རྩོམ་པ་པོ། ཞང་ཞུང་སུམ་པ།
གཅིག དམ་པའི་ལྷ་ཆོས་ཀྱི་འདུ་ཤེས་རང་ལས་འཇིག་རྟེན་འཚོ་གནས་ཀྱི་དཔལ་འབྱོར་ལ་དགའ་བ་ཙམ་མ་གཏོགས་དེ་འཚོལ་སྒྲུབ་ཀྱི་གོ་རྟོགས་སད་མེད་པ།
གཉིས། ཕྱི་མི་རིགས་ཀྱི་ཆབ་དཔལ་རིག་གསུམ་གྱི་དངོས་རྫས་གང་ཡིན་པར་སྤྱོད་རྒྱུར་དགའ་བ་ལས་རང་ཉིད་ལ་དེ་འདྲ་བཟོ་བའི་རིག་གཞུང་དང་ཤེས་རབ་མེད་པ།
གསུམ། ཕན་ཚུན་ལ་ཕྲག་དོག་དང་ཟུར་ཚིག་བརྗོད་རྒྱུ་ལ་དགའ་བ་ལས་མི་རིགས་ཀྱི་ཆེད་དུ་སློབ་གསོ་དང་བསམ་ཤེས་ཉུང་བ།
བཞི། རང་གི་རིག་གཞུང་ལ་ཤི་འཐམ་རོ་འཐམ་གྱིས་སྦྱོང་བ་མ་གཏོགས་དེ་ལ་སྙིགས་དོར་བཅུད་ལེན་དང་གཞན་གྱི་རིག་གནས་དང་མཉམ་དུ་གོ་བསྡུར་གྱི་གོ་རྟོགས་ཞན་པ།
ལྔ། མི་རིགས་རང་གི་སྲོལ་རྒྱུན་རིག་གནས་འགོ་འཛིན་བྱེད་མཁན་དག་གིས་གང་བཤད་གང་ཟེར་ལ་ཡིན་ཤར་ཤར་གྱིས་ལྟ་བ་ལས་ཕྱི་འགྲོ་བ་མི་ཡི་རིགས་ཀྱི་འཚོ་སྟངས་དང་གོམས་གཤིས་ལ་ཉམས་མྱོང་ལོན་ཅི་ཐུབ་ཀྱི་ལྟ་བ་དང་མིག་རྒྱང་ཆུང་བ།
དྲུག རང་གི་རིག་གཞུང་དང་རིག་གནས་ལ་བསྐྱར་བཤད་ཡང་བཤད་བྱས་བསྡད་པ་ལས་རང་ཉིད་ཀྱིས་གསར་སྐྲུན་དང་ནང་འདྲེན་བྱེད་པའི་རྣམ་དཔྱོད་དང་སྙིང་སྟོབས་མེད་པ།
བདུན། མི་རིགས་ཀྱི་རང་བཞིན་དང་རིག་གཞུང་གི་རང་བཞིན། ཁུར་ཡུག་གི་རང་བཞིན་སོགས་གཏོར་བརླག་གང་ཕྱིན་ཡང་དེ་དག་བདག་གཉེར་བྱེད་མཁན་གྱི་མི་སྣ་ཤིན་ཏུ་ཉུང་བ་བཅས