ས་སྐྱ་གོང་མའི་བཀའ་ལུང་།༡༧༠༥-༡༧༤༡

美友4477258

ཨོཾ་སྭསྟི་སིདྡྷཾ།

རྗེ་བཙུན་ས་སྐྱ་པ་ཡི་བླ་མ་བརྒྱུད་པར་བཅས་པའི་བཀའ། དཔལ་ཁྲག་འཐུང་ལྷ་ཚོགས་དང་བཅས་པའི་ལུང་། རྡོ་རྗེ་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ཀྱིས་གཙོ་མཛད་དམ་ཅན་རྒྱ་མཚོའི་མི་ཁྱི། དཔལ་ས་སྐྱ་པ་ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེའི་ཡི༼ཐེལ་ཙེ་ཟླུམ་པོ༽གེ།

སྣང་ཞིང་སྲིད་པ་ན་རྒྱུ་བའི་ལྷ་སྲིན་དྲེགས་པ་སྡེ་བརྒྱད་སྤྱི་དང་བྱེ་བྲག་སྨད་ཁམས་དགའ་སྟོད་ཀྱི་ས་ཡི་ཆར་འཁོད་པའི་ལྷ་དང་ཀླུ། བཙན་དང་རྒྱལ་པོ། བདུད་དང་མ་མོ། ས་བདག་གཉན་མཐུ་བོ་ཆེ་ལ་སོགས་པ། མདོར་ན་ལྷ་འདྲ་མི་གསུམ་གྱི་འགྲོ་བར་གནོད་བྱེད་ཀྱི་རིགས་མཐའ་དག་ལ་སྤྲིངས་པ། དཔལ་དགེས་པ་རྡོ་རྗེའི་དཀྱིལ་འཁོར་དུ་སྨིན་གྲོལ་ལ་བཀོད་པ་རྡོ་རྗེའི་སློབ་མར་གྱུར་པ་ཁྲི་འདུ་དཔོན་བླ་མ་དམ་ལྡན་བྱམས་པ་ཀུན་དགའ་བཀྲ་ཤིས་དཔལ་བཟང་པོ་ཞེས་པ་འདི་པ། སྤྱིར་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ལྷག་ཏུ་རྡོ་རྗེའི་ཆོས་སྐྱོངས་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ་གཉེར་གཏད་བཅོལ་ནས། རྡོ་རྗེ་འཛིན་པ་ཀུན་དགའི་མིང་ཅན་ངེད་ཀྱི་སྐྱབས་འོག་ཏུ་བཅུག་པ་ཡིན་པས། གདམ་པ། འདི་ཉིད་ཀྱི་བྱང་ཆུབ་རིན་པོ་ཆེ་བསྒྲུབ་པར་ལ་མི་ནོར་དོན་གསུམ་ལ། ཕ་རོལ་པོ་ཡིས་བྱད་ཁ། མནན་གཏད། རྦད་འདྲེ། རྦོད་གཏོང་། ཆག་ཆེ་ཉམ་ང་ལ་སོགས་པ་འགལ་རྐྱེན་བར་ཆོད་སྤང་བྱ། མི་མཐུན་པའི་ཕྱོགས་ངན་ཐམས་ཅད་ཞི་ཞིང་བཟློག་པ་དང་། བསམ་པའི་དོན་རྣམས་འབད་མེད་ལྷུན་འགྲུབ་ཏུ་འབྱུང་བའི་ཕྲིན་ལས་རྒྱ་ཆེན་པོ་སྒྲུབ་པར་བྱེད་པ་ལས། གནོད་ཅིང་ལོག་པར་འགྲོ་བའི་རིགས་གཏན་ནས་མ་བྱེད་པར། བདེ་བར་གནས་ཆུག །གལ་སྲིད་གོང་ཚིག་དང་འགལ་བ་སྤུ་ཙམ་བྱས་ཚེ། ངེད་ཀྱི་རྡོ་རྗེའི་ཆོས་སྐྱོངས་རྣམས་དྲག་པོའི་ལས་ལ་བསྐུལ་ཏེ། གནོད་བྱེད་གང་ཡིན་གྱི་རྣམ་སྨིན་གྱི་ཕུང་པོ་རྡུལ་དུ་གཏུབ་ངེས་ཡིན་པས་དེར་མ་སོང་བ། གཏོང་གྲོགས་དང་། མགོན་སྐྱབས་དཔུང་གཉན་བྱེད་པར་གལ་ཆེ།

དཔག་ཡས་དོན་གཉིས་མཐར་ཕྱིན་རྣམ་འདྲེན་གཙོ། །རྒྱལ་ཆེན་ལུང་དང་མངོན་རྟོགས་དམ་པའི་ཆོས། །རིག་གྲོལ་ཡོན་ཏན་ལྡན་པ་འཕགས་པའི་ཚོགས། །སྐྱབས་གནས་སླུ་མེད་ལྡན་པའི་བྱིན་རླབས་དང་། །ཆོས་ཅན་རྟེན་ཅིང་འབྲེལ་འབྱུང་མི་སླུ་བ། །ཆོས་བསྲུང་དབང་སྡུད་ནོར་ལྷའི་ཚོགས་རྣམས་ཀྱིས། །དོན་འདི་གེགས་མེད་འགྲུབ་པའི་འཕྲིན་ལས་དང་། །བདག་ཅག་དཔོན་སློབ་སྦྱིན་བདག་འཁོར་བཅས་ལ། །ཚེ་ལ་བར་གཅོད་མེད་ཅིང་བསམ་པའི་དོན། །ཆོས་དང་འཇིག་རྟེན་དཔལ་འབྱོར་དར་རྒྱས་ནས། །བསམ་དོན་ཆོས་བཞིན་འཕེལ་བའི་བཀྲ་ཤིས་ཤོག །

ཅེས་གོ་བར་བྱ་བའི་ཡི་གེ་བོད་ཀྱི་རྡོ་རྗེ་གདན། །དཔལ་ས་སྐྱའི་མཁའ་འགྲོ་ཆོས་སྐྱོངས་དམ་ཅན་རྒྱ་མཚོ་སྤྲིན་ལྟར་འདུ་ཞིང་མེ་རིས་ཀྱི་ཚྭ་ཚྭ་འཕྲོ་བའི་གནས་མཆོག་དམ་པ༼ཐེལ་ཙེ་གྲུ་བཞི༽ནས་བྲིས།

སྐལ་དགོན་ལྷོ་མགོན་ཁང་དུ་བཞུགས་པའི་རས་ཐང་རྙིང་རལ་འདི་ཉིད་ས་སྐྱ་གོང་མ་ངག་དབང་ཀུན་དགའ་བསོད་ནམས་རིན་ཆེན་གྱིས་བདག་ཅག་གི་བླ་མ་དམ་པ་ལྷོ་དྲུང་བྱམས་པ་སེངྒེའི་སྐུ་གོང་མ་བྱམས་པ་ཀུན་དགའ་བཀྲ་ཤིས་ལ་དངོས་སུ་སྩལ་བའི་བཀའ་ལུང་འདི་ཉིད་མགོན་བླའི་དྲིས་ལན་དང་ཉམས་སྐྱོན་སླར་གསོ་སོགས་ལ་དམིགས་ནས་བསོད་ནམས་ཉི་མས་ངོས་བཤུས་བྱས་ཏེ་སྤྱན་བསྟར་ཞུས་པའོ། །