࿐ལུང་རིགས་ཀྱི་འབེལ་གཏམ་སྨྲ་བར་སྙིང་ནས་སྤོབས་པའི་བ་དན་དཀར་པོས་གཙུག་ན་མཛེས་ཤིང་། མཁས་བཙུན་བཟང་གསུམ་གྱིས་བསྟན་པའི་འཁུར་ཆེན་རིང་དུ་འཁྱེར་བར་འགྲན་ཟླ་མེད་པ། འཆད་པ་དང་རྩོད་པ་རྩོམ་པ་སོགས་ཀྱི་དབྱར་རྔ་སྲིད་པའི་རྩེ་མོ་ནས་སྒྲོག་པའི་འཕྲིན་ལས་ཀྱི་གཟི་འོད་མི་ཉམས་འཚེར་དུ་འཕྲོ་བའི་ངོར་དགོན་ནང་བསྟན་སློབ་གྲྭ་ཐུབ་བསྟན་མདོ་སྔགས་རིག་པའི་འབྱུང་གནས་སུ་རང་བཤད་གྲྭའི་ལས་ཐོག་མཁན་ཆེན་རྣམ་གཉིས་དང་བསམ་ཡས་མཁན་ཆེན་བསྟན་པ་རིན་ཆེན་མཆོག་དབུར་བཞུགས་ཐོག་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གྲྭ་ནས་ཆེད་ཕེབས་གནང་བའི་མཐོ་རམས་པ་རྣམ་པས་རྒྱ་ཆེའི་གཞུང་ལུགས་ཀྱི་དོན་ལ་ཟབ་མོའི་དཔྱད་འཚོལ་གྱི་བགྲོ་གླེང་རྩོད་པའི་གཞུང་ཆེན་ལྔ་ཡི་དམ་བཅའ་བཞག་གནང་བ་དང་དེ་བཞིན་ངོར་དགོན་ནང་བསྟན་པས་གཞུང་ཆེན་པོད་ལྔའི་དམ་བཅའ་བཞག་ཅིང་པེ་ཅིང་ནང་བསྟན་པས་ལུང་རིགས་ཀྱི་འབྲུག་སྒྲ་ཆེན་པོ་གཡོ་བར་མཛད་པ་ལ་རྟེན་འབྲེལ་ཞུའོ།

༄༅། །རྣམ་དག་བཤད་པ་གཙང་མའི་གསར་སྡེ་སྐྲུན། །

ཏིང་འཛིན་སྒོམ་པ་ཟབ་མོའི་གུར་ཁང་བཙུགས། །

བཤད་སྒྲུབ་ཟུང་གཉིས་སྤྱོད་པའི་ཕ་མཁར་ན། །

བསྟན་འཛིན་དམ་པའི་ཡང་རྩེ་བདག་གི་མགོན། །

ཉིན་དང་པོར་ས་སྐྱ་མཐོ་རམས་པ་རྣམས་ཀྱིས་ཚད་མ་དང་ཕར་ཕྱིན་དམ་བཅའ་འཇོག་བཞིན་པ།

ཉིན་གཉིས་པར་ས་སྐྱ་མཐོ་རམས་པ་རྣམས་ཀྱིས་དབུ་མ། མཛོད། འདུལ་བ་དམ་བཅའ་འཇོག་བཞིན་པ།

ཉིན་གསུམ་པར་ངོར་ནང་བཤད་གྲྭ་བ་རྣམས་ཀྱིས་གཞུང་བཀའ་པོད་ལྔར་དམ་བཅའ་འཇོག་བཞིན་པ།

དེ་རྗེས་ཕན་བདེ་མཁན་ཆེན་མཇལ་འཕྲད་དང་གནས་གཟིགས་བཅས་པ་བཀྲ་ཤིས་པའི་ངང་ནས་ལེགས་པར་གྲུབ་སོང་།

འགྲོ་ལ་བདེ་སྐྱིད་འབྱུང་བའི་སྒོ་གཅིག་པུ། །

ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ། །

ཡུལ་དུས་གནས་སྐབས་ཀུན་ཏུ་མི་ཉམས་པར། །

ཕྱོགས་མཐར་དར་ཞིང་རྒྱས་པར་མཛད་དུ་གསོལ། །

སྒྲིག་སྦྱོར་བ། ཨེེ་ཝཾཾ་གྱིི་དུང་ཟླ།