མྱ་ངན་ཞུ།
ཁྱོད་ནི་རྒྱང་རིང་ས་མཐར་ལས་ནས་ཚེ་ཡི་འཇུ་ཐག་དེ་རུ་ཆད།།
དབྱང་གཞུང་འདི་ཡི་ཞོགས་པ་ཞིག་ལ་མི་འདོད་ཞེ་རྩ་གྲི་ཡིས་བསྣུན།།
ན་ཟུག་ཞིག་གི་གོ་རིམ་བར་ནས་མིག་ཟུང་མཆི་མའི་སྐོར་བཞིན་དུ།།
བར་དོ་ཁམས་ནས་མདངས་སྐྲག་མི་དགོས་མ་ཎི་ཁྱོད་ཀྱི་འགྲོ་རོགས་ཡིན།།

ཀྱེ་མ་མི་རྟག་འཇིག་པའི་གྲོང་དུ་ནམ་འཆི་ཟེར་བ་ཆ་མེད་ཡིན།།

སྐྱེས་འཇུག་ཆོས་ཉིད་ངོ་བོར་གྲུབ་པའི་སྔམ་པ་རིང་མོ་ཞེ་ནས་ཤོར།།

ཕྱི་དྲན་ཀློང་གི་མར་མེ་ཚེ་འབར་ཁྱོད་ལ་སྒྲོན་ཡོད་འདས་པོ་ལགས།

དབང་མེད་སེམས་ནས་སྐྱོ་བའི་ངུ་སྐད་ད་དུང་མ་འགག་དྲན་བཞིན་ཡོད།

བྱིས་པའི་དུས་སུ་བརྩེ་བས་བསྐྱངས་བ་བརྗེད་མེད་བརྟན་པོར་ཡིད་ལ་འཇགས།
འདི་ལྟར་གྱེས་པ་གློ་བུར་ཡིན་པས་ངུ་མ་དགོད་ཀྱི་ན་ཟུག་ཅིག།
མ་བཅོས་སེམས་སུ་གདུང་བ་ལྕི་བའི་འཆི་མའི་ཕྲེང་ཐག་དེ་རུ་ཆད།།
ཞང་བོ་ཁྱོད་རང་བདེ་བར་བཞུད་དང་ཕྱི་མའི་ལམ་སྣ་ཟིན་པར་སྨོན།།

སྐྱོ་སྡུག་ཞིག་གི་ལས་དབང་བར་ནས་སེམས་པ་སྡུག་གི་ཁེངས་བཞིན་ཡོད།།

སྐྱོ་གདུང་ཤིག་གི་མྱ་ངམ་ཐང་ན་ཆོ་ངེ་འདེབས་བཞིན་དྲན་གསོ་བྱས།

འཇིག་རྟེན་འདི་ལ་ཞེན་ཆགས་མ་བྱེད་བསྔོ་སྨོན་སྐྱབས་འཇུག་བྱེད་ཀྱིན་ཡོད།།

གང་དུ་སྐྱེས་ཀྱང་ནམ་ཞིག་སྐྱེས་ཀྱང་དལ་འབྱོར་བཅོ་བརྒྱད་ཚང་བར་སྨོན།།

དུས་རླུང་།