སྣང་ཞིག་དགོན་ཆེན་གྱི་འབུ་མཛད་ཁྲི་བཞེངས་སྐབ།

美友17171687

སྔོན་བསགས་ལས་སྨོན་གྱི་མཐུ་བྱིན་འོག་ནས།།

དགོན་ཆེན་སྐར་ཚོགས་ཀྱི་ས་གཞིར་བཀྲ་བའི།།

མདོ་སྨད་སྣང་ཞིག་གི་གདན་ས་དེ་ནས།།

ཁྱེད་ལ་ཁྲི་བཞེངས་ཀི་སྐལ་བཟང་འགྲིག་པ།།

ལྷག་བསམ་མེ་ཏོག་གི་སྦྲང་ཆར་འཇོ་ཞིང་།།

བསྟན་དོན་རྐང་དྲུག་གི་སྣང་བ་དགྱེས་པའི།།

བསྟན་འཛིན་འཕྲིན་ལས་ཀྱི་ཉི་ཟླ་ཚེས་པས།།

ཁྱེད་ལ་རྟེན་འབྲེལ་གྱི་ཁ་གཡང་ལོས་འབོད།།

མགྲིན་རིག་དབྱངས་བུམ་གྱི་མགུལ་ཆུང་དེ་ལས།།

སྐལ་བཟང་སྟོང་འགྲིག་གི་སྨོན་པ་ལོས་འདེབས།།