ཆུ་མིག་གི་བཞུར་རྒྱུན།

美友12358097

ཚེ་རིང་སྐྱིད།

སྒྲ་འཇུག་ཁང་ལ་འགྲོ་ཞོར་ངས་སྐད་ཆའི་སྦྱོང་བརྡར་བྱེད་བཞིན་ཡོད།

ཤོད་དགོས་པའི་ཟླ་དུས་ཚེས་གྲངས་དང་སྒྲུང་རིང་བློ་ལ་འཛིན་བཞིན་ཡོད།

ངས་བཤད་སྦུག་གི་མདུན་དུ་སྐད་ཆ་བཤད་ཐེངས་རེར།

མིག་ཟུང་བཙུམས་ཞོར་མི་ཚོགས་ཤིག་མདུན་དུ་ལངས་ཡོད་ཤག་ལ་བརྩི་བཞིན།

བདེན་པ་ཁུངས་ཐུབ་ཀྱི་སྐད་ཆ་ཤོད་ཐབས་བྱེད་བཞིན་ཡོད།

མིའི་སྤྱི་ཚོགས་ནི་རིན་ཐང་གི་ལྟ་ཚུལ་སྣ་མང་ལས་གྲུབ་པས།

རང་དབང་གི་ཁ་དོག་ཀྱང་གཏན་ནས་མི་འདྲ།

ཤར་དུ་རང་དབང་གི་ཁ་དོག་དམར་པོ་ཞིག་རེད་ལ།

ནུབ་ཏུ་རང་དབང་གི་ཁ་དོག་ནི་སྔོན་པོ་ཞིག་རེད།

ང་ནི་བར་དུ་ལངས་པའི་བར་སྣང་གི་གླུ་བ་དེ་ཡིན་མོད།

རང་དབང་གི་སྐད་ཆ་ནི་རང་དབང་མེད་པའི་སྐད་ཆ་ཞིག་ཏུ་འདོད།

དུས་རབས་འདིར་འཚེ་བ་དང་དམག་འཁྲུགས་གང་ས་གང་དུ་ཡོད་ལ།

ནང་དམེ་དང་འཐབ་རྩོད་ཀྱི་གྱོད་དོན་ཡང་ཡང་བྱུང་བཞིན་འདུག

མ་གཞི་ངས་ཤོད་ངེས་པ་དེ་ཡང་གསར་འགྱུར་ཞིག་ལ་མི་འགྱུར་ཏེ།

དུས་རབས་འདིར་དུས་ཚོད་དང་མི་སྣ་མ་འདྲ་བའི་གཏམ་རྒྱུད་འདྲ་མཚུངས་གཅིག་བྱུང་གཉིས་འབྱུང་རེད།

བར་སྣང་གི་རླུང་དང་སྡེབ་པའི་བར་སྣང་གི་གླུ་དེ།

ལེ་དབར་སྟོང་ཕྲག་གི་ཕར་ངོགས་སུ་སྐྱེལ་དགོས་ལ།

ང་ནི་སུས་ཀྱང་གོ་དགོས་པའི་བར་སྣང་གི་གླུ་བ་ཡིན།

ཁ་ཆར་བུ་ཡུག་ལ་མ་འཛེམས་ཤིང་རླུང་གི་གཤོག་པར་སྐུར་བའི་སྐད་དེ་ཁྱེར་རོགས།

ཡུལ་ལུང་གང་རུང་གི་གཏམ་རྒྱུད་རྣམས།

སྦྲ་གུར་གྱི་ཁ་འཚུབ་བར་དང་ཤིང་ཁང་གི་སྒེའུ་ཁུང་རེ་རེར།

རླུང་འཕྲིན་པ་ནི་གསར་རྩོམ་པ་མིན།

རླུང་འཕྲིན་པ་ནི་རི་མོ་བ་ཡང་མིན།

རླུང་འཕྲིན་པ་ནི་ཁྱེད་ཀྱི་རྐང་རྗེས་ཁོ་ན་འདེད་མཁན་དེ་ཡིན་ལ

རླུང་འཕྲིན་པ་ནི་ཁྱེད་དང་ཁོང་གི་གཏམ་རྒྱུད་ཤོད་མཁན་ཡིན།

ཁྱེད་ཀྱིས་དྲང་བོར་ཤོད་དང་།

ཁོང་གིས་དྲང་བོར་སྤྲོད་དང་།

ང་ནི་དེ་ལྟར་བསྒྲགས་མཁན་གྱི་བར་སྣང་གི་འཕྲིན་སྐྱེལ་བ་དེ་ཡིན།

ཁྱེད་རང་ཁེར་རྐྱང་དུ་ལུས་པར་ཞེད་སྣང་མི་དགོས།

རྫ་གསེབ་ཀྱི་རྫི་བོ་ལགས།

ཁྱེད་རང་ཁུ་སུམ་མེར་འགྱུར་བར་ཡིད་ཆད་མ་གནང་།

ཡུར་མ་ཡུར་མཁན་གྱི་སྐྱེས་མ།

ཁྱེད་རང་སུན་སྣང་ཁྲོད་གཉིད་པར་སེམས་ཚེགས་མ་གནང་།

མ་ཎི་འཁོར་ཁང་གི་སྤོ་བོ་རྨོ་མོ།

ཁྱེད་རང་འཕྲིན་གསར་མི་གོ་བར་སུན་སྣང་མ་སྐྱེས།

དགོན་གྲོང་གི་ངུར་སྨྲིག་པ།

ངས་ཁྱེད་ལ་རླུང་གི་གཤོག་པ་གཡར་ཏེ་ལ་དང་ལུང་བའི་གཏམ་རྒྱུད་བཤད་ཆོག