བརྗེད་དཀའ་བའི་དྲན་ཐོ།

美友4477258

དེ་རིང་གི་ཁྲི་འདུ་རྩ་ཐང་ནི་ཁྱབ་དཔལ་རིག་གསུམ་མེ་ཏོག་སྣ་ཚོགས་ཀྱི་ས་བོན་གྲུང་པོ་ལ། ཆུ་ལུད་དྲོད་སྐྱེའི་མཐུན་རྐྱེན་འཛོམས་པའི་གོ་སྐབས་བཟང་པོ་ཞིག་ཡིན་ལ། མཁས་དཔོན་འབངས་གསུམ་ལག་གདང་སྦྲེལ་བའི་འཆམ་མཐུན་གྱི་ངར་ཤུགས་ཤིག་ཀྱང་ཅི་ལ་མིན། མི་རིགས་དང་རིག་གནས་ལྷག་བསམ་རྣམ་གསུམ་དམ་ཚིག་བརྟན་པའི་ཁྲི་འདུ་མི་དམངས་སེམས་ནང་གི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་ཏུ་དེ་བས་ཀྱང་རེ་སྨོན་དང་ཡིད་ཆེས་བྱེད་ཁུལ་ཡིན།

རེད་ཡ། གནས་འདིའི་ཕྱོགས་མཚམས་ཀྱི་རི་དང་རི་བརྒྱུད་ནི། ཡང་མེས་ཚོའི་ཕྱག་རུས་དང་ཞབས་རུས་ཀྱིས་གང་བའི་ཞབས་རྗེས་ཡོད་ལ།

ཡུལ་འདིའི་དྭངས་གཙང་གི་ཆུ་བོ་མ་ལུས་ཀུན་རྒན་རབས་ཚོས་རྔུལ་རྒྱུན་དང་ཁྲག་རྒྱུན་གྱིས་བཞུར་རྒྱུན་ལས་གྲུབ་པའི་གཏམ་རྒྱུད་ཀྱང་བཞག་ཡོད།

ས་འདིའི་རྩི་ཤིང་དང་ནགས་ཚལ་ཡོངས་རྫོགས་མི་རྒྱུད་གོང་མའི་པགས་པའི་མེ་ཏོག་དང་ལུས་སྐྱེས་མྱུ་གུ་འང་བཤད་ཆོག །

མདོར་ན་སྣོད་བཅུད་འདི་ཀུན་མི་རིགས་དང་རིག་གནས་བར་གྱི་འབྲེལ་ཐག་ཡིན་ཅིང་།

ཚེ་སྲོག་དང་ལུས་ཁམས་བར་གྱི་འཚོ་བཅུད་ཀྱང་ཡིན་ལ།

ཁ་ཟས་དང་རྒྱབ་གོས་གནས་མལ་དང་ལོངས་སྤྱོད་ཀུན་ཀྱང་འདི་དང་འབྲེལ་བ་ཤ་སྟག་ཡིན།

ང་དང་ཁྱེད་འཛམ་གླིང་ཀུན་གྱི་གཞི་རྟེན་ཡང་ཡིན་པས།

རྟེན་འབྲེལ་ཡང་ཡིན་ལ་ལྟོས་བཅས་ཀྱིས་གྲུབ་བོ། །

ཕན་ཚུན་རྐྱེན་གྱིས་གྲུབ་པའི་རང་བྱུང་ཁོར་ཡུག་དང་ལས་ཀྱིས་རྒྱུ་བའི་སྲོག་ལྡན་སེམས་ཅན་ཀུན་གཅིག་ཕན་གཅིག་གྲོགས་ཀྱིས་གོ་རྟོགས་ཤེས་གསུམ་ལྡན་པས།

རང་གི་ཕ་ས་ཕ་ཡུལ་ནས་འགོ་བརྩམས་ཏེ་མི་རིགས་རིག་གནས་ཡུལ་སྲོལ་གོམས་གཤིས། ཆོས་དང་རིག་གཞུང་ཀུན་དམངས་ཁྲོད་སྲོལ་རྒྱུན་གྱི་ལམ་ནས་བཙལ་སྒྲུབ་དང་ངོས་འཛིན་བྱས་ནས་རིན་ཐང་དང་རྩིས་ཐང་ཆེན་པོས། དགའ་ཞེན་དང་དུང་བ་ཟབ་མོས། གཟུར་གནས་ཤེས་རབ་ཀྱི་ཞིབ་དཔྱོད་རྣོན་པོས། ཐབས་མཁས་ཀྱི་ལམ་བཟང་བརྒྱུད་དེ་སྙིགས་འདོར་བཅུད་ལེན་གྱིས་གཅེས་སྐྱོང་དང་དར་སྤེལ་བྱས་ནས་ཁ་བ་རི་པའི་ཆོས་དང་རིག་གཞུང་འཛམ་གླིང་རང་བཞིན་ཅན་དུ་གྱུར་ཏེ། སྲོག་ལྡན་སེམས་ཅན་ཀུན་གྱི་གཞི་རྟེན། སྣོད་བཅུད་དཔལ་ཡོན་གཉིས་ལྡན་གྱིས་ཕྱོགས་དང་རིས་སུ་མ་བཅད་པའི་འཛམ་གླིང་མཐའ་གྲུ་ཀུན་ཏུ་དུས་བདེ་གནས་འཇགས་བདེ་སྐྱིད་ཕུན་སུམ་འཚོགས་པའི་ཆེད་ནམ་ཡང་འབད་བརྩོན་ལྷོད་མེད་དགོས་པ་ནི་སྨྲ་ཤེས་དོན་གོ་ཁྲི་འདུའི་མི་བུ་ཀུན་ལ་མ་བཅོལ་ཕྲག་ཏུ་བབ་པའི་འོས་འགན་ཞིག་གོ། །

ཆོས་ཉིད་དོན་གྱིས་འབྲེལ་བའི་སྣོད་བཅུད་ཀྱི་གནས་སྣང་ནི་མདོ་སྔགས་གཉིས་ཀའི་བཤད་ཚུལ་རྒྱ་ཆེ་ལ་གཏིང་ཟབ་པ་ཡོད་ཀྱང་། གདུལ་བྱ་ཐུན་མོང་གི་ངོས་སྐལ་དུ་མི་འཆུན་པའི་ཟབ་གནད་ཀྱིས་དཀྲོལ་ཏེ་བཤད་ལུགས་ཤིག་ཡིན་པས་སྐབས་འདིར་སྩོལ་བའི་གནང་བ་མ་མཆིས་སོ། །

དེས་ན་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་སོགས་གོང་རིམ་དབུ་ཁྲིད་རྣམ་པའི་འཆར་གཞི། བསྒྲིགས་བཀོད། རྩ་འཛུགས་ཡོད་པའི་ཚུལ་ལྡན་གྱི་འོག་ནས་ཡུལ་ཁྲི་འདུའི་རིག་གནས་སྤྱི་དང་བྱེ་བྲག་ལ་ཐུགས་ཁུར་དང་རྒྱབ་སྐྱོར། རོགས་རམ་གྱི་གོ་སྐབས་ཡངས་པའི་སྐལ་བཟང་གི་ཉི་ཤར་འདི་ནི། ཆེས་རིན་ཐང་ཆེན་པོ་དང་། ཆེས་ཐོབ་པ་དཀའ་བ་ཉིད་དུ་ང་རང་གིས་ངོས་འཛིན་ཞུ་བཞིན་ཡོད་ལ་མི་རིགས་དང་རིག་གནས་ལ་ལྷག་བསམ་ཅན་གྱི་དབུ་ཁྲིད་དེ་དག་ལ་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞེས་སྙིང་ཐག་པ་ནས་ཞུ་བ་ཡིན།

ད་ཐེངས་སྐབས་སུ་བབ་པའི་གཏམ་ནི་གེ་སར་རིག་གནས་ཀྱི་གླེང་མོལ་རེད། འདིའི་ཐད་མི་རིགས་དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་གནས་དར་ཞིང་རྒྱས་སྤེལ་བྱེད་པའི་སྒོ་འཕར་རབ་ཏུ་ཡངས་བའི་སྐབས་འདིར། སྔོན་གྱི་ཡིག་རྙིང་ཡོད་ན་ཤིན་ཏུ་བཟང་ཡང་། གཏམ་དཔེར། ལོ་བརྒྱ་ཐོབ་པའི་མི་མེད་ཀྱང་། སྐལ་པ་སྟོང་གི་ཚིག་ཡོད། ཅེས་པ་ལྟར། ཡུལ་ཁྲི་འདུ་ལུང་པའི་རྒན་རབས་ངག་རྒྱུན་ནས་བརྒྱུད་པའི་གེ་སར། སྤྱི་དཔོན། སྒ་བདེ། འབྲུག་མོ་སོགས་གླིང་དང་འབྲེལ་བའི་རི་ཆུ་ཤིང་གསུམ། ས་རྡོ་ཕུག་གསུམ་སོགས་ལ་དཔའ་ཐུལ་སུམ་ཅུ། ཡང་ཐུལ་མི་བདུན། ཞེ་ཐུལ་ཁྲ་གླག་སྤྱང་གསུམ་འཁོར་དང་བཅས་པའི་མི་རྟའི་གཏམ་རྒྱུད་དང་བཤད་རྒྱུན་སྣ་ཚོགས་ཇི་ལྟར་ཡོད་པ་ཐམས་ཅད། བཤད་མཁན་བརྗོད་ལུགས་ཙམ་གྱི་ངོ་གདོང་དང་ཁ་སྟབས་འཁོས་ཀ་ལ་བསམ་ནས་མཐོང་ཆུང་དང་བརྙས་བཅོས་མི་མཛད་པ་བསྡུ་རུབ་དང་ཉར་ཚགས་མདོར་ན་མིང་བཏགས་དོན་བཀོལ་བྱས་ཏེ་དོ་སྣང་དང་དམ་འཛིན་གྱིས་དེབ་དང་གླུ། ཁྲབ་སྟོན་གྱི་ལམ་སོགས་ག་ས་གང་ནས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་མ་བྱས་ན། རྒན་རབས་འདས་པའི་རྗེས་སུ་ལེ་ལན་བདར་ཞིང་འཁང་ར་བྱས་ཀྱང་དོན་གྱིས་སྟོང་ཞིང་འཕྱིས་དྲགས་པའི་བློ་ཕམ་མི་དགོས་པའི་རེ་བསྐུལ་ཆུང་ཆུང་ཞིག་ཀྱང་ངའི་ཉམས་མྱོང་གིས་ལམ་ནས་ཕུལ་བ་ཡིན།

མ་ཟད་ང་ཚོ་ཁྲི་འདུ་ནི་རིག་གནས་ཀྱི་བང་མཛོད་གླུ་གར་གྱི་རྒྱ་མཚོ་ཞེས་དམངས་ཁྲོད་དུ་སྔོན་གྱི་གྲགས་པ་ལྟར། ད་ལྟར་དངོས་སུ་ལག་ལེན་དུ་ཐེབས་ཏེ་སྐད་དང་ཡི་གེ །ཆོས་དང་རིག་གནས་ཀྱི་གཞུང་ལས་ཁང་སྟེ་བྲིས་རིག་སྒྱུ་རྩལ་ཚོགས་པ། རྩོམ་རིག་སྒྱུ་རྩལ་ལྷན་ཚོགས། དབྱངས་རོལ་གླུ་གདངས་མཐུན་ཚོགས། པར་ལེན་མཐུན་ཚོགས། གེ་སར་རིག་གནས་མཐུན་ཚོགས། གངས་ལྗོངས་ཀྱི་གཡེང་འཕུར་ལུས་རྩལ་མཐུན་ཚོགས་སོགས་མང་པོ་གསར་དུ་འཛུགས་པའི་རྨང་གཞི་འདི་ནས་འགོ་བརྩམས་པ་དེ་དག་གི་རྒྱུན་སྐྱོང་སྟེ་སྤྱི་སེམས། ལྷག་བསམ། མིག་རྒྱངས། ཐབས་ཤེས། བརྩོན་འགྲུས། སྙིང་སྤོབས་དང་བཅས་པའི་སྒོ་ནས་མགོ་ཁྲིད། མཁས་པ། ཚོགས་མི་ཡོངས་རྫོགས་ཀྱིས་ཧྲུལ་སྤུགས་འབད་བརྩོན། ཕན་ཚུན་བར་ཁ་ཞེ་གཉིས་མཐུན་གྱིས་རྒྱབ་སྐྱོར་རོགས་རམ། ག་ས་གང་ཐད། ཅི་ས་ལ་དྲུག་ནས་བཟང་ལ་ཁར་མཉམ་འཐོན་ཏེ། མཇུག་འབྲས་འབུར་དུ་ཐོན་ཅིང་ལེགས་གྲུབ་ཡོད་པའི་རེ་སྒུག་བྱས་ཡོད།

ད་ནངས་གླེང་སྟེགས་ཁར་ནས་ཚིག་སྦོམ་ལ་སྐད་གདངས་ཆེ་བའི་བཤད་ཡམ་དེ་དག་ཉིན་གང་པོ་འབད་བརྩོན་དང་སྙིང་རུས། བརྟུལ་ཕོད་དང་ཤོར་གུད་སོགས་དཀའ་སྡུག་ལ་མགོ་མི་སྒུར་བའི་ཁྲོད་ནས་རྒྱལ་ཁ་ཐོབ་པ་ཡིན་པས། ཁ་བཤད་སྟོང་གཏམ་འུར་སྒྲོག་ཙམ་མ་ཡིན་པར། དོ་དགོང་གི་འབྲས་བུ་གཡུར་དུ་ཟ་བའི་མཐར་མཇུག་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་པ་སེམས་སོ། །

དུས་ད་རེས་ཁྲི་འདུའི་མཁས་དབང་ལྷན་འཛོམས་ཀྱི་གླེང་མོལ་ཚོགས་འདུའི་སྐབས། མི་རིགས་དང་རིག་གནས་ལ་དུང་བ་མཚོ་ལྟར་ཟབ་ཅིང་སྤྱི་དམངས་ཀྱི་བདེ་སྡུག་ལ་བརྩེ་བ་མཁའ་ལྟར་ཡངས་པའི་རྫོང་ཨུའི་སྲིད་དཔོན་ཉི་མ་ཚེ་རིང་ལགས་དང་། རྒྱ་བོད་ཀྱི་རིག་གནས་ལ་མཁྱེན་རབ་ཕུལ་དུ་ཕྱིན་པ་རྫོང་འཐབ་ཕྱོགས་གཅིག་སྒྲིལ་པུའི་པུའུ་ཀྲང་པ་སངས་ཚེ་རིང་ལགས། རྒྱལ་གཅེས་ཆོས་གཅེས་ཕ་ཡུལ་ལ་གཅེས་པ་རྣམ་གསུམ་གྱི་གོ་རྟོགས་ཅན་རྫོང་སྲིད་གྲོས་ཀྲུའུ་ཞི་ཨ་བུ་རག་ཡུ་ལགས། བོད་ཀྱི་རིག་གནས་ལ་ཤ་ཞེན་ཆེ་བའི་རྫོང་རིག་གནས་ཅུའི་ཅུའུ་ཀྲང་ཁྱི་ཐར་ལགས། རྩོམ་རིག་དང་སྒྱུ་རྩལ་ལ་མཁྱེན་རྒྱ་རབ་ཏུ་ཡངས་པའི་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་ཉི་མ་ལགས་སོགས་སྤྱི་ཕན་དང་ལྷག་བསམ་འཇོན་ཐང་ཅན་གྱི་དབུ་ཁྲིད་རྣམ་པ་དང་།

དགུང་གྲངས་གྱ་བཞི་ལ་ཕེབས་ཤིང་སྤྱི་དང་བྱེ་བྲག་གི་རིག་པའི་གནས་ཀུན་ལ་སྦྱངས་པ་མི་དམན་པ་དགེ་རྒན་ཆེན་མོ་སྐྱུ་རའི་བསམ་གཏན་རྣམ་རྒྱལ་ལགས་དང་། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཆེན་མོ་དང་། འབུམ་རམ་པའི་མཚན་སྙན་བླ་ན་འབར་ཞིང་པེ་ཅིན་དུ་བཞུགས་ནས་རླབས་ཆེན་གཞུང་ལས་གཉེར་བའི་ཁྲི་འདུ་མཁས་དབང་རྣམ་གསུམ་སྟེ། གོ་ཤུལ་གྲགས་པ་འབྱུང་གནས། ཕན་འདུམ་བློ་བཟང་བློ་གྲོས། སྒ་ཟླ་བ་ཚེ་རིང་ལགས།

མདོ་སྔགས་རིག་གནས་ཀུན་ལ་མཁྱེན་པའི་སྤྱན་རས་ཡངས་ཤིང་། གནའ་དེང་དུས་ཀྱི་འགྲོས་ལ་གཟུར་གནས་དཔྱོད་ཤེས་ཟབ་པ། མི་རིགས་རིག་གནས་བཅས་པར་ཐུགས་བརྩེ་ལྷོད་མེད་གཡོ་བའི་རྫོང་བྲིས་རིས་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་མཁན་སྤྲུལ་རིན་ཆེན་རྡོ་རྗེ་ལགས་དང་། རྒྱ་བོད་རིག་གནས་ཀུན་ལ་མཁྱེན་རབ་པད་འདབ་ཡངས་ཤིང་། ཁུལ་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་སྤྲུལ་སྐུ་ཡོན་ཏན་ཤེས་རབ། རྫོང་གེ་སར་རྩོམ་རིག་མཐུན་ཚོགས་ཀྱི་ཚོགས་གཙོ་འཇམ་དབྱངས་དབང་པོ་ལགས། གཞན་ཡང་གོ་ས་ཅན་ཤེས་ཡོན་པ་སྒྱུ་རྩལ་མཁན་ལྷག་བསམ་ཅན་གྱི་མི་སྣ་བསྟན་འཛིན་ཕུན་ཚོགས། ཀུན་བཟང་། གཞུས་ཁྲུན། བསོད་ནམས་སེང་གེ། བསོད་ནམས་བཀྲ་ཤིས། ཉི་ཟླ། ཚེ་རིང་རྡོ་རྗེ། བློ་བཟང་བཀྲ་ཤིས། ཨོས་ཧ། དཀོན་མཆོག་འཇམ་དཔལ། བསོད་ནམས་དཔལ་འབྱོར། དཔལ་འབྱོར་དར་རྒྱས། ཕྲན་ཤེས་རབ་དང་སྙིང་བརྩེ་ལ་ཡིད་སྨོན་ཅན་ཛུ་འཛུང་བསོད་ནམས་ཉི་མ་བཅས་རྒྱ་བོད་ཀྱི་རིག་གནས་དང་སྒྱུ་རྩལ་སྤྱིར་བྱེ་བྲག་ལ་མཁྱེན་དཔྱོད་རྨད་དུ་བྱུང་བའི་བློ་ལྡན་མཁས་དབང་སེར་སྐྱ་དུ་མ་དང་། གེ་སར་རིག་གནས་ལ་ཆེད་སྦྱངས་པ་དྲན་དབང་ཁྱུ་མཆོག་མང་དུ་འདུས་པའི་ཚོགས་མོལ་འདི་ནི་ཁྲི་འདུའི་ལོ་རྒྱུས་སྟེང་དུ་ངོམ་རིན་ཡོད་ཅིང་བརྗེད་ཐབས་བྲལ་བའི་གཟི་བརྗིད་ཅིག་ཏུ་ངོས་འཛིན་ཡོད་ཅིང་། ད་སྔོན་ཡན་ཆད་དུ་བྱུང་མ་མྱོང་བའི་མཁས་དབུ་འབངས་གསུམ་ལྷན་འཛོམས་ཀྱིས་ཁྲི་འདུའི་རིག་གནས་ཀྱི་འདས་མ་ད་གསུམ་ཇི་ལྟར་བགྱི་བའི་བགྲོ་གླེང་དང་ཤུགས་སྣོན་ཡིད་ཁུལ་ཞིང་བག་ཕེབས་པའི་འབེལ་གཏམ་ལྷུག་པར་གྲོལ་བ་འདི་འང་ངོ་མཚར་ཆེ་ཞིང་དགའ་འོས་པའི་དོན་ཆེན་ཉིད་དུ་མཐོང་། འདི་ནི་ཁྲི་འདུའི་ལོ་རྒྱུས་སྟེང་འོད་སྟོང་འབར་བའི་མདུན་ལམ་གསར་པའི་དབུ་ཁྱུད་ཡིན་ཞིང་། འབངས་མི་སྤྱིར་དང་རིགས་དང་ཡོན་ཏན་ལ་བརྩེ་བ་ཟབ་ཅིང་དུང་ཞེན་ཆེ་བའི་གཞོན་སྐྱེས་རྣམས་ཀྱི་སྙིང་རྩ་སྒུལ་བའི་ནུས་ཤུགས་སྟོབས་ལྡན་དུ་གྲུབ་ནས་ཡོད། ཁྱད་པར་དུ་མཐོ་སྒང་གི་ཁོར་ཡུག་ལ་འཚོ་རྟེན་རྒྱུ་བའི་སྲོག་ལྡན་མི་བུ་ཡོངས་ཀྱི་ཤ་གསེང་དུ་སིམ་པའི་ཁྲག་ཐིག་ཡིན་ཞིང་། ཁ་བས་མུ་ཁྱུད་འབྲེལ་བའི་ས་ལའི་སྨན་ལྗོངས་སུ་ཕ་མེས་ཡང་མེས་ནས་བརྒྱུད་པའི་དངོས་མེད་ཤུལ་བཞག་ནོར་བུ་ལ་བྱི་དོར་དང་མཛེས་རྒྱན་སྤྲས་པའི་ཆ་ཤས་ཤིག་ཀྱང་ཅི་ལ་མིན། ལྷག་ཏུ་འཛམ་གླིང་ཞི་བདེའི་རྩ་བ་འཚེ་མེད་བྱམས་བརྩེའི་གཞི་མ། ནང་ཆོས་ཙམ་མ་ཚད་དངོས་ཐོག་བདེན་འཚོལ་གྱི་རིག་པའི་གཞུང་ལུགས་ཚད་ལྡན་འདི་ཉིད་ཡུལ་མི་ཀུན་གྱི་སེམས་ཀྱི་ནོར་བུ་དང་རུས་གསེང་དུ་རྒྱུ་བའི་རྐང་གི་བཅུད་དུ་གྲུབ་ཡོད། མདོར་ན་ཁྲི་འདུ་རྒྱ་གར་ལུང་པའི་མི་དམངས་ཀྱི་སེམས་ཁོངས་སུ་བསྲུབ་དུ་མེད་པའི་རྡོ་རིང་དང་། འགྱེལ་དུ་མེད་པའི་རིག་གནས་ཀྱི་སྲོག་ཤིང་ཤིག་ལེགས་པར་བསྒྲེངས་པ་ཡིན་ཞེས་ཁ་གཡང་དུ་མི་ཚད་པ་དོན་གྱིས་ཕྱུག་འོང་སྙམ་པའི་ཡིད་ཆེས་ཀྱང་ཡོད་དོ། །

གྲོགས་པོ་ལགས་འདི་ནི་ནང་ཆོས་མཁས་དབང་ལྷན་ཚོགས་ཀྱི་གཞུང་བརྒྱའི་བགྲོ་གླེང་མིན་ཅིང་། ཐར་པ་དང་ཐམས་ཅད་མཁྱེན་པར་བགྲོད་པའི་ས་ལམ་གྱི་རྣམ་བཞག་དེ་བས་ཀྱང་མིན་མོད།

དེང་དུས་སྐབས་བབ་དང་འཚམས་པའི་གནའ་དེང་གི་ཤེས་རིག་ལ་ལྟ་ཚུལ་ཀློང་ནས། འཛམ་གླིང་གི་དུས་འགྱུར་འགྲོ་ཕྱོགས་དང་ཉེ་བའི་གོམ་ཁ་ལ་དམིགས་ཡོད།

ཆབ་སྲིད་དང་དཔལ་འབྱོར་ཚན་རྩལ་རིག་པ་ཀུན་ཀྱང་སྔོན་ཐོན་ལ་རློམས་རྔབ་མིན་ཡང་།

རང་གི་སྐད་དང་ཡི་གེ། ཡུལ་སྲོལ་དང་གོམས་གཤིས། ལུས་བདེ་སེམས་སྐྱིད་ཐབས་ཀྱི་གནའ་དེང་རིག་གནས་ལས་སྙིགས་འདོར་བཅུད་ལེན་ཀྱི་རྣམ་དཔྱོད་བཙལ་བའི་ཉེར་བསྡོགས་ནི་ལོས་ཡིན།

དངོས་པོའི་དཔལ་ཡོན་ཙམ་དམིགས་ཡུལ་བྱས་ཏེ། ཕྱི་ནང་རྟེན་འབྲེལ་གྱི་གསང་བའི་རྒྱུན་ཐག་ལས་འབྲས་ཆེད་བསད་དང་། རང་རྒྱལ་གཞན་ཕམ་གྱི་ལྟ་ཕྲན་ཙམ་གྱིས་གནས་སྐབས་ལྟ་སྣང་གི་བདེ་བ་སྲིད་མོད།

བསམ་པའི་དཔལ་ཡོན་གྱི་གོ་རྟོགས་མྱོང་གསུམ་འཁྲུལ་མེད་འཚོལ་བ་ཁོ་ནས་མཐར་ཐུགས་བདེ་དགའ་རྒྱ་མཚོར་ལེགས་པར་བགྲོད་པའི་གྲུ་གཟིངས་སུ་ཤེས་ནས་བརྩོན་དགོས་པ་བསྐུལ་མ་ནི་གནད་ཀྱི་དོན་པོ་ཡིན་པ་རྟོགས་དགོས།

བརྒྱད་པའི་ཚེས་བཅུ་བཞིའི་བྱུང་བ་འདི་ཉིན་དེར་འབྲི་འོས་ཀྱང་ཁོ་བོ་ཤིན་ཏུ་བྲེལ་བའི་རྒྱུ་རྐྱེན་སྣ་ཚོགས་ཀྱིས་ད་བར་ལུས་ཀྱང་དེ་རིང་ཁོམ་པའི་སྐབས་དང་བསྟུན་ནས་ཅི་དྲན་གང་བྱུང་དུ་གོ་རིམ་དང་བརྟག་དཔྱད་ཞིབ་ཕྲ་མ་ཐུབ་པར་ཕལ་ཚིག་དང་ཉོབ་གཏམ་བཅས་མཇུག་བསྟུང་སྟེ་བསོད་ནམས་ཉི་མས་གཞོན་སྐྱེས་རྣམས་ཀྱིས་མཁས་པའི་ལྷན་ཚོགས་ནི་དོ་གལ་ཆེ་བའི་བག་ཆགས་ཙམ་བཞག་ཨི་ཡོང་ན་སྙམ་པའི་རེ་བ་བཅས་ཕུལ།།
<h3style="text-align: center;="" "="">
༢༠༡༧/༨/༢༡
</h3style="text-align:>