ཀ་རྩོམ་སྙིང་གི་ཆུན་པོ།

ཀྭ་ཡེ་གསོན་དང་ང་ཡི་སྙིང་གི་སློབ་གྲོགས་ཚོ།།

ཁ་བཤད་དབུ་བ་ལྟ་བུ་མ་གནས་རིག་གནས་སློབས།།

ག་ལེར་ཆུ་བོའི་རྒྱུན་བཞིན་རིག་པའི་གནས་ལ་བརྩོན།།

ང་རྒྱལ་ཕྲག་དོག་མེད་པར་བླ་མ་སྤྱི་བོར་བཀུར།།

ཅ་ཅོ་མི་ཚོགས་དབུས་ནས་གཞན་ལ་ཁ་མ་རྩེ།

ཆ་ལུགས་ཡ་མ་ཟུང་གི་ཕ་མའི་སེམས་མ་དཀྲུག།

ཇ་ཆང་མཚར་གཏམ་དལ་འབྱོར་བརླག་པར་མ་གྱིས་ཨང་།།

ཉ་མོ་ཆུ་ལ་དགའ་བཞིན་མི་ཚེ་དཔེ་ཀློག་འབད།།

ཏ་ཀུ་གཞུ་འཁྱོག་བཞིན་དུ་སེམས་པ་མ་གནས་པར།།

ཐ་མའི་དལ་འབྱོར་རྙེད་དཀའ་སེམས་ལ་དམ་ཟུངས་ནས།།

ད་ལྟའི་དུས་ནས་མི་ལུས་རིན་ཆེན་གཅེས་པར་མཛོད།།

ན་གེ་ནོག་གེ་བྱ་བ་རྩ་ནས་དོར་་ཤིག་ཨང་།།

པ་ཉ་བ་བཞིན་བསྟི་གནས་གཤིས་ཀ་འཛིན་པར་གྱིས།།

ཕ་མའི་རེ་བ་མི་འགྱུར་སེམས་ཀྱི་དམ་བཅའ་ལྟར།།

བ་གླང་རང་གཤིས་སྒྱིད་ལུག་ཡིད་ལ་མ་གནས་ཨང་།།

མ་མ་སྒྲོལ་མའི་རིག་པའི་གཞོན་ནུ་ཤེས་རིག་བསྩོལ།།

ཙ་གེ་ཙོ་གེ་ལས་བསགས་རང་ཉིད་བརླག་པའི་རྒྱུ།།

ཚ་གདུག་ཉི་མའི་ངོ་གདོང་ཅི་ལྟར་བསྲེགས་ཡོད་ཀྱང་།།

ཛ་དྲག་ཆེ་བའི་ཚང་ནས་གཞན་གྱི་འདྲི་ནའང་།།

ཝ་ཡེ་སློབ་གྲོགས་བཤེས་གཉེན་སྟེང་ནས་སྐྱོན་མ་བཙལ།།

ཞྭ་མོ་ཕུད་ནས་རྒྱ་ཆེན་ཐོས་པ་གཙོ་བོར་ཟུངས།།

ཟ་འཕྲུག་ཡོང་བཞིན་ཡར་མར་བརྒྱུད་པ་རིང་ནས་དོར།།

འ་ཅག་ཁ་བ་རི་བོའི་རིག་པའི་གནས་བཅུ་འདི།།

ཡ་མཚན་མེས་པོའི་ཁྲག་གི་བཏོན་པའི་ཞབས་རྗེ་ཡིན།།

ར་གན་གསེར་ལ་རྩ་བའི་ང་རྒྱལ་མེད་པར་གནས།།

ལ་ལུང་འགྲོ་འདུག་མ་མང་མཁས་འདོད་དབེན་པར་གྱིས།།

ཤ་ཆང་འདོད་འཇོ་སྐད་ཅིག་འདི་ཡི་བདེ་བ་ཙམ།།

ས་ཆ་གང་དུ་ཡོད་ཀྱང་མེས་པོའི་གཏམ་མ་འབོར།།

ཧ་ཧ་མཁས་མདོག་སྟོན་པར་དགའ་བའི་དགེ་རྒན་ངས།།

ཧ་ཧ་ཅི་ཡང་མི་ཤེས་རྡོ་ཆག་བཙན་སྒྲིག་ཙམ།།

ཧེ་ཧེ་ཡི་གེ་རྡོག་འཕྲང་སྟར་ལ་རྒྱུས་པ་འདི།།

ཧེ་ཧེ་བློ་གསལ་གཞོན་ནུའི་སེམས་ལ་བཤགས་པར་འཚལ།།

ཨ་ཁ་བསམ་ནས་ལྟ་བའི་སེམས་པ་མེད་ནའང་།།

ཨ་ཀྱོག་པ་ཀྱོག་སྟེང་ནས་གཞན་ལ་མ་འགྲེལ་རོགས།།

ཨ་ལ་ནོར་འཆིགས་ཡོད་ན་དུས་ལྟར་སྐྱོན་འཛུགས་བྱོས།།

ཨ་ཁུ་དགེ་རྒན་ང་ལ་སེམས་རྒྱ་ཆེན་པོ་ཡོད།།

༢༠༡༧ལོའི་ཟླ་༨པའི་ཚེས་༩ཉིན་ཞོགས་པ།དོ་རྒྱ་བ་དོན་གྲུབ་དབང་རྒྱལ།