དྲན་པ་རི་དང་སྨུག་པ།

ཡིད་ཀྱི་དྭངས་བ་འདྲེན་པའི་རི་ལུང་ཀུན་མཐོང་དུས།།

སྐར་ཚོགས་ས་ལ་འཕོས་འདྲའི་སྣང་བ་ཞིག་ཤར་སོང་།།

ཁྲ་ཆིལ་མེ་ཏོག་ཚོམ་བུ་བཅོས་མིན་ངང་བཞད་དུས།།

རྐང་དྲུག་བུང་བས་བདེ་སྐྱིད་གླུ་སྒྲ་ནི་སྒྲོག་སོང་།

ལྷུང་ལྷུང་སྙན་དབྱངས་སྒྲོག་པའི་རྫ་ཆུ་ཡི་བཞུར་སྒྲས།།

སྐྱེས་དངོས་གཉིལ་ལས་དཀྲོགས་ཏེ་རི་ལུང་ལ་རྒྱན་ཡོད།།

བརྒྱད་ལྡན་ཆུ་བོ་དྭངས་བསིལ་དྲི་བསུང་གི་འཁྱིལ་ཡོད།།

ཕྱོགས་མེད་ཀུན་ལ་བཏུང་མཆོག་བདུད་རྩི་ཡི་རང་བཞིན།།

ཞོགས་དུས་བྱེའུ་ཆུང་གྲགས་པའི་སྐྱ་རེངས་གི་ཐོག་མར།།

རི་སྒང་སྨུག་ལ་འདྲེས་པའི་རྫ་རི་ཡི་འདབས་ནས།།

ཐུལ་དཀར་འབྲི་མོ་བཞོ་བའི་འབྲོག་མོ་ཡི་ལང་ཚོ།།

བཞོ་དབྱངས་ངག་ལ་འགུག་བཞིན་ལྷས་འདབས་ན་རྒྱས་ཡོད།

སྨུན་་སྤྲིན་ཐོད་ལ་དཀྲིས་པའི་རི་ཚོགས་ཀྱི་པང་ནས།།

རྫི་བོའི་རི་གླུ་སྙན་མོ་འགྱུར་ཁུགས་དང་འགྲོགས་ནས།།

སྣང་བ་ཐན་ཐུན་འཚོ་བའི་རུས་རྐང་ལ་ཐིམ་ཡོད།།

མངར་སྐྱུར་འདྲེ་མའི་འཚོ་བ་ཡིད་སེམས་དང་འདྲིས་ཡོད།།