རེ་བས་དེད་ནས་ཏུན་ཧོང་ལ་ཐོན་ཡོད།

日芒·成立

རེ་བས་དེད་ནས་ཏུན་ཧོང་ལ་ཐོན་ཡོད།

རེ་བས་དེད་ནས་ཏུན་ཧོང་ལ་ཐོན་ཡོད།

རུ་མང་འཕྲིན་ལས་རྒྱ་མཚོ།

གནའ་བོའི་རིག་གནས་རྫོང་ཆེན་ཏུན་ཧོང་ལ་ཐོན་ཡོད། །

དཔའ་བོས་བཙན་རྫོང་འཛུགས་སའི་ཏུན་ཧོང་ལ་ཐོན་ཡོད། །

མཁས་པས་སྒྱུར་གྲྭ་འཛུགས་སའི་ཏུན་ཧོང་ལ་ཐོན་ཡོད། །

གནའ་བོའི་ལོ་རྒྱུས་བཙལ་ནས་ཏུན་ཧོང་ལ་ཐོན་ཡོད། །

ལྡེབས་རིས་དུད་དྲེག་ཅན་གྱི་ཏུན་ཧོང་ལ་ཐོན་ཡོད། །

གི་གུ་ཕྱིར་ལོག་ཅན་གྱི་ཏུན་ཧོང་ལ་ཐོན་ཡོད། །

ཚེག་ལ་ངེས་པ་མེད་པའི་ཏུན་ཧོང་ལ་ཐོན་ཡོད། །

གླེགས་བམ་ལག་བྲིས་བང་མཛོད་ཏུན་ཧོང་ལ་ཐོན་ཡོད། །

གནའ་བོའི་རིག་རྫས་རིན་ཆེན་རིན་ཐང་ད་ེའཚོལ་འདོད། །

བཙུན་པ་ཝང་ཡུན་ལུའུ་ཡི་བྱེད་སྟངས་ལ་ལྟ་འདོད། །

དབྱིན་ཇིའི་ཚོང་བ་དེ་ཡི་བསླུ་ཐབས་དེ་གླེང་འདོད། །

མན་ཇུའི་སྲིད་གཞུང་སྐབས་ཀྱི་བོར་བརླག་ཀྱང་བརྗོད་འདོད། །

ཏུང་ཧོང་གྲོང་ཁྱེར་གྱི་མཚན་ལྗོངས།