༄༅།།བླ་བྲང་བཀྲ་ཤིས་འཁྱིལ་གྱི་བདུན་པའི་ཤྭ་འཆམ་སེང་འཆམ་དང་ཁྱི་རྭ་བ་མགོན་པོ་རྡོ་རྗེ་࿑མི་ལ་རས་པ་དང་རས་ཆུང་སོགས་ཀྱིས་གསུང་མགུར་དྲི་མ་མེད་པ་འདི་ནི།རྗེ་ཙོང་ཁ་བ་ཆེན་མོའི་དངོས་སློབ་འཇམ་དབྱངས་ཆོས་རྗེ་མཆོག་གི་གསར་གཏོད་མཛད་ཅིང་།ཧོར་ཟླ་བདུན་པའི་ཚེས་བརྒྱད་ཉིན་གནས་ཆུང་ཆོས་སྐྱོང་དང་དམ་ཅན་ཆོས་རྒྱལ་གཉིས་ལ་རྗེས་དྲན་བྱེད་པའི་ཆེད་ཡིན་ལ།

སྐྱབས་རྗེ་འཇམ་དབྱངས་བཞད་པ་སྐུ་འཕྲེང་གཉིས་པ༧རྗེ་འཇིགས་མེད་དབང་པོའི་དགོན་པ་འདིར་གསར་འཛུགས་གནང་བ་ཡིན།དགོན་པ་འདི་ལ་འཆམ་འདི་ཚུགས་ནས་ལོ་ངོ་གཉིས་བརྒྱ་བརྒྱད་ཅུ་ལྷག་གི་ལོ་རྒྱུས་ལྡན།

ཨ་ཙ་ར་།

འདིའི་ནང་དོན་བྱ་གཙོ་བོ་ནི༧རྗེ་མི་རས་པའི་རྣམ་ཐར་ལས།མགུར་རྟ་ཁྱི་ར་རས་པ་མགོན་པོ་རྡོ་རྗེ་དང་མཇལ་བའི་སྐོར་ཡིན་ལ།

࿐རྗེ་མི་ལ་རིན་པོ་ཆེའི་མདུན་དུ་ཤྭ་ཁྲ་ཁྲ་སྤུའི་ཉག་མ་རེའི་རྩ་བ་ལ་རྔུལ་ཆུའི་ཐིགས་པ་ཁྲོམ་ཁྲོམ་དུ་འབབ་པའི་འཇིགས་སྣང་དང་བཅས་བྲོས་ཡོང་བ་ལ།ཁོང་གི་ཐུགས་ལ་སྙིང་རྗེ་གཟོད་གླགས་མེད་པ་འཁྲུངས་ཏེ་ཐེག་པ་ཆེན་པོའི་ཆོས་བཤད་གསུང་ནས་དུས་གཏན་གྱི་བདེ་བ་ལ་འགོད་དགོས་པར་དགོངས་ཏེ་ཆོས་གསུང་པས་ཤྭ་བ་ཆོས་འོག་ལ་བཀུག།

དེའི་རྗེས་ཁྱི་མོ་དམར་མོ་དེད།

དེའི་རྗེས་སུའང་མི་སྡིག་ཅན་མིག་རྩ་དམར་ལེག་གེ་སྲིན་པོའི་གདོང་བ་ཅན་དབུགས་ཁར་འཚངས་པ་རྔུལ་ནག་འབབ་པ་ཞེ་སྡང་ཁོང་ཁྲོས་གནམ་ས་རལ་བ་ཞིག་འོང་སྟེ་འཇིགས་སྐྲག་བསླངས་པ་ལ།གོང་ལྟར་ཆོས་གསུངས་པས་ཐམས་ཅད་སེམས་བཏུལ་ཏེ་ཆོས་ལ་ཕྱོགས་པ་དང་།མི་དེར་དབང་དང་གདམས་ངག་མཐའ་དག་རྫོགས་པར་གནང་བས་ཉམས་རྟོགས་མཐར་ཕྱིན་པ་བྱུང་སྟེ༧རྗེ་མི་ལ་རས་པའི་ཐུགས་ཀྱི་སྲས་པོར་གྱུར།

ཕྱི་སྒྱུ་ལུས་བྲོས་པས་ག་ལ་ཐར།འབྲོ་ན་ནང་གི་སེམས་ཉིད་བྲོས།སེམས་ཉིད་བྱང་ཆུབ་གནས་སུ་བྲོས།གཞན་བྲོས་པས་ཐར་འདོད་འཁྲུལ་བ་ཡིན།ནང་རང་སེམས་བཟུང་བས་མ་ཟིན་ན།ཕྱི་གཞན་ལས་བཟུང་བས་ཅི་ལ་ཕན།ཉོན་མོངས་ཞེ་སྡང་མ་བཟོད་པས།རི་ཕ་རིའི་ལོགས་ནས་ཤོར་གྱི་དོགས།ཚུ་རིའི་ལོགས་ལ་ཟིན་དུ་རེ།རེ་དོགས་ངང་ནས་འཁོར་བར་འཁྱམས།ཁྱོད་ཤྭ་བ་བསད་པས་མི་འགྲངས་ཏེ།ནང་དུག་ལྔ་བསད་ན་ཅི་བསམ་འགྲུབ།ཕྱི་དགྲ་བོ་བཏུལ་ཡང་ཇེ་མང་འགྲོ།ནང་རང་རྒྱུད་བཏུལ་ན་དགྲ་བོ་མེད།