ཡིག་སྒྱུར་བ། བདེན་རང་འཚོལ།

བཤད་སྲོལ་ཞིག་ཏུ།འཇིག་རྟེན་དུ་ཆེས་བདེ་སྐྱིད་ལྡན་པའི་འཚོ་བ་ནི་དབྱིན་ཇི་བའི་སྡོད་ཤག་ཏུ་བསྡད་ནས་རྒྱ་ནག་པའི་ཇ་མ་ཞིག་ཡོད་པ་དང་ཉི་ཧོང་གི་བུད་མེད་ཅིག་མནའ་མར་ཡོད།ཨ་རི་ནས་ཕོགས་དངུལ་ལེན་པ་སོགས་རེད་ཅེས་པའི་བཤད་སྲོལ་ཞིག་འདུག

ནམ་རྒྱུན་ཉི་ཧོང་བས་བསོད་ནམས་ཤིག་ཏུ་རློམ་ཆོག་པའིགནས་ནི་འཇིག་རྟེན་ལས་ཆེས་ཕུལ་ཏུ་བྱུང་བའི་བུད་མེད་ཁོ་ཚོར་ཡོད་ཅིང་།གཤིས་འཇམ་གྱིས་ཕྱུག་པའི་བུད་མེད་ཚོས་ཁོ་ཚོའི་མི་རིགས་འདི་ལ་བྱམས་སྐྱོང་གནང་བཞིན་ཡོད་ཟེར།འོ་ན་རྒྱ་ནག་པའི་བུད་མེད་དང་ཉི་ཧོང་བུད་མེད་དག་གི་ལྟོས་བཅས་ཀྱི་ཁྱད་པར་གང་ན་འདུག་གམ།

༡ བྱིས་པར་སློབ་གསོ་བྱེད་སྟངས་ཀྱི་ཁྱད་པར།

ཉི་ཧོང་གི་བུད་མེད་དག་གིས་ནམ་རྒྱུན་བྱིས་པར་སློབ་གསོ་གཏོང་དུས། སྙིང་སྟོབས་དང་ནུས་ཤུགས་ཡོད་རྒུས་འཇིགས་ཉེན་ལ་གདོང་གཏད་ནས་ཕ་རོལ་པོར་འགྲན་རྩོད་བྱེད་དུ་འཇུག གཅེས་སྲོག་བློས་བཏང་ཡང་ཟླ་མེད་ཀྱི་དཔའ་བོར་བརྩིས་ནས་བླ་ན་མེད་པའི་གཟི་བརྗིད་ཀྱི་ཆོ་ལོ་གསོལ་ངེས། རྒྱ་ནག་གི་བུད་མེད་ཚོས་ནམ་རྒྱུན་བྱིས་པ་ཆུང་ཆུང་ཚོར་སློབ་གསོ་གཏོང་དུས།འཇིགས་ཉེན་ལ་འཕྲད་སྐབས་ནུས་ཤུགས་ཡོད་རྒུས་གཡོ་སྒྱུས་གཡོལ་ཐབས་ལ་བྱང་དགོས་པར་སྐུལ་ཞིང་། གནམ་གྱིས་སྲུང་ངེས་ཡིན་ཞེས་བཤད་སྲིད།

༢ རང་གི་ཁྱོ་གར་བཟུང་བའི་རྣམ་འགྱུར་གྱི་ཁྱད་པར།

ཉི་ཧོང་གི་བུད་མེད་ཕལ་ཆེ་བ་བསྙེན་བཀུར་ལྡན་པས།ཁྱོ་གའི་ཨ་མ་ལ་རང་གི་མ་ཡུམ་གྱི་འདུ་ཤེས་འཛིན་ཞིང་།རྒྱ་ནག་གི་བུད་མེད་ཚོས་ཁྱོ་གའི་མ་ཡུམ་མི་འགྱངས་པར་འཇིག་རྟེན་ལྔ་ལམ་དུ་སོང་ན་ཅི་རུང་སྙམ་མོ།།

༣ དགའ་གྲོགས་ལ་བཟུང་བའི་ལྟ་ཚུལ་གྱི་ཁྱད་པར།

ཉི་ཧོང་གི་ཆུང་མ་ཚོས་རང་གི་ཁྱོ་གར་སྐུལ་འདེད་དང་ཐུགས་ཁུར་བྱེད།ཁྱོ་གས་ཉིན་གང་བོའི་ལས་ཀའི་དཀའ་སྡུག་ཡོད་ཚད་མཇུག་བསྡུས་ནས་དགོང་མོ་འགོར་འགྱངས་བྱས་ནས་ཕྱིར་ཁྱིམ་དུ་ལོག་ཀྱང༼ཁྱེད་ཀྱིས་དཀའ་ལས་མྱངས་སོང་༽ཞེས་བརྗོད། རྒྱ་ནག་པའི་ཆུང་མ་ཚོས་རང་གི་ཁྱོ་གར་སྡུག་བཤད་མུག་བཤད་བྱེད་ལ།ཁྱོ་གས་ཉིན་གང་བོའི་ལས་ཀའི་དཀའ་སྡུག་ཡོད་ཚད་མཇུག་བསྡུས་ནས་དགོང་མོ་འགོར་འགྱངས་བྱས་ནས་ཕྱིར་ཁྱིམ་དུ་ལོག་དུས།ཆུང་མས་ཤུགས་རིང་ཞིག་དང་བཅས་༼ཡང་ཁྱོད་གང་ཞིག་ཏུ་འཆི་རུ་སོང་བ་ཡིན་ནམ༽ཞེས་བརྗོད་དོ།།

༤ དངུལ་ལོ་ལ་བཟུང་བའི་ལྟ་ཚུལ་མི་འདྲ་བ།

ཉི་ཧོང་གི་གཞོན་ནུ་མ་མང་ཆེ་བས་རང་དང་ལོ་མཉམ་གྱི་ཕོ་སར་ཞིག་ལ་གཉེན་སྒྲིག་བྱས་ཏེ་སྐྱིད་སྡུག་མཉམ་མྱོང་གི་འཚོ་བ་ལ་འབད་བརྩོན་བྱེད། རྒྱ་ནག་གི་གཞོན་ནུ་མ་ཚོས་རང་ལས་ལོ་ན་ཆེ་བའི་རྒད་པོ་ཕྱུག་པོ་ཞིག་ལའང་གཉེན་སྒྲིག་བྱ་སྲིད། ཐ་ན་རྒན་མོ་གཞན་པ་ཡོད་ནའང་ནོར་གྱིས་སླད་དུ་མི་འཐད་པ་མེད།

༥ ཨ་མ་ཚོས་སློབ་གསོ་རྒྱག་སྟངས་ཀྱི་ཁྱད་པར།

ཉི་ཧོང་གི་ཨ་མ་ཚོས་གནས་འགྲོ་བུ་མོར་སློབ་གསོ་གཏོང་དུས།༼བུ་མོ་ལགས། ཕར་སོང་ནས་རང་གི་ཁྱོ་གར་ཞབས་ཞུ་གང་ལེགས་ཀྱིས།ཁྱོ་གའི་ཕ་མ་གཉིས་པོར་བརྩི་བཀུར་ཅི་ཐུབ་བྱོས༽ཟེར་ངེས།རྒྱ་ནག་གི་ཨ་མ་ཚོས་གནས་འགྲོ་བུ་མོ་ལ་སློབ་གསོ་གཏོང་དུས༼བུ་མོ་ལགས། ཕར་སོང་རྗེས་ངེས་པར་དུ་ཁྱོ་ག་ཚང་གི་རྒྱུ་ནོར་ལོངས་སྤྱོད་ཡོད་ཚད་ལ་བདག་འཛིན་བྱ་ཨེ་ཐུབ་ལྟོས༽ཟེར་ངེས།

༦ སྐྱེས་པར་འཛིན་པའི་དགའ་ཕྱོགས་མི་འདྲ་བ།

ཉི་ཧོང་གི་བུ་མོ་ཚོས་སྒོར་མོ་མེད་པའི་སྐྱེས་པར་བཟོད་སྒོམ་ཐུབ་མོད། སྙིང་མེད་སྡར་མའི་སྐྱེས་པར་བཟོད་སྒོམ་གཏན་ནས་མི་བྱ། རྒྱ་ནག་གི་བུ་མོ་ཚོས་སྙིང་མེད་སྡར་མའི་སྐྱེས་པར་བཟོད་སྒོམ་ཐུབ་རུང་།སྒོར་མོ་མེད་པའི་སྐྱེས་པར་བཟོད་སྒོམ་ཡེ་ནས་མི་བྱ།

སྡོམ་ཚིག་འདི་དག་མཐའ་གཅིག་ཏུ་མ་ངེས་མོད།འདི་འདྲའི་སྣང་ཚུལ་འགའ་རེ་ཡོད་པའང་མངོན་སུམ་ཡིན་ནོ།།