གྱེས་གདུང་།

美友12358097

ཚེ་རིང་སྐྱིད།

སྟོང་སང་སང་གི་སེམས་པ་དེ་འཁུར་བཞིན།

གྲང་ཤུར་ཤུར་གྱི་འཇིག་རྟེན་ཞིག་གི་མཁའ་དབུགས་རྔུབ།

ཁྱོད་ཀྱི་ཆེད་དུ་ཇ་རྐྱང་དང་མིག་ཆུ་མང་པོ་མཉམ་དུ་འཐུང་།

ཁྱོད་ཀྱི་ཕྱིར་དུ་རེ་སྒུག་དང་སྟོང་བསམ་ཁོ་ནས་རྨི་ལམ་བསུས།

ཁྱོད་ཀྱི་དོན་དུ་ལེ་བདའ་དང་འཁང་ར་མང་པོས་ལོ་ཟླར་འཁྱུད།

གྱེས་གདུང་ཡ། ཁྱེད་ཀྱིས།

དྲན་གདུང་ཇི་ཙམ་ཉར་ན་མིག་ཆུ་དེ་ཙམ་མོད།

ལོ་ཟླ་ཅི་ཙམ་འགོར་ན་གྱེས་གདུང་དེ་ལས་མང་།

ཁེར་རྐྱང་གི་འཚོ་བ་སྐྱུར་མོ་བསྐྲུན་པའི་ངས།

དཔག་པར་དཀའ་བའི་གྱེས་གདུང་དེ་འབྲི་བཞིན།

མཐར་ཐུག་གི་རྫོགས་ཚིག་ལ་ཅེར།

གྱེས་གདུང་། ཐོབ་སླ་བའི་སྡུག་བསྔལ་ལྗིད་མོ།

གྱེས་གདུང་གི་ཞིང་ཁམས་ན། རེ་སྒུག་མང་།

ཁ་སང་། ལྷན་འཛོམས་ཀྱི་དགོད་སྒྲ་ཡིན།

དེ་རིང་། གྱེས་གདུང་གི་མིག་ཆུ་རེད།

སང་ཉིན། མཇལ་འཛོམས་ཀྱི་སྔོན་འགྲོ་ཡིན་ཨེ་སྲིད།

དེའི་ཕྱིར། གྱེས་གདུང་ཡ།

ནམ་མཇལ་གྱི་དྲི་རྟགས་སྙིང་ལ་བཀོད་ནས་ཅི་བྱ།

མེས་པོའི་རྣག་ཁྲག་གི་ལོ་རྒྱུས་འདི་ལྟར་སྐྱོང་བ།

ང་ཚོས་འཁུར་འོས་པའི་གྱེས་གདུང་ག་ལ་ཡིན།

ཟླ་བ་ལ་གསང་མིག་བགྲད་ཞོར།

གྱེས་བྲལ་གྱི་མཛུབ་རྩིས་རྒྱག་ཐེངས་རེར།

ང་ཚོའི་འཇིག་རྟེན་གྱི་འཁོར་ལམ་ཇི་འདྲའི་དལ་ཨང་།

༢༠༡༦ ་ ༩ ་༡༥