དེང་རབས་སྙན་ངག་སྐོར་ཞིག

美友7533178

རྩྭ་ཟིལ།

འཇུ་སྐལ་བཟང་།

རལ་གྲིའི་ཡང་རྩེར་འཛེགས་ཟིན་པའི།

ཚེ་སྲོག་གི་གོང་བུ་ཞིག་སྟེ།

ད་ནི་འགུལ་པ་ཙམ་གྱིས་ཀྱང་འཐོར་ཞིག་ཏུ་འགྲོ་སྲིད།

ཁྱོད་ལ་དྲི་མ་ཐམས་ཅད་ཀྱིས་མ་གོས་པས།

གཞོན་ནུ་མའི་ཁ་རླངས་ཀྱིས་ཀྱང་ཁྱོད་ལ་རེག་པར་མི་ཕོད།

ཁྱོད་ཉིད་སྒྲིབ་པ་ཐམས་ཅད་དང་བྲལ་པས།

ཕྱི་ནང་ཐམས་ཅད་ཁོར་ཡུག་ལ་གསལ་ཞིང༌།

ཁོར་ཡུག་མ་ལུས་ཕྱི་ནང་ལ་གསལ།

ཆེས་མཐར་ཐུག་གི་དྭངས་མ་ནི།

ཆེས་འཇིག་པར་སླ་བ་ལགས།

ཁྱོད་ནི་འཚང་རྒྱ་ཁ་མའི།

སྐད་ཅིག་གི་མངོན་སྟངས་ཤིག་སྟེ།

མཚམས་འདིར་བསླེབས་ཚེ།

ཅིས་ཀྱང་འོད་ལུས་སུ་དྭངས་དགོས།

ན་ཕྲ་མཚར་སྡུག་གི་ལམ་གྲོགས་བུ་མོ། །

དྭངས་བསིལ་ཆར་རྒྱུན་གྱིས་བརླན་པའི་བཞིན་ན། །

སྨིན་ལེགས་མཁུར་ཚོས་ཀྱི་ཀུ་ཤུ་གསལ་ཞིང་། །

ཡིད་འོང་ཟུར་མིག་གི་བུང་བ་ཁྱུག་ཁྱུག །

གནག་སྣུམ་ལན་བུ་ཡིས་ཕྱེད་ཙམ་བསྒྲིབས་པའི། །

བིམ་པའི་མཆུ་སྒྲོས་དེ་སྙིང་ལ་འབབ་ཅིང་། །

ཆུ་ལྡན་སྟོད་གོས་དང་ཀུན་ནས་མཛའ་བའི། །

བྲང་སྐྱེས་མྱོས་བུམ་དེ་མིག་ལ་གཟན་པ། །

དཔྲལ་བའི་མེ་ལོང་ན་རྒྱུན་མར་འབབ་པའི། །

སྦྲང་ཆར་ཐིགས་ཕྲེང་དེ་ང་རང་ཡིན་ན། །

དབྱིབས་ལེགས་དྲི་འཛིན་གྱི་སྡོང་བུ་བརྒྱུད་དེ། །

མཆུ་སྒྲོས་ཡལ་འདབ་ལ་མངོན་པར་ཕྱོགས་འགྲོ། །-----འཇུ་སྐལ་བཟང་།

༼ས་སྲོད་ཀྱི་རྩྭ་ཐང་།༽

འཇུ་སྐལ་བཟང་།

དགོང་ཁའི་ཉི་མས་གྲིབ་མ་རིང་དུ་བསྲིངས།།

བལ་ལྡན་མ་བུ་འཕྲད་པས་འབའ་སྒྲ་སྒྲོག།

རྒྱང་རིང་མགྲོན་པོར་སྒུག་པའི་གཞོན་ནུ་མས།།

རྡུལ་རླུང་བསྐྱིལ་བའི་ལམ་ལ་རྒྱང་མིག་བལྟ།།

༿ལོ་རབས་བརྒྱད་ཅུ་བའི་རྩྭ་ཐང་གི་རྣམ་པ༾

༼ས་སྲོད་ཀྱི་རྩྭ་ཐང་།༽

མང་བུ།

དགོང་ཁའི་ཉི་མས་གྲིབ་མ་རིང་དུ་བསྲིངས།།

སྐད་འཕྲིན་སྒང་ན་ཆགས་གཏམ་འུ་རུ་རུ།།

སྟབས་བདེ་ཐུག་པ་འཐུང་བའི་གཞོན་ནུ་མས།།

སྣུམ་ལམ་རིང་མོའི་སྣེ་ལ་རྒྱང་མིག་བལྟ།།

༿དེང་གི་དུས་ཀྱི་རྩྭ་ཐང་གི་རྣམ་པ༾

འཇུ་སྐལ་བཟང་།

ཁོ་ཚོས་ཡིག་ནོར་བྲིས་བཞག

ཡིག་ནོར་འདི་ཚོ ང་ཚོའི་མུན་པ་རེད འུག་པ་རེད

ཁྭ་ཏ་བཞིན་ཨག་སྐད་འཛེར་འཛེར་འབྱིན་གྱིན་འདུག

སྡིག་སྲིན་བཞིན་ཡན་ལག་ཤིགས་ཤིགས་འགུལ་གྱིན་འདུག

གོས་སྲུབས་སུ་འཚང་བའི་སོ་མ་བཞིན་བསལ་དུ་མེད་པར་འདུག

དེ་ཚོས་ང་ཚོར་སྐྱི་གཡའ་རུ་འཇུག་བཞིན ཞེ་མེར་དུ་འཇུག་བཞིན

ཟུག་རྔུ་བསྐྱེད་བཞིན དངངས་སྐྲག་སློང་བཞིན་འདུག

ཡིག་ནོར་ཚོས་གཞུང་ལུགས་ན་གཡེང་རྐྱལ་བྱེད་ཀྱིན་འདུག

བསླབ་བྱ་ན་གཡོ་སྟོན་བྱེད་བཞིན་འདུག

རྩོམ་རིག་ན་བཅོས་འཛུམ་སྟོན་བཞིན་འདུག

ལོ་རྒྱུས་ཀྱི་འགག་མདོ་ན་རྩོད་གཞི་སློང་གིན་འདུག་ཅིང

མཚམས་ཁང་གི་སྒོ་དྲུང་ནས་ལོག་སྟོན་བྱེད་ཀྱིན་འདུག

ཐ་ན་སྨན་རྐྱལ་དུ་འཛུལ་ནས

ཤི་གསོན་གྱི་གྱེས་སོ་ན་བརྡ་ལོག་རྒྱག་གིན་འདུག

མདོར་ན་ཡིག་ནོར་དེ་ཚོས་ཆོས་ལོག་འཆད་ཀྱིན་འདུག

སྲིད་ནོར་དུའང་འཁྲིད་ཀྱིན་

འདུག་སྟེ་ཁོ་ཚོས་ག་སར་ཡིག་ནོར་བྲིས་བཞག

གཞུང་ཡིག་ན་ཡིག་ནོར་བྲིས་བཞག

ཐམ་ག་ན་ཡིག་ནོར་བྲིས་བཞག

སྒོ་བྱང་ན་ཡིག་ནོར་བྲིས་བཞག

ཡིག་ནོར་གྱི་སྙན་ཞུ་ལ

ཡིག་ནོར་གྱི་ཆོག་མཆན་འགོད་ཅིང་།

ཡིག་ནོར་གྱིས་ལག་བསྟར་བྱེད་ཀྱིན་འདུག

ད་ལྟ་དེ་ཚོ་ཡམས་ནད་བཞིན་ག་སར་ཁྱབ་ཟིན

ནམ་མཁའ་ནས་འབབ་ཀྱིན་འདུག

གྲོང་མཐའ་ན་ཉུལ་གྱིན་འདུག

ལྷས་འདབས་སུ་རུལ་བཞིན་འདུག

ང་ཚོས་ཁ་ནས་ཡིག་ནོར་ཟོས་ཟིན

ང་ཚོའི་རྒྱབ་ཏུ་ཡིག་ནོར་གྱོན་ཟིན

ད་ལྟ་ང་ཚོ

ཡིག་ནོར་དང་ཁ་འབྲལ་ཐབས་མེད་པར་གྱུར་འདུག

ཁོ་ཚོས་ག་སར་ཡིག་ནོར་བྲིས་བཞག

ང་ཚོའི་གཙང་བོ་དང་ལོ་རྒྱུས་ཀྱི་མགོ་ཁུངས་ནས ཡིག་ནོར་གྱིས་རྙོག་གིན་འདུག

མཐོ་སྒང་གི་རུས་སྒྲོམ་ཧྲིལ་བོ་ཡིག་ནོར་གྱིས་ཟ་གིན་འདུག

ཡིག་ནོར་ཚོ་མའི་མངལ་དུ་ཞུགས་ཟིན་པས

རིགས་རྒྱུད་ཀྱི་ཕྱི་མ་ཚོ་རྙོག་འཐོམ་མེར་བཏང་འདུག

ཁོ་ཚོས་ག་སར་ཡིག་ནོར་བྲིས་བཞག

ཨ་ཁ་ཁ ཁོ་ཚོས་ངའི་ཆེས་གཅེས་ཐང་ཆེ་བའི་རུས་མིང་དེ

ཡིག་ནོར་གྱིས་བྲིས་བཞག

ངའི་དུར་བྱང་ལ་ཡིག་ནོར་བཏབ་བཞག