ལོ་མ།

ལོ་ཟླའི་ཕྲེང་བ་བསྟར་བའི་འཚོ་བ་ཀྱག་ཀྱོག།

ཕོ་མོའི་ལུས་འབྲེལ་སྙེག་པའི་བདེ་བ་གསོན་པོ།།

གནའ་བོའི་སྲོལ་ལ་འཐམ་པའི་ཡུལ་སྡེ་དེ་ན།།

ད་དུང་བག་ལ་ཉལ་ནས་བདེ་བར་གཟིམ་ཡོད།།

ཕོ་དང་མོ་རུ་གྲུབ་པའི་དེ་ཉིད་མ་རྟོགས།།

འཇིག་རྟེན་བདེ་བ་འཚོལ་བའི་ལམ་ཀ་མ་ཤེས།།

ཕྱི་ཡི་སྣང་ཚུལ་ཙམ་ཞིག་བློ་ལ་ཉར་ནས།།

མི་ཚེའི་ལང་ཚོ་རྫོགས་པའི་མི་རྣམས་སྙིང་རྗེ།།

ཕོ་མོའི་ལུས་འབྲེལ་བྱེད་པའི་སྙིང་དོན་མ་རྟོགས།།

སྒྱུ་རྩལ་སྣ་མང་སྤྱོད་པའི་དགོས་མཁོ་མ་ཤེས།།

ནག་ཁུང་ནང་ནས་ནག་འཛགས་ལན་འགའ་བྱས་ནས།།

མི་ཚེའི་ཕྲེང་ཐག་ཟད་པའི་མི་རྣམས་སྐྱོ་བ།།

དགའ་སའི་མི་ལ་འགྲོགས་པའི་གློ་སྙིང་ཆུང་བ།།

བདེ་བའི་ཚོར་བ་སྒུམ་པའི་དྲན་ཤེས་ཉུང་བ།།

ཅི་ཡིན་འདི་སྣང་མེད་པའི་ལུས་འབྲེལ་ཞིག་གིས།།

མི་ཚེར་རྫོགས་ཚིག་འགོད་པའི་བོད་རྣམས་སྙིང་རྗེ།།

སྟེང་འོག་བརྗེས་ནས་སྤྱད་ན་རླུང་རྟར་གནོད་ཟེར།།

མདུན་རྒྱབ་སྤོར་ནས་སྤྱད་ན་དུད་འགྲོའི་ལུགས་ཟེར།།

ཉལ་ས་གཅིག་ནས་སྤྱོད་ལུགས་གཅིག་ལས་མེད་པས།།

ལུས་འབྲེལ་འདི་ཙམ་བྱས་དང་མ་བྱས་མི་འདུག།

ཕོ་ཡི་འདོད་པ་མྱང་བའི་མགྱོགས་ཚད་བྱ་རེད།།

མོ་ལ་བདེ་བ་ཐོབ་རྒྱུ་རུས་སྦལ་འགྲོས་རེད།།

དུས་ཀྱི་བར་ཆད་འདི་ཙམ་བློ་ལ་ཤར་ན།།

ང་ཚོའི་ལུས་འབྲེལ་འདི་སོ་ཅང་ར་མ་རེད།།

ངོ་ཚ་ཆེ་མདོག་མ་སྟོན་མི་ཚེའི་གྱོང་རེད།།

སྲོལ་ལ་བསྟུན་འདང་མ་སྐྱེས་བདེ་བའི་བགེགས་རེད།།

ཅི་ཙམ་སྤྱད་ཀྱང་ད་དུང་སྤྱོད་སྙིང་འདོད་པ།།

ལུས་འབྲེལ་རིག་པའི་གཞུང་ལ་ཅུང་ཙམ་སྦྱང་རོགས།།

ཕོ་ཡང་མི་བསོར་མོ་ལ་སྐྱིད་སྣང་མེད་པའི།།

ཁྱོད་ཚོའི་ལུས་འབྲེལ་འདི་སོ་ཅི་ཞིག་ཡིན་ནམ།།

གྲངས་ཀ་ཡོད་ཙམ་ཉལ་བ་བདེན་ཙམ་ཞིག་ལས།།

ཚོར་བ་བདེ་བ་མྱང་སྟངས་གཅིག་ར་མི་ཤེས།།