མཐོང་སྣང་བན་ནེ་བུན་ནེ།

美友15470956

འདམ་གཞུང་།

ཞུ་འཛིན་ལྷུན་གྲུབ།

ཐང་ཡངས་པའི་རྩྭ་ཐང་གི་དབྱིངས་སུ།

བང་མཐོ་བའི་ཐོག་བརྩེགས་ཁང་ཆེན་དག

མིག་ངོར་ཅི་འདྲའི་གཟན།

གཡས་རིའི་ཐོག་ཏུ་ནོར་ཁྱུ་གཅིག་རྩྭ་ཁ་ལོངས་སུ་སྤྱོད།

གཡོན་ཕྱོགས་ཁྲོམ་གཞུང་དང་།

ཟ་ཁང་དག་གི་འདུ་འགོད་ལ་ལན་རེ་ལྟ་གིན།

ནོར་ཁྱུ་དག་གི་ཚེ་ཚད་ལ་མནོ་བསམ་ཞིག་འཁོར་རམ།

ཡིད་འོང་གི་འདམ་གཞུང་།

ནག་ཆུ།

ཁ་ལག་ཟ་གིན་དུ་སྒེའུ་ཁུང་ནས་ལྟ་སྐབས།

གཡུ་མདོག་གི་ནམ་མཁའི་སྟེང་།

སྤྲིན་པ་ལྷེབ་མོ་འགའ་རྒྱན་ཆར་བྱོན།

ནོར་གནག་འགའ།

ལྷོད་ལྷོད་ཀྱིས་རྩྭ་ལྗང་ལ་རོལ་བའི་ངང་ཚུལ་དེ་ནི།

བདག་གིས་ཡུན་རིང་ལ་སྒུག་པའི་ཞིང་མཆོག་དེ་ཡིན།

མཚོ་བོད་ལྕགས་ལམ་གྱིས་ཕྱེད་དུ་བཤགས་པའི་རྩྭ་ཐང་གི་གཡས་གཡོན།

དཀར་ནག་རིས་སུ་ཕྱེ་བའི་ཞིང་ཁམས་ཤིག

གཡས་ངོས་ནི་གདོད་མའི་རང་བྱུང་གི་བཀོད་པ།

གཡོན་ཕྱོགས་ནི་ཁང་བརྩེགས་ཀྱིས་བསྒྲེངས་བའི་དེང་དུས་ཀྱི་ཞིང་བཀོད་གཞན་ཞིག

ནག་ཆུའི་ཨ་མདོ།

མཚོ་ནག་མཚེའུ་ཡི་མཛེས་སྡུག་ཡུལ་ལྗོངས།

ལན་བརྒྱར་མྱངས་ནས་འགྲོ་གིན་དུ།

གཡས་གཡོན་གྱི་རི་བོའང་བྱེ་ས་ཇེ་མང་དུ།

གནམ་ས་ཡུག་ཅིག་ཏུ་འབྲེལ་ཞིང་།

ཕ་མཐའ་མི་མངོན་པའི་རྩྭ་ཐང་།

རི་དབྲག་ཏུ་ཁུ་སིམ་མེར་ཆགས་པའི།

ཨ་མདོའི་རྫོང་གྲོང་ལ་ལྟ་གིན་དུ།

བདག་གི་མེས་པོའི།

རྩྭ་ཐང་དང་འདྲ་བློ་གཤོང་ཡང་ལྷང་ངེར་དྲན།

ཟི་ལིང་ལ་འགྲོ་བའི་ལམ་བར་དུ།

རྩྭ་ཐང་གི་གཉེར་མ།

གཡུ་ལྟར་སྔོ་བའི་ནམ་མཁར།

དངུལ་མདོག་གི་སྤྲིན་པ་འགའ་དོ་ཤལ་གྱི་ཚུལ་གྱིས་ལྡིང་།

གསེར་ཐིང་ཐིང་གི་ཉི་མས་འཇམ་མལ་མལ་གྱི།

སྤྲིན་པ་སྔས་སུ་བཅུག

མཐའ་ཀླས་པའི་བྱང་ཐང་།

མཚོ་བོད་ལྕགས་ལམ་གྱིས་བཤགས་པའི་བྱང་རྩྭ་ཐང་།

ནོར་ཕྱུགས་ཀྱི་འབའ་སྒྲས་ཁུ་སིམ་དཀྲོགས།

མེ་འཁོར་གྱི་དུང་སྒྲས་འདིའི་ལྷིང་འཇགས་དཀྲོགས།

རླངས་འཁོར་གྱི་འུར་སྒྲས་དཀྲོགས།

མེ་འཁོར་སྦྲུལ་ནག་ཅིག་དང་འདྲ་བར།

མདུན་ནས་མདུན་དུ་རྒྱུགས།

བྱང་ཐང་རྡོག་པས་མནན་གྱིན་དུ་རྒྱུགས།

མཛེས་པའི་བྱང་ཐང་།

མེ་འཁོར་གྱི་བཞུགས་གདན་བྱང་ཐང་།

གཡས་ཕྱོགས་དང་གཡོན་ཕྱོགས་ནས་ཕྱིར་བཤིག་བྱེད།

འགྲོ་གིན་དུ་བྱང་རྩྭ་ཐང་གི་བཞིན་རས་འགྱུར།

མེ་འཁོར་དང་རྩྭ་ཐང་འཕྲད་རིམ་བཞིན།

རྩྭ་ཐང་དང་གྱེས་རིམ་བཞིན།

རྩྭ་ཐང་གི་བཞིན་རས་འགྱུརའགྲོ།

འཕྲད་པ་དང་གྱེས་པའི་བརྒྱུད་རིམ་ཁྲོད།

ངས་རྩྭ་ཐང་གི་གཉེར་རིས་མཐོང་སོང་།

མེ་འཁོར་གྱིས་རྩྭ་ཐང་ལ་ལག་བཏགས་ཤིག་འཇོག་འདོད།

མེ་འཁོར་བསྐྱོད་རིམ་བཞིན་རྩྭ་ཐང་ལ་ལག་བཏགས་བཞག

མེ་འཁོར་གྱིས་རྩྭ་ཐང་ལ་ལེགས་སྐྱེས་འཇོག་ཁུལ་བྱས་ཀྱང་།

རྩྭ་ཐང་གི་གཉེར་རིས་ཅི་ལ་མཐོང་།

ད་ལྟ་རྩྭ་ཐང་རྒས་འདུག

རྩྭ་ཐང་གི་ངོ་རིས་འགྱུར་འདུག

ད་ལྟའི་རྩྭ་ཐང་།

བྱེ་ཐང་དུ་འགྱུར་ཉེན་པའི་གནས་སུ་གྱར།

མེ་འཁོར་བསྐྱོད་རིམ་བཞིན།

རྩྭ་ཐང་གི་གཉེར་རིས་གཏིང་ཟབ་ཏུ།

རྒྱ་ཆེ་རུ།

ལྷ་ས་ནས་ཟི་ལིང་དུ་འགྲོ་བའི་ལམ་བར་དུ་མེ་འཁོར་ལས་རྩྭ་ཐང་གི་འགྱུར་ལྡོག་མཐོང་བཞིན་བྲིས་པ་དགེའོ།

༢༠༡༧--༧--༢༠