ཀ་རྩོམ་རང་སེམས་འགུལ་བའི་ལྕགས་ཀྱུ།

ཨ་༷ཁ་ཆུ་འཛིན་འཁྲིགས་ཅིང་སྨུག་པའི་ས་སྟེང་ཁྱབ།།

ཨ༷་ལ་བདུད་བརྩི་བསིལ་མའི་ས་གཞི་སྐྱེས་སྟོབས་རྒྱས།།

ཧ༷་ཅང་མཐོ་ལ་ཡིད་དབང་འཕྲོག་པའི་གར་སྟེགས་སྟེང་།།

ཧ༷་ཅང་མཛེས་པའི་བུ་མོའི་སྟངས་སྟབས་མངོན་པ་མཚར།།

ས༷་གཞི་སྙོམས་ལ་མི་མཐའ་མེད་པའི་གོས་ལྗང་ཐང་།།

ཤ༷་རྩ་དཀར་ལ་མདངས་ཡག་བུ་མོའི་བཞིན་རས་ངོམ།།

ལ༷་ཁའི་སྟེང་ན་སྒེག་ཉམས་མངོན་པའི་བུ་མོ་ཚོས།།

ར༷་མ་ལུག་གི་གོན་པ་གྱོན་ནས་མིག་མདའ་འཕེན།།

ཡ༷་རབ་བུ་མོའི་བོད་ལྭ་ལུས་སྟེང་གྱོན་པ་འདི།།

འ༷་ཅག་ཕོ་གསར་གཞོན་ནུའི་མིག་གི་དགའ་སྟོན་ཡིན།།

ཟ༷་མ་སྡེར་ཁ་གསེབ་ནས་མཐོང་བའི་སྒྲོལ་མ་དེ།།

ཞྭ༷་མོ་གྱོན་པའི་ཕོ་གསར་ང་ཡིས་ཡིད་སེམས་འཕྲོག།།

ཝ༷་མོ་འདྲ་བའི་བུ་མོས་སྐད་གསང་མཐོན་པོའི་ལབ།

ཛ༷་རེ་ཛོ་རེ་སྒྲིག་པའི་ལྷ་མོ་ཚོགས་རྣམས་གྱིས།།

ཚ༷་གི་ཚི་གི་ཚང་མ་ཉོག་ལྟར་བསྡད་ནས་བལྟས།།

ཙ༷་ན་ང་རང་ཁོ་མོའི་རྗེས་ནས་དགད་ནས་གད།།

མ༷་མ་དབྱངས་ཅན་ལྷ་མོར་འགྲན་པའི་སྒེག་ཉམས་ཅན།།

བ༷་དན་འོག་གི་གཤིས་འཇམ་སྒྲོལ་མའི་རྣམ་སྤྲུལ་ཅན།།

ཕ༷་མའི་གམ་དུ་འཛུམ་གྱིས་ང་ལ་ལྟ་བཞིན་འདུག།

པ༷་སངས་ཉིན་འདི་ང་ཡང་ཁོ་མའི་སེམས་ལ་ཟུག།

ན༷་གཞོན་སྟོབས་རྒྱས་རྟ་མཆོག་གོང་ན་དཔའ་ངར་ལྡན།།

ད༷་གིན་བུ་ཆུང་དོན་འགྲུའི་རྫིག་ཉམས་ངོམ་པ་ན།།

ཐ༷་མར་བུ་མོ་སྒྲོལ་མའི་སེམས་པ་གཏིང་ནས་གུག།

ཏ༷་ལའི་ལོ་མ་བཞིན་དུ་བརྩེ་དུངས་ཟོལ་གྱིས་བཞད།།

ཉ༷་གང་ཟླ་བའི་བཞིན་རས་མདངས་བཀྲ་བུ་མོ་ཁྱོད།།

ཇ༷་ཆང་རྩེད་ལ་དགའ་བའི་བུ་ཆུང་དོན་གྲུབ་གིས།།

ཆ༷་ཚང་མིན་པའི་སྐད་ཆ་སྒྲིག་ནས་འཕྲིན་པ་སྤྲེངས།།

ཅ༷་ཅོ་མེད་པར་ང་ཡི་བརྩེ་དུངས་མ་སླུ་རོགས།།

ང༷་ཉིད་གར་མཁན་བུ་མོ་ཁྱེད་ལ་ཕྲད་པ་ནི།།

ག༷་དུས་ཡིན་ཡང་སེམས་ཀྱི་མི་འགྱུར་རི་མོ་ཡིན།།

ཁ༷་སང་དེ་རིང་ངེད་གཉིས་གཏམ་རྒྱུད་རིང་མོ་དེ།།

ཀ༷་ཁ་སུམ་ཅུ་ཐམ་པའི་གདེངས་དབྱངས་སྟར་ལ་རྒྱུད།།

དོ་རྒྱ་བ་དོན་གྲུབ་དབང་རྒྱལ།