ཚེ་རིང་སྐྱིད།

སློབ་ཁང་གྲུབ་བཞི་དེའི་ནང་དུ།

དགེ་སློབ་ཚོ་དབུགས་རིང་ནར་ནར།

བགྲང་བྱ་གསུམ་གྱི་བརྩེ་སེམས་དམར་པོ།

སློབ་གླིང་དུ་དགེ་སློབ་བར་གསོན་པོར་བཞད།

ལོ་ངོ་དགུ་ཡི་ཐོབ་འབྲས་ཁུར་ཏེ།

མི་ལོ་ཉི་ཤུའི་རྡོག་མགོར་སྤོ་དུས།

གྱེས་གདུང་གི་མིག་ཆུ་མོད་ལ།

མི་ཚེ་ལ་འདང་རྒྱག་ཆེ།

སྐབས་དེར། འདུ་བྲལ་ལ་ཕུལ་བའི་མཆོད་གཏམ་རེ་རེ།

གངས་འཁྱག་བཞིན་སྙིང་སྲུབས་སུ་བཞུ་ཐབས་བྲལ།

འཚོ་བ་ལ་མངར་སྐྱུར་མེད་ན།

འཇིག་རྟེན་དུ་སྙིང་པོ་མེད་པ་བདེན་ན།

ཆེས་མཐའ་མཇུག་གི་དགོང་ཚོགས་འདིའང་།

དགོད་སྒྲ་ཡང་མོ་ཞིག་གི་སྔོན་འགྲོ་ཡིན་ཨེ་སྲིད།