གནའ་བོའི་རེ་རེའི་ལོ་རྒྱུས་ཁྲོད་དུ་དགེ་ལུགས་པའི་གྲྭ་རྟའི་རིག་གནས་ཕལ་ཆེར་བྱུང་མེད་ལ། དགེ་ལུགས་པའི་སྤྱི་ཚོགས་སུ་དགེ་རྒན་དང་སློབ་མའི་བར་དུ་བྱུང་བའི་མཚན་མཐུན་ཆགས་སྤྱོད་ཀྱི་ལམ་ལུགས་ཤིག་བྱུང་བས། རིག་གནས་དེ་རྣམ་པ་འཕེལ་རྒྱས་སུ་བྱུང་སྟེ། བོད་མིའི་སྤྱི་ཚོགས་ཁྲོད་དུ་དེའི་རླབས་རྒྱུན་མཆེད་འགོ་བརྩམས་པ་ཞིག་ཡིན་པར་འདོད། དགེ་ལུགས་པའི་མཚན་མཐུན་ཆགས་སྤྱོད་ཀྱི་རིག་གནས་འཕེལ་འགྱུར་གྱི་ལམ་ཁ་ནི། "ཤེས་ཡོན་པ་དང་རིག་གནས་པའི་སྡེ་ཁག་ཏུ་དར་བ་ལས། ཤེས་ཡོན་དང་འབྲེལ་བ་མེད་པའི་ཕོ་རྣམས་ཀྱི་བར་དུ་བྱུང་ཚེ་ཆེས་ངན་པར་བརྩི་བ་རེད"ཅེས། ཕྱི་སྡོད་བོད་མི"ཤེས་རབ་དར་རྒྱས"ཀྱིས་བརྩམས་པའི《ནུབ་ཕྱོགས་འགྲིམ་པའི་གཏམ》ཏུ་འཁོད་ཡོད་པའི་སྐད་ཆ་དེ་ལ་ཁུང་བཅོལ་ཏེ་བཤད་ན། གནའ་བོའི་དགེ་ལུགས་པའི་དགེ་སློབ་བར་དུ་བྱུང་བའི་མཚན་མཐུན་ཆགས་སྤྱོད་དང་། རང་རེའི་དགེ་ལུགས་པའི་ཁྲོད་དུ་དར་བའི་གྲྭ་རྟའི་རིག་གནས་གཉིས་ཀྱི་རིག་གནས་བྱུང་བའི་ངོ་བོ་ཧ་ཅང་འདྲ་སྟེ། བདག་ཅག་གི་དགོན་སྡེ་ཁྲོད་དུ་དར་བའི་རིག་གནས་བྱུང་བའི་ལམ་ཁ་ཡང་། དགེ་སློབ་ཀྱི་འབྲེལ་བ་བརྒྱུད་དེ་བྱུང་བ་ཞིག་ཡིན་པ་གོར་མ་ཆག

འོན་ཀྱང་རིག་གནས་འདི་གཉིས་ཅུང་རྣམ་པ་མི་འདྲ་སའི་ཆ་ནི། དགེ་ལུགས་པའི་མཚན་མཐུན་ཆགས་སྤྱོད་ཀྱི་རིག་གནས་འཕེལ་འགྱུར་གྱི་ལམ་ཁ། གྲྭ་གྲོང་གི་རིས་བཅད་མེད་པར་ཤེས་ཡོན་པ་དང་དགེ་སློབ་ཁྲོད་དུ་དར་བ་དང་། རང་རེའི་གྲྭ་རྟའི་རིག་གནས་འཕེལ་འགྱུར་གྱི་ལམ་ཁ་ནི། བོད་མིའི་བྱེ་བྲག་གི་བམ་པོ་དགོན་པའི་སྒོ་དྲུང་ཙམ་ལས། མི་སྐྱ་ཡོངས་ལ་གསང་རྒྱ་དང་གབ་སྦས་ཀྱི་ཚུལ་དུ་ཡིན་ན་མ་གཏོགས་མེད་པའི་ཚོད་དུ་གདའ་འོ། །

དེ་ལྟ་ན་ཡང་། མེ་གླིང་སོགས་ན་སྐྱེས་པ་དང་སྐྱེས་པའི་བར་ལ་ཁྲིམས་མཐུན་གྱི་གཟའ་ཚང་གི་ཁེ་དབང་ཡོད་པ་སོགས་ཀྱི་རིག་གནས་སྣང་ཚུལ་གང་ནས་བལྟས་ན།

འོ་ཅག་གི་སེར་མོ་བའི་ཁྲོད་དུ་དར་བའི་གྲྭ་རྟའི་ལམ་ལུགས། ནུབ་ཕྱོགས་ཀྱི་སྐྱེས་པ་དང་སྐྱེས་པའི་བར་ལ་བྱུང་བའི། མཚན་མཐུན་ཆགས་སྤྱོད་ཀྱི་རིག་གནས་ཤུགས་རྐྱེན་དེའི་རེ་འབྲས་སྨིན་པ་གདོན་མི་ཟའོ། །

༈ ཆོས་ལུགས་ཀྱི་གཞུང་བྱང་ལས་བརྒལ་བ།

སྤྱིར་དགོན་པ་ག་གེ་མོ་ཞིག་ན་གྲྭ་རྟ་དར་རབས་དང་། གྲྭ་བ་ཆེ་གེ་མོ་ཞིག་གིས་གྲྭ་རྟ་ཞོན་རབས་ལྟ་བུའི་རྫུན་སྣེ་ལ་རྫུན་བསྒྲིགས་པ་དང་། ཤོབ་ཐོག་ལ་ཤོབ་བརྩེགས་པའི་ཡིག་ཚོགས། ཆར་རྗེས་ཀྱི་ཤྭ་མོ་བཞིན་རྡོལ་སྐབས། ང་ལ་རྩོམ་ཡིག་འདི་འདྲ་ཞིག་བློས་བསླངས་བའི་སྤོབས་པ་ཉམས་ཤིང་རྒུད་ལ། སྐད་ཆ་འདི་དག་ང་ལ་མཚོན་ན་གསང་གཏམ་ཞིག་གི་གྲས་སུ་བརྩིས་ཡོད། ཞིབ་ཏུ་བསམ་ན། སྐད་ཆ་འདི་དག་གསང་གཏམ་ཞིག་གི་གྲས་སུ་བརྩི་ཐབས་བྲལ་ལ། ལྡོག་སྟེ། འདིའི་ཕྱོགས་ཀྱི་རྩོམ་ཞིག་བློས་མི་བསླངས་ཀ་མེད་བྱུང་།

སྔོན་ཆད་ཆབ་མདོ་དགོན་ནས་གློ་རྡེག་ཏུ་ངའི་གྲྭ་ཤག་ཏུ་ཨ་ཁུ་བརྒྱུགས་མྱོངས་བ་ལྟ་བུ་དང་། གྲྭ་བ་དང་མཁན་པོ་སྐོར་ཞིག་གིས་ཐབས་གང་ཡག་གིས་ང་ལ་ངོ་དགའ་དང་། འོ་བྱས་པ་ལྟ་བུ་ནི་བརྩིས་ན་གྲངས་ཀྱི་མི་ཐེག་ལ། དེ་དག་ནི་ང་ལ་མཚོན་ན་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་གྲུབ་འདུག

མིའི་རིགས་འདོད་ཆགས་ཀྱི་གཡང་ས་ཆེན་པོ་ན། ཚ་གདུང་རབ་ཏུ་འབར་བ་དང་བསྟུན། ཕོ་དང་མོ་སྦྱར་བ། ཕོ་དང་ཕོ་སྦྱར་བ། མོ་དང་མོ་སྦྱར་བ། མི་དང་དུད་འགྲོ་སྦྱར་བ། སྟུ་ཡི་ནང་ལ་མཛུབ་གུས་དཀྲུགས་པ། མཇེ་ལག་པས་འཕུར་བ་སོགས་ཀྱི་འདོད་ཆགས་ཀྱི་སྒྱུ་རྩལ་མཐའ་ལས་འདས་པ་ཞིག་འབྱུང་དམུས་སུ་འགྱུར་བཞིན་པའི་རིག་གནས་སྣང་ཚུལ་གྱི་ངོས་ནས་བལྟས་ན། དེ་ནི་ཆེས་རྒྱུན་ལྡན་གྱི་རིག་གནས་སྣང་ཚུལ་ཞིག་ཏུ་ངེས་ལ།

མ་ཟད་འདོད་སྡོམ་རིང་ལུགས་ལ་ལག་བརྡ་འཇོག་པའི། རིག་གནས་གསར་བ་ཞིག་གི་དན་རྟགས་ཀྱི་ཚུལ་ཏུ་གནས་ཡོད།

ད་སྔ་དགེ་ལུགས་པའི་རབ་བྱུང་པ་དག་གི་ཁྲོད་ནས་འདོད་པའི་ཆེད་དུ་སྡོམ་པ་ཤོར་མཁན་གྱི་སྐྱེས་བུ་ནི་ཚངས་དབྱངས། དགེ་ཆོས་ལ་སོགས་གང་མང་ཞིག་མཆིས་ན་ཡང་། མིའི་གཉུག་གཤིས་དང་ཁ་ཐག་རིང་པོ་ཉིད་དུ་ངེས་པའི། ཆོས་གཞུང་གི"སྲུང་སྡོམ"གྱི་གཞུང་བྱང་ལ་ཡིབ་སྟེ། དེ་དག་ལ་ངོ་ལོག་རྒྱག་མཁན་ནི། ཚ་བ་མདའ་སྨྱུག་སོགས་ཀྱི་སྐྱེས་བུ་རེ་གཉིས་ལས་བྱུང་མེད་ཚོད་དུ་འདུག་པས།

ཆོས་ལུགས་མིའི་རིགས་ཀྱི་འཚོ་བའི་ཁྲོད་དུ་དར་བ་ནི། མིའི་འཚོ་བ་ལ་ཕན་བདེ་ལེགས་ཚོགས་སྒྲུབ་བྱེད་ཅིག་ཏུ་ལྟ་བ་ལས། མི་རྣམས་ཀྱི་དགའ་སྐྱོ་ཟུང་གི་ཚོར་བ་མཐའ་དག་ཆོས་ལུགས་ཀྱི་ཕྱིར་ཏུ་མཆོད་སྦྱིན་བྱ་དགོས་པའི་ལུགས་སྲོལ་ནི། མཐར་དེད་ན་མྱི་གསོད་སྤྱད་ཅིག་ཏུ་ངེས། ཧིན་དུ་ཆོས་ལུགས་པས་ཚེ་སྲོག་མཆོད་སྦྱིན་བྱ་བའི་ཆོས་ལུགས་ཀྱི་ཆོ་ག་དང་། སངས་རྒྱས་ཆོས་ལུགས་པས་འདོད་པ་བཙན་སྡོམ་གྱི་རིག་གནས་སྣང་ཚུལ་གཉིས།

ཆོས་ལུགས་ཀྱི་ཆོ་ག་མི་འདྲ་བ་ལས། མཐར་དེད་ན་ཚེ་སྲོག་ལ་རྒོལ་བའི་གཤེད་མ་འབའ་ཞིག་རེད།

དགེ་ལུགས་པའི་དགོན་པ་གྲྭ་ཤག་ན་ལྐོག་ལྐོག་སུད་སུད་དུ་གྲྭ་རྟའི་རིག་གནས་གབ་སྦས་ཀྱི་ཚུལ་ཏུ་འཕེལ་ཞིང་མངོན་གྱི་འདུག་པ་ནི། སངས་རྒྱས་ཆོས་ལུགས་མིའི་རིགས་ཀྱི་འཚོ་བ་དང་ཁ་ཐག་རིང་པོ་ཉིད་དུ་ངེས་པས། སྔར་གྱི་གཉན་འཕྲང་དེ་ལས་བུད་དེ། རིག་གནས་བཅིང་གྲོལ་གྱི་གཞུང་ལམ་གསར་བ་ཞིག་གི་སྟེང་ལ་འགྲུལ་འགོ་བརྩམས་པ་རེད་ལ། མི་ལོ་སྟོང་ཕྲག་རིང་ལ་འདོད་པ་བཙན་གྱིས་བཀག་པའི་མིའི་ཁམས་གཤིས་དང་མི་མཐུན་པའི་བསྟན་བཅོས་ཤིག་ལ། མི་ཆོས་ཀྱི་སྒེའུ་ཁུང་གསར་བ་ཞིག་སྤྲད་མགོ་བརྩམས་པ་ཡང་རེད་དོ་་་

(རྩོམ་འདི་སུན་འབྱིན་ཕོ་ཉས་གཞན་ནས་བཤུས།)