློ་ངོས་སུ་ཟུག་རུང།།
རླུང་འཚུབ་ཀྱི་འཁྱེར་བ་ཁོ་བོས་རྒྱབ་གཟུགས།
རྒྱང་རིང་ནས་རྒྱང་རིང་དུ་འཕུར་ཟིན།།
ཁྱེད་རང་སྔར་རྒྱུན་བཞིན་བརྩེ་གདུང་གི་བདག་པོ་དེ་ཡིན་ཡང་།།
མཚན་ལྗོགས་བསུ་བའི་གྲིབ་གཟུགས་ནི།།
ཁེར་རྐྱང་གི་མིག་ཆུ་ལྷན་དུ།།
སྐྱོ་གླུ་ཞིག་ལས་གང་ནས་ཡོད།།