གངས་ཞུན་གྱི་སྙན་ངག

蜗牛

དམྱལ་བ་ཞིག་ལ་འགྲོ་དགོས་བྱུང་ཡང་བོད་རྒྱུད་ནང་བསྟན་གྱི་དམྱལ་བར་འགྲོ་འདོད།

གངས་ཞུན།

བྱིན་རླབས་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག

ལས་རྒྱུ་འབྲས་ཀྱི་རིགས་ལམ་ལ་ཡིད་ཆེས་ཤིང

སྟོང་རྟེན་འབྱུང་གི་ལྟ་བ་བྲང་ལ་བརླན་པ་ནས་བཟུང

དམྱལ་བ་ཞིག་ལ་འགྲོ་དགོས་བྱུང་ཡང་བོད་རྒྱུད་ནང་བསྟན་གྱི་དམྱལ་བར་འགྲོ་འདོད།

མཐུ་རྩལ་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག

ཕ་རྒྱུད་ཀྱི་རིས་་སུ་འཁྲུལ་བ་མེད་ཅིང

མ་རྒྱུད་ཀྱི་རིགས་སུ་ནོར་བ་མེད་པ་ཡིན་ཕྱིན

བཀའ་ཆད་ཅིག་ཁུར་དགོས་བྱུང་ཡང་རྒྱུད་པའི་སྲུང་མའི་བཀའ་ཆད་ཁུར་འདོད

མདུན་ལམ་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག

ཐུན་མོང་གི་འཚོ་གནས་ལ་ཐད་ཀར་འབྲེལ་ཞིང

དབུལ་བའི་སྡུག་བསྔལ་ལ་ཐར་ལམ་རེ་རེག་ཕྱིན

མིང་ངན་ཞིག་ཁུར་དགོས་བྱུང་ཡང་ཕ་ཡུལ་ལུང་བའི་མིང་ངན་ཁུར་འདོད།

ཁེ་ཕན་ཡོད་ཀྱང་ཆོག་ལ་མེང་ཀྱང་ཆོག

དངོས་ཡོད་ལ་ངར་ཆེན་གྱིས་ཁ་གཏད་གཅོག་ཅིང

ངའི་མི་དམངས་ལ་འཚམས་པའི་འགྲོ་ལམ་རེ་རྙེད་ཕྱིན

ཕམ་ཁ་ཞིག་ཉོ་དགོས་བྱུང་ཡང་མདོ་དབུས་མཐོ་སྒང་་ནས་ཕམ་ཁ་ཉོ་འདོད།