ཟིན་བྲིས་ཐོབ་ཐོབ་ཉན་ཉན།

美友4870716

དབུལ་པོས་ཕྱུག་པོའི་ནོར་བགྲང་ཇི་བཞིན་དུ། །ཤི་དུས་རང་ལ་ཕན་པ་དཀའ་ན་ཡང་། །གངས་ཅན་གཙུག་ལག་རིག་གནས་རྒྱ་མཚོ་ལས། །ཆུ་ཐིགས་ཙམ་ཞིག་ཐོབ་འདི་ཡི་གེར་བཀོད། །

༄༄། །མི་ལ་རས་པའི་རྣམ་ཐར་ལས་བཏུས་པའི་
གཏམ་དཔེ་ཕྱོགས་བསྒྲིགས།
༡ [རྨ་ལ་ཕན་ན་ཁྱིའི་ཚིལ་ནའང་ཚིལ།] ཁྱུང་པོ་ཇོ་སྲས་ལ་ཤིན་ཏུ་མི་དད་པའི་མི་ཚང་ཞིག་ལ་གདོན་གཞན་སུ་གང་གིས་ཀྱང་མི་ཐུབ་པ་ཞིག་ཞུགས་ནས་གནོད་དུ་བྱུང་པ་ལ་འུ་ཐུག་ཁྱུང་པོ་ཇོ་སྲས་གདན་དྲངས་ནས་འདུལ་དགོས་བྱུང་བའི་དཔེ།
དེའི་ཚེ་ཁྱུང་པོ་ཇོ་སྲས་གདོན་གྱི་སར་ཕེབས་སུ་ཆ་བ་དང་། ང་རྒྱལ་ལངས་ནས་གསུང་ཆེན་པོས་ང་ཁྱུང་པོ་ཇོ་སྲས་འོང་གིན་ཡོད་དོ། །གདོན་བགེགས་རྣམས་ཀྱི་ཤ་ཟ་ཁྲག་འཐུང་བ་ཡིན་པས་སྡོད་ཨང་གསུང་ཞིང་མྱུར་དུ་བྱོན་པས། ཇོ་སྲས་རྩར་མ་ཕེབས་པ་ལ་གདོན་དེ་འཇིགས་ཤིང་སྐྲག་སྟེ་ཧ་ལས་ཏེ། ཕ་མ་མི་ལ་མི་ལ་ཞེས་ཡང་ཡང་ཟེར་ཞིང་འཇིགས་པའི་སྐད་དུ་མ་ཤོར། ཇོ་སྲས་རྩར་ཕེབས་པ་དང་། མི་ཁྱེད་འོང་སར་འོངས་པ་མེད་པས་བདག་ལ་སྲོག་སྩོལ་ཅིག་ཟེར། ཇོ་སྲས་ཀྱིས་ཀྱང་གདོན་དེ་ལ་ཕྱིས་སུ་ལའང་གནོད་མི་བྱེད་པའི་མནའ་བླངས་ཏེ་བཏང་བས། གདོན་དེ་རང་བསྟེན་པའི་མི་ཚང་ཞིག་ལ་བབས་ནས། ཡང་མི་ལ་མི་ལ་ད་ལན་ལས་སྡུག་པ་དང་ཉེན་པ་མ་བྱུང་ཟེར་ཞིང་འདུག་པ་ལ། མི་ཚང་དེ་རྣམས་ཀྱིས་མི་སུ་བྱུང་བྱས་པས། ཁྱུང་པོ་ཇོ་སྲས་བྱུང་ནས་སྲོག་ལ་བབས་པའི་སྡུག་བཏང་། མནའ་ཤོར་ཟེར་སོང་སྐད། དེ་ནས་ཇོ་སྲས་ཀྱི་ཡོན་ཏན་དང་ཆེ་བ་བརྗོད་པའི་ཆེད་དུ། མི་ཀུན་གྱིས་ཇོ་སྲས་ལ་མི་ལ་ཞེས་བརྗོད་པས་གདུང་གི་མཚན་ལ་མི་ལ་ཞེས་གྲགས་སོ།།
༢ [ཤོ་ལན་ལེན།]  སྐྱེ་བོ་གཡོ་སྒྱུ་ཅན་དང་འགྲོགས་མི་རུང་ལ་མི་ཆོས་དང་མི་མཐུན་པའི་ཚུལ་མིན་བྱ་བར་ཞུགས་མི་རུང་བའི་དཔེ།
ཁྱུང་པོ་ཇོ་སྲས་ཀྱི་སྲས་མི་ལ་རྡོེ་སེངྒེ་དེ་ཤོ་ལ་ཤིན་ཏུ་བརྩི་ཞིང་མཁས་པས་རྒྱལ་མང་པོ་ཐོབ་འོང་ཞིང་ཡོད་པ་ལས། དུས་ནམ་ཞིག་གི་ཚེ་ཡུལ་དེ་ན་མི་གཡོན་ཅན་ཤོ་ལ་ཤིན་ཏུ་མཁས་པ་ཕ་ཚན་རགས་ལ་མང་བ་ཞིག་ཡོད་པ་དེས་མི་ལ་རྡོེ་སེངྒེའི་ཚོད་བགམ་པའི་ཕྱིར་རྒྱལ་ཆུང་ངུ་བཙུགས་ཏེ་ཤོ་བརྩེས་པས་ཚོད་ལོངས་ཏེ། དེའི་ཉིན་ཁོས་རྒྱལ་རང་བཞིན་གྱིས་ཐོབ་པ་ལྟར་བྱས་པས་མི་ལ་རྡོེ་སེངྒེ་ཡི་མ་རངས་ཏེ་ནངས་པར་ཤོ་ལན་ལེན་བྱས་པས་རུང་ཟེར། རྒྱལ་སྔར་བས་ཆེ་བ་བཙུགས་ཏེ་ཤོ་བརྒྱབ་པས་ཁ་དྲང་ཕྱིར་ཁོས་ལན་གསུམ་གྱི་བར་དུ་ཕམ་པ་ལྟར་བྱས་པའི་མཐར། ད་ཡང་ཤོ་ལན་ལེན་ཟེར་བས་རུང་ཟེར། རྒྱལ་ཆེ་ཆུང་ལ་གཉིས་ཀ་ཁ་འཆམས་ནས་ཞིང་ཁང་ནོར་གསུམ་ཤོའི་རྒྱལ་དུ་བཙུགས། ཞུ་འཆག་མེད་པར་འབའ་ཡི་གེས་བསྡམས་ཏེ་ཤོ་བརྩེས་པས་ཁོས་ཐོབ་སྟེ་ཞིང་ཁང་ནོར་གསུམ་ཁོའི་ཕ་ཚན་རྣམས་ཀྱིས་རྩིས་བླངས་ནས་མི་ལ་ཡབ་སྲས་ཡུལ་གཞིས་ཀུན་དང་བྲལ་ནས་ཡུལ་ཐོན་བྱས་ཏེ་མང་ཡུལ་གུང་ཐང་གི་སྐྱ་རྔ་རྩར་ཕེབས་སོ།།
༣ [ཐོས་པ་དགའ།]  ཡུམ་མྱང་ཚ་དཀར་རྒྱན་ལ་བུ་ཞིག་འཁྲུངས་པའི་གཏམ་ལ་ཤིན་ཏུ་མཉེས་ནས་བུའི་མཚན་ལ་དེ་ལྟར་བཏགས་པ་སྟེ། གཏམ་བཟང་གོ་བའི་མཉེས་ཚོར་མཚོན་པའི་དཔེ།
མི་ལ་ཤེས་རབ་རྒྱལ་མཚན་ལྷོ་རྫས་མང་པོ་ཁྱེར་ཏེ། བྱང་སྟག་རྩེའི་ཕྱོགས་སུ་ཚོང་ལ་སོང་ནས་ཡུན་རིང་འགོར་བའི་ཚེ། ཆུ་ཕོ་འབྲུག་གི་ལོ་སྟོན་ཟླ་ར་བའི་ཉེར་ལྔ་སྐར་མ་རྒྱལ་ལ་བབ་པའི་ཉིན་ཡུམ་མྱང་ཚ་དཀར་རྒྱན་ལ་རྗེ་བཙུན་མི་ལ་འཁྲུངས་པས་ཡབ་ཀྱི་སར་བང་ཆེན་བརྫངས་ཏེ་འདིར་སྟོན་ལས་ཀྱང་ཐུག་ང་ལ་བུ་ཞིག་ཀྱང་སྐྱེས་པས། བུ་ལ་མིང་འདོགས་པ་དང་མིང་སྟོན་བྱེད་པ་ལ་མྱུར་དུ་ཤོག་བྱ་བའི་ཡི་གེ་བསྐུར་བ་བང་ཆེན་པས་ཀྱང་ཡབ་ལ་སྤྲད། ལོ་རྒྱུས་རྣམས་བསྙད་པས། ཡབ་ཤིན་ཏུ་མཉེས་ཏེ། འོ་ལགས་སོ་ངའི་བུ་ལ་མིང་བཏགས་ཚར། ངེད་ཀྱི་རྒྱུད་པ་འདི་ལ་བུ་རེ་རེ་ལས་མི་འོང་བ་ཡིན་པས། ད་ལན་བུར་སྐྱེས་ཡོད་འདུག་པ་དེ། ཐོས་པའི་གཏམ་ལ་དགའ་བ་ཞིག་བྱུང་བས་ངའི་བུའི་མིང་ལ་ཐོས་པ་དགའ་ཟེར། ད་ཚོང་རྣམས་བྱས་ཚར་བས་ལོག་འགྲོ་ཟེར། ཞེས་རྗེ་བཙུན་ཆུང་དུས་ཀྱི་མཚན་ལ་ཐོས་པ་དགར་བཏགས་སོ།།

༤ [ཕ་ཤུལ་བུ་འཛིན] རྗེ་བཙུན་མི་ལ་དགུང་ལོ་བདུན་ལ་ཕེབས་ཚེ་ཡབ་མི་ལ་ཤེས་རབ་རྒྱལ་མཚན་བསྙུན་གཞི་དྲག་པོ་རང་ཞིག་གིས་ཟིན་ནས། སྨན་པ་དང་མོ་མ་རྣམས་ཀྱིས་ཀྱང་མི་འཚོ་བར་ལུང་བསྟན་ཅིང་བོར། གཉེན་ཉེ་འབྲེལ་རྣམས་ཀྱིས་ཀྱང་མི་འཚོ་བར་ཤེས། ཁོང་རང་ཡང་མི་འཚོ་བར་ཁོ་ཐག་ཆོད་ནས། ཨ་ཁུ་དང་ཨ་ནེ་ལ་སོགས་གཉེན་ཉེ་རིང་གྲོགས་དགའ་བཤེས་ཡུལ་མི་ཁྱིམ་མཚེས་དྲག་པ་ཀུན་བསགས་ཏེ། བུ་སྨད་ནོར་དང་བཅས་པ་བཅོལ་གཏམ་བྱེད་པའི་ཁ་ཆེམས་ཡི་གེ་རྒྱས་པར་བྱས་པའི་དོན་གནད་མཚོན་པའི་དཔེ།
དོན་བསྡུ་ལ་ངག་ཏུ་ང་ད་ལན་གྱི་ནད་འདིས་མི་གཏོང་བ་འདུག་ཅིང་། ངའི་བུ་འདི་ཡང་ད་ལྟ་ཆུང་འདུག་པས། ཨ་ཁུ་དང་ཨ་ནེས་གཙོ་བྱས་པའི་གཉེན་བཤེས་ཀུན་ལ་བཅོལ་གཏམ་བྱ་རྒྱུ། ངའི་རྒྱུ་ནོར་གཞན་ལ་སྨོན་མི་དགོས་པ་ཡོད་པ་ལས་ཆ་ཤས་ཤིག་ང་རང་གི་རྗེས་སུ་ཐོངས། དེ་ལྷག་རྣམས་ཁྱེད་འདིར་ཚོགས་ཀུན་ལ་རང་གི་བུ་འདིས་ཁྱིམ་སོ་མི་ཟིན་གྱི་བར་ལ་བཅོལ་ལོ། །ཁྱད་པར་དུ་ཨ་ཁུ་དང་ཨ་ནེ་གཉིས་ལ་བཅོལ་ལོ། །བུ་འདིས་ཁྱིམ་སོ་འཕེར་བ་དང་ནོར་རྣམས་ལྷག་ལུས་མེད་པར་ཕོག་ལ་ཕ་ཤུལ་བུས་འཛིན་དུ་ཆུག་ཅིག དེ་བར་ལ་ངའི་བུ་སྨད་གསུམ་གྱི་སྐྱིད་སྡུག་ཨ་ཁུ་དང་ཨ་ནེ་གཙོ་བྱས་པའི་གཉེན་ཚན་ཀུན་ཤེས་སོ། །སྡུག་ཏུ་མ་འཇུག་ཅིག ང་ཤི་དུར་ཁུང་ནས་བལྟའོ་ཞེས་གསུངས་ནས་གྲོངས་སོ།།
༥ [མི་ཉེ་བྱས་རུང་དྲུང་པོ་ཉེ།] ཨ་ཁུ་ཨ་ནེས་སྒྱུ་ཐབས་ཀྱིས་གཉེན་ཉེའི་འབྲེལ་བ་སྤྱད་དེ་མི་ལ་ཤེས་རབ་རྒྱལ་མཚན་གྱི་ཤུལ་ནོར་རྣམས་བདག་ཏུ་འཛིན་འདོད་ཀྱི་རྣམ་འགྱུར་མཚོན་པའི་གཏམ་གྱི་དཔེ་དང་ལུང་།
དེའང་ཡབ་མི་ལ་ཤེས་རབ་རྒྱལ་མཚན་གྱི་གཤེགས་རྫོངས་རྣམས་བྱས་རྗེས། དེ་ལྷག་གི་ནོར་རྣམས་ཀུན་ཁ་འཆམས་པར། མྱང་ཚ་དཀར་རྒྱན་རང་ཚགས་བྱེད་དུ་ཆུག ཁ་འཛིན་དགོས་པ་ཀུན་གྱིས་ཟུར་ནས་ཅི་ལེགས་བགྱིས་ཟེར་བ་ལ། ཨ་ཁུ་དང་ཨ་ནེ་གཉིས་ན་རེ། མི་ཉེ་བྱས་རུང་དྲུང་པོ་ཉེ། ཁོང་མ་སྨད་གསུམ་ངེད་ཀྱིས་སྡུག་ཏུ་མི་འཇུག ནོར་རྣམས་ཁ་ཆེམས་བཞིན་ངེད་ཀྱིས་ཉར་ཚགས་བྱེད་ཟེར་ནས། རྗེ་བཙུན་གྱི་ཞང་པོ་དང་མཛེས་སེའི་ཕ་མིང་གིས་ལོ་རྒྱུས་བྱས་རུང་མ་ཉན་པར་ཕོ་ནོར་རྣམས་ཨ་ཁུས་བྱས། མོ་ནོར་རྣམས་ཨ་ནེས་བྱས། གཞན་རྣམས་ཕྱེད་མར་བགོས་ཏེ། ཁྱེད་མ་སྨད་གསུམ་གསོ་རེས་བྱེད་ཟེར་ཏོ།།
༦ [ལྟོ་ཁྱིའི་ལྟོ་ལ་ལས་བོང་ལས] དཀའ་ལས་ཆེ་ལ་དོན་གྱི་གོ་ཆུང་བའི་དཔེ།
རྗེ་བཙུན་མི་ལ་མ་སྨད་གསུམ་ལ་ནོར་དབང་རྒྱུ་མ་བྱུང་བའི་ཁར། དབྱར་ཞིང་ལས་བྱེད་དུས་ཨ་ཁུའི་གཡོག དགུན་བལ་ལས་བྱེད་དུས་ཨ་ནེའི་གཡོག ལྟོ་ཁྱིའི་ལྟོ་ལ་ལས་བོང་ལས། གོས་ཧྲུལ་ཕྲག་ཐག་ཆད་པ་ལ་གྲེས་མའི་སྐེ་རགས་བཅིངས་པ་གྱོན་ནས། ལས་དལ་མེད་བྱེད་དགོས་བྱུང་ངོ་།།

༧ [ཁྱུང་ཚ་དཔལ་འགྲན་དུ་མི་འདུག བདུད་མོ་སྟག་འགྲན་དུ་འདུག] མྱང་ཚ་དཀར་རྒྱན་གྱིས་ཨ་ཁུ་དང་ཨ་ནེས་སྡུག་གཏོང་བའི་ཚུལ་ལ་ཟུར་ཟའི་རྣམ་འགྱུར་མཚོན་པའི་དཔེ།
རྗེ་བཙུན་མི་ལ་མ་སྨད་གསུམ་ལ་ཨ་ཁུ་དང་ཨ་ནེས་སྡུག་ལས་དྲག་པོ་བསྐུལ་ཞིང་། ལྟོ་གོས་ངན་པ་ལས་མ་བྱིན་པའི་སྟབས་ཀྱིས་ཡན་ལག་རྣམས་སེར་ཀར་སོང་ལ། ཁ་མདོག་སྐྱ་ལ་རིད་པར་སོང་སྟེ། མཐོང་བ་དང་ཐོས་པའི་མི་སེམས་ཆུང་ཀུན་མཆི་མ་འཆོར་བའི་གནས་སུ་ལྷུངས་ལ། ཨ་ཁུ་དང་ཨ་ནེ་ལ་ཡང་དོན་དུ་ལྐོག་ལབ་དི་རི་རི་ཆ་མཉམ་པར་བྱུང་བ་ནི་ཁྱུང་ཚ་དཔལ་འགྲན་དུ་མི་འདུག་པར་བདུད་མོ་སྟག་འགྲན་གྱི་དཔེར་སོང་བ་རང་ཡིན་ནོ།།
༨ [མི་བདག་བདག་ཏུ་རེ། བདག་པོ་སྒོ་ཁྱིར་འདོན།]  དེ་ལྟར་ཨ་ཁུ་དང་ཨ་ནེའི་མ་རབས་ཀྱི་སྤྱོད་པ་ལ་བསུན་འབྱིན་པ་དང་རྗེ་བཙུན་མི་ལ་མ་སྨད་གསུམ་གྱི་སྡུག་གི་ལས་དབང་མཚོན་པའི་འཇིག་རྟེན་གྱི་གཏམ་དཔེ་འདི་བྱུང་བ་ཡིན།
༩ [ཁྱོ་ཕྱུག་ཆུང་མ་གྲུང་། བལ་འཇམ་སྣམ་བུ་ལེགས།] ནང་གི་ཨ་མའི་འཇོན་ཐང་སྟེ། ནང་ལས་ཚགས་ཚུད་པོ་དང་འཕྱུགས་པ་མེད་པས་སྒྲུབ་པ་ཡིན་ཞིང་། དེ་ལྟར་ན་ཆུང་མ་གྲུང་པོའམ་ཨ་མ་སྒྲིམ་པོ་བྱ་བ་ཡིན་མོད། དེ་ཡང་ནང་གི་ཨ་ཕའི་འཇོན་ཐང་སྟེ། ལྟོ་གོས་བསགས་སྲུང་མཁས་པས་ཕྱུག་པོ་དང་འབྱོར་པོ་ལ་བརྟེན་དགོས་པ་ནི་ཇི་ལྟར་སྣམ་བུ་ལེགས་པོ་ནི་བལ་འཇམ་པོ་ལ་བརྟེན་དགོས་པ་བཞིན་ནོ། །འོན་ཏེ[སྡུག་རེས་བྱུང་ན་ལབ་རེས]ཞེས་པ་ལྟར། མི་ལ་ཤེས་རབ་རྒྱལ་མཚན་གྱི་ཕ་ཤུལ་ཨ་ཁུ་དང་ཨ་ནེས་བསླུས་རྗེས་ཤུལ་དུ་ལུས་པའི་མི་ལ་མ་སྨད་གསུམ་ལ་ཡུལ་གྱི་མི་ལ་ལས་ཡིད་འཚིམས་ཀྱི་རྣམ་འགྱུར་ལ་བརྟེན་ནས་ཆགས་སྡང་གསལ་བའི་ཡུམ་མྱང་ཚ་དཀར་རྒྱན་ལ་མི་ལ་ཤེས་རབ་རྒྱལ་མཚན་ཡོད་དུས་ཡུལ་མྱང་ཚ་དཀར་རྒྱན་བློ་ཁོག་ཆེ་ལ་གྲུང་བ་དང་ལག་བཅུད་ཆེ་བར་ཡོད་ཀྱང་ཁྱོ་བཟང་གི་མགོ་འདོན་མཁན་མེད་དུས། ད་གྲུང་ཞན་གྱི་ཤན་ཕྱེད་གདའོ་ཞེས་ལྐོག་ལབ་བརྒྱབ་ནས་འཕྱ་བའི་དོན་དངོས་དེ་མཚོན་ཡོད།
༡༠ [སྡུག་རེས་བྱུང་ན་ལབ་རེས།] མི་རྣམས་ཕལ་ཆེར་ཕྱུག་པོའི་བུ་ལ་བྱམས། ཟེར་བ་ལྟར་འཇིག་རྟེན་གྱི་སྐྱེ་བོ་ཕལ་ཆེར་ཕྱུག་པོའི་བུ་ལ་ཁ་བྱམས་ཤིང་། དེ་ཡང་དབུལ་བར་གྱུར་ཚེ་དེ་ལས་ལྡོག་སྟེ་ལབ་རེས་བྱེད་པ་འོང་སྟེ། རྒྱབ་ནས་འཕྱ་བ་འབའ་ཞིག་ཡིན་པ་བསྟན་པའོ།།
ཡབ་མི་ལ་ཤེས་རབ་རྒྱལ་མཚན་བཞུགས་པའི་ཚེ། ཡུལ་མི་དྲག་ཞན་ཀུན་རྗེ་བཙུན་མི་ལ་མ་སྨད་ཀྱི་ཞལ་འཛུམ་དཀར་ནག་ལ་ལྟ་བ་ཡིན་ཡང་། ཕྱིས་ནོར་ཡོད་རྒྱལ་པོའི་ཚུལ་དུ་སོང་ནས། ཨ་ཁུ་དང་ཨ་ནེའི་ཞལ་འཛུམ་དཀར་ནག་ལ་ལྟ་བཞིན། ཡུམ་མྱང་ཚ་དཀར་རྒྱན་ལ་རང་ལས་ཞན་པ་ཀུན་གྱིས་ལབ་རེས་ཀྱིས་རྒྱབ་ནས་འཕྱ་བ་བྱུང་བའི་དོན་མཚོན་པའི་དཔེ་ཆོས། །
༡༡ [བུ་སྐྱེས་པ་ལ་མིང་། ཆང་དྲངས་པ་ལ་གཏམ།]  དོན་གང་ཡིན་ཡང་ཚང་མ་ཐབས་ཚུལ་བཟང་པོས་སྒྲུབ་པ་ཡིན་ན། མིང་གི་དོན་དུ་བུ་སྐྱེས་པ་ཡིན་ལ། གཏམ་གྱི་དོན་དུ་ཆངས་དྲངས་པ་ཡིན་པ་བཞིན་དུ་དོན་གྱི་དགོོས་པ་གོ་བར་མཛོད་ཅེས་པའི་དཔེ།
དོན་དུ་བྱ་བ་ནི། མྱང་ཚ་དཀར་རྒྱན་གྱིས་ལོ་ངོ་བཅོ་ལྔ་ཙམ་དཀའ་སྤྱད་འབད་བརྩོན་སྤྱད་རྗེས། ཨ་ཁུ་དང་ཨ་ནེས་གཙོས་པའི་གཉེན་ཁེ་འཁོར་དང་གྲོགས་དགའ་བཤེས། ཡུལ་མི་ཁྱིམ་མཚེས་རྣམས་དང་། ཁྱད་པར་ཡབ་མི་ལ་ཤེས་རབ་རྒྱལ་མཚན་སྐུ་གཤེགས་ཁར་ཞལ་ཆེམས་ཀྱི་ཡི་གེ་རྒྱུས་ཡོད་པ་རྣམས་བོས་ཏེ། སྟོན་མོ་བཟང་པོ་དྲངས་ཏེ། ཞང་པོས་ཡབ་ཀྱི་ཞལ་ཆེམས་ཀྱི་ཡི་གེ་བཀླགས་པའི་མཐར། ཨ་མས་ཡི་གེ་འདིའི་དོན་གསུང་ངག་དང་བཅས་པ་འདིར་བཞུགས་ཀྱི་བགྲེས་པ་ཀུན་གྱི་ཐུགས་ལ་གསལ་ལ། དོན་དྲིལ་བ་སྔར་ཕན་ཨ་ཁུ་དང་ཨ་ནེ་གཉིས་ཀྱིས་ངེད་མ་སྨད་གསུམ་ལ་མགོ་འདོན་ཡང་དག་མཛད་པ་ཐུགས་ལ་བཏགས། ད་ང་རང་གི་བུ་དང་མཛེས་སེ་གཉིས་ཀས་ཁྱིམ་སོ་ཟིན་པར་འདུག་པས། ངེད་རང་གི་ནོར་བཅོལ་རྣམས་སྤྲོད་པ་དང་། མཛེས་སེ་ཡང་མནའ་མར་བསུས་ནས་ཡབ་ཀྱི་ཞལ་ཆེམས་བཞིན་ཕ་ཤུལ་བུས་འཛིན་དུ་འཇུག་པར་ཞུས་སོ།།

༡༢ [མི་ངན་ལ་དབང་བསྐུར་ན་ཆུ་ལ་བྲེས་འཇལ་བྱེད།]  མི་ངན་གྱིས་དབང་ཤུགས་ལ་བརྟེན་ནས་དམངས༼གཞན༽ལ་བཤུ་གཞོག་གཏོང་བའི་དཔེ།
མྱང་ཚ་དཀར་རྒྱན་གྱིས་ཕ་ཤུལ་བུས་འཛིན་གྱི་ཡབ་ཀྱི་ཞལ་ཆེམས་དེ་བསྲུང་བར་ཞུས་པ་ལ། ཨ་ཁུ་དང་ཨ་ནེས་ཁས་ལེན་ལག་བསྟར་ཞུ་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་ཧམ་ཤེད་ཆེན་པོས་ཡབ་མི་ལ་ཤེས་རབ་རྒྱལ་མཚན་གྱིས་བཅོལ་བའི་ནོར་རྣམས་ནི་ཨ་ཁུ་དང་ཨ་ནེས་གཡར་བཏང་བ་འཆི་ཁར་བདག་པོ་ལ་སྤྲད་པ་ཡིན་ཚུལ་བརྗོད་པ་མ་ཟད། ཡུམ་མྱང་ཚ་དཀར་རྒྱན་གྱིས་བཅོལ་ནོར་ཕ་ཤུལ་བུས་འཛིན་འཇུག་པ་ནི་མི་ངན་ངོ་ཚ་ཁྲེལ་མེད་ཀྱི་སྤྱོད་ཚུལ་ཡིན་པའི་ཚིག་གིས་ཁ་རྡུང་དང་ཉེས་རྡུང་མང་དུ་བཏང་ངོ་།།
༡༣ [མང་ན་དམག ཉུང་ན་མཐུ།] རྒོལ་བ་ངན་པ་ལ་ཡ་ལན་ཚ་ནན་སྤྲོད་པའི་ཐབས་བསྟན་པའི་དཔེ།
༡༤ [སློང་བྱས་པའི་ནོར་གྱིས་བུ་ཚ་མི་སོས།] ཡུམ་མྱང་ཚ་དཀར་རྒྱན་གྱི་གཏམ་ཏེ། འཚོ་བ་ཙམ་གྱི་སླད་དུ་འཚོ་ཐབས་འཚོལ་མི་རུང་བར། འཚོ་ཐབས་བཟང་ངན་ཇི་ལྟར་ཡང་མི་ཆོས་དང་མཐུན་པའི་འཚོ་ཐབས་ཤིག་བསྟེན་དགོས་པའི་ཐུགས་གཤིས་ཉམ་མི་ང་བ་མཚོན་པའི་དཔེ།
༡༥ [རྔ་གདང་རྒྱུག་དང་དུད་པ་ལང་རྒྱུག] ཨ་ཁུ་དང་ཨ་ནེ་གཉིས་ནས་ངོ་ཚ་དང་ཁྲེལ་གཞུང་གིས་རྗེ་བཙུན་མི་ལ་མ་སྨད་གསུམ་ལ་དྲང་པོས་ལྟ་སྐྱོང་བྱ་རྒྱུ་ལྟ་ཅི། རང་འདོད་འབའ་ཞིག་གིས་རྗེ་བཙུན་མི་ལ་མ་སྨད་གསུམ་ལ་རང་སྣང་གང་འཆར་གྱིས་དབང་ཡོད་དང་བརྙས་བཅོས་རྐང་བརྐྱངས་ལག་བརྐྱངས་བྱས་པའི་དོན་མཚོན་པའི་དཔེ། གཞན་ཡང་། དྲང་ཕྱོགས་ནས་འཚོ་བའི་ཐབས་ལ་གདམ་ག་བྱ་དབང་མེད་པའི་དོན་ལའང་འཇུག་གོ་སྙམ་པས་དཔྱད་འཚལ།
༡༦ [རྐྱེན་ཐུབ་ཆོས།]  འགལ་རྐྱེན་ལས་སྒྲོལ་བའི་མཐུ་དང་ཐབས། ནུས་པ་ལྡན་དགོས་པའི་དོན་ཏེ། ཐང་བདེ་མོར་འགྲོ་དུས་གླུ་ཨ་ལ་ཐ་ལ་ལེན་པ་དག་ཅང་སླ་སྟེ། འགག་དོག་མོར་འགྲོ་དུས་རང་ཉིད་རང་གི་མགོན་དུ་འགྱུར་བ་ཞིག་ཨ་ཅང་རང་དཀའ་ན། འགག་དོག་མོ་ལས་ཐར་ཐུབ་པའི་ཐབས་དང་ལམ། ནུས་པ་ཞིག་འཚགས་པ་ལ་ངེས་བློ་གྲུང་པོས་འབད་དགོས་ཤིང་། ཁྱད་པར་འཆི་བའི་འགག་ནི་འཇིགས་པ་ཆེ་ཞིང་། དེ་ལ་ཐུག་ཚེ་ཆོས་མིན་པ་གང་གིས་ཀྱང་མི་ཐུབ་པས། འཆི་བའི་རྐྱེན་དང་འཕྲད་ཚེ་དེ་ཐུབ་པའི་དམ་ཆོས་བསླབ་དགོས་པར་སྟོན་པའི་དཔེ་བཤད་ལ་རྐྱེན་ཐུབ་ཆོས་ཞེས་བྱ་བ་ཡིན།
རྗེ་བཙུན་མི་ལའི་བླ་མ་གཡུང་སྟོན་ཁྲོ་རྒྱལ་ལ་མེད་པ་ཟད་ལེན་བྱས་པས་ཆོག་པའི་ཡོན་བདག་དད་གུས་ཆེ་བ་ཞིག་ཡོད་པ་དེ་ནད་དྲག་པོ་ཞིག་གིས་ཟིན་ནས་ཤི་བ་ལ་བླ་མ་ཁོང་ཐུགས་སྐྱོ་ནས་འཆི་བ་མི་རྟག་པའི་རྐྱེན་བྱུང་ཚེ་དེ་ཐུབ་པའི་ཆོས་ཀྱི་གདེང་ཞིག་མེད་པས། ད་ང་རྐྱེན་ཐུབ་པའི་ཆོས་ཤིག་བྱེད་པ་ཡིན། ཁྱོད་ཀྱིས་ངའི་བུ་སློབ་རྣམས་སྐྱོངས། ངས་ཁྱོད་ཀྱིས་མཐོ་རིས་དང་ཐར་པའི་ལམ་སྣ་ཟིན་པ་ཞིག་བྱའོ། །ཡང་ན་ཁྱོད་རང་ཆོས་གྱིས་ལ་ང་ཡང་མཐོ་རིས་དང་ཐར་པའི་ལམ་སྣ་ཟིན་པ་ཞིག་གྱིས། ངས་མཐུན་རྐྱེན་རྣམས་སྦྱར་གྱིས་ཞེས་རྗེ་བཙུན་མི་ལ་ལ་གསུངས་པས། རྗེ་བཙུན་མི་ལའི་འདོད་པ་གྲུབ་སྟེ་བདག་གིས་ཆོས་བྱེད་པར་ཞུ་ཞུས་པ་བཞིན་དུ་གནང་ངོ་།།

༡༧ [མཐུན་རྐྱེན་ཞིང་།] རྗེ་བཙུན་མི་ལས་ཆོས་ཀྱི་ལམ་གྱི་ཐོག་མར་བླ་མ་མར་པ་དང་མཇལ་ཞིང་ཆོས་དང་གདམས་ངག་གི་རྟེན་འབྲེལ་འགྲིག་པའི་ཞིང་ཞིག
དེའང་རྗེ་བཙུན་མི་ལ་རས་པ་གྲོ་བོ་ལུང་དགོན་དུ་ནངས་པར་འོང་བའི་དོ་ནུབ་བླ་མ་མར་པའི་མནལ་ལམ་དུ་པཎ་ཆེན་ནཱ་རོ་བྱོན་ཏེ་དབང་བསྐུར། རྒྱུ་བེེཌཱུརྱ་ལས་གྲུབ་པའི་རྡོ་རྗེ་རྩེ་ལྔ་པ་དྲི་མས་ཅུང་ཟད་གོས་པ་ཞིག་དང་། གསེར་གྱི་བུམ་པ་བདུད་རྩིས་གང་བ་ཞིག་གནང་ནས། རྡོ་རྗེ་འདིའི་དྲི་མ་བུམ་ཆུ་འདིས་ཁྲུས་ལ། རྒྱལ་མཚན་གྱི་རྩེ་ལ་ཕྱོར་ཅིག དེས་རྒྱལ་བ་གོང་མ་རྣམས་མཉེས་ཤིང་། སེམས་ཅན་རྣམས་མགུ་བར་བྱེད་པ་ཡིན་པས། རང་གཞན་གྱི་དོན་གྲུབ་པ་ཡིན་ནོ་གསུངས་ནས་ནམ་མཁའ་ལ་གཤེགས་པ་དང་། བླ་མའིབཀའ་བཞིན་མཛད་པས་རྡོ་རྗེའི་འོད་ཀྱིས་འཇིག་རྟེན་ཀུན་ཁྱབ་ཅིང་། རིགས་དྲུག་གི་སེམས་ཅན་རྣམས་ལ་ཕོག་པས་སྡུག་བསྔལ་མེད་པའི་བདེ་བའི་ངང་ནས་རྗེ་བཙུན་མར་པ་རང་དང་རྒྱལ་མཚན་ལ་ཕྱག་འཚལ་ཞིང་མཆོད་བསྟོད་འབུལ་བ་དང་། རྒྱལ་བ་རྣམས་ཀྱིས་རྒྱལ་མཚན་ལ་རབ་གནས་མཛད་པ་ཞིག་རྨིས་པས། ཐུགས་རྒྱལ་ཅུང་ཟད་འཁྲུངས་པའི་ངང་ནས་མནལ་སད་པ་དང་། ཐུགས་དགྱེས་ཤིང་སྤྲོ་བ་ཞིག་བྱུང་བའི་ཚེ། ཡུམ་ཚ་བ་འདྲེན་དུ་བྱུང་སྟེ། བླ་མ་ལགས། མདང་ངའི་རྨི་ལམ་དུ་ནུབ་ཕྱོགས་ཨོ་རྒྱན་ནས་ཡིན་ཟེར་བའི་བུད་མེད་གཉིས་ཀྱིས་ཤེལ་གྱི་མཆོད་རྟེན་ཕྱི་དྲི་མས་ཅུང་ཟད་གོས་པ་ཞིག་ཁྱེར་བྱུང་སྟེ། ཡབ་ལ་བླ་མ་ནཱ་རོ་པའིབཀའ་ལུང་ཡིན་པས། མཆོད་རྟེན་འདི་ལ་རབ་གནས་གྱིས་ལ་རིའི་རྩེར་ཞོག་ཟེར་བ་ལ། ཡབ་ཀྱི་ཞལ་ནས་ཀྱང་མཆོད་རྟེན་འདིའི་རབ་གནས་པཎ་ཆེན་ནཱ་རོས་གྲུབ་གྲུབ་པ་ཞིག་ཡིན་ནའང་། བླ་མའི་བཀའ་སྒྲུབ་དགོས་གསུངས་ནས། མཆོད་རྟེན་བུམ་ཆུས་འཁྲུད་པ་སོགས་རབ་གནས་ཀྱི་ཆོ་ག་རྒྱས་པར་མཛད་ནས་རི་རྩེར་བཞག་པས་མཆོད་རྟེན་དེ་ལས་ཉི་ཟླ་ལྟ་བུའི་འོད་ཆེན་པོ་དང་མཆོད་རྟེན་དེ་འདྲ་མང་པོ་འཕྲོས་ནས། རི་རྩེ་ཀུན་གང་བའི་དཀོན་གཉེར་བུད་མེད་དེ་གཉིས་ཀྱིས་བྱེད་ཅིང་འདུག་པ་རྨིས། ཅི་ཡིན་ནམ་ཞུས་པས། རྨི་ལམ་གྱི་དོན་མཐུན་འདུག་དགོངས་ཏེ་ཐུགས་ཤིན་ཏུ་དགྱེས་པ་ཞིག་བྱུང་རུང་། རྨི་ལམ་ལ་འབྱུང་ས་མེད་པས་ཅི་ཡིན་མི་ཤེས། ང་ལམ་ཁ་མ་གིར་ཕྲུ་སློག་ཏུ་འགྲོ་བས་ཆས་གྱིས་གསུངས། ལས་མི་འདི་ཙམ་ཞིག་བྱས་ནས་བླ་མ་ཆེན་པོ་ཞིག་ལས་ལ་བྱོན་ན། ངེད་རྣམས་ལ་ཀུན་གྱིས་འཕྱ་བ་ཞིག་འོང་བས་བཞུགས་པར་ཞུ་ཞེས་ཞུ་བ་ཕུལ་རུང་། མ་གསན་པར་བླ་མ་རང་བྱོན་ནས་ང་ལ་ཆང་མང་པོ་ཁྱེར་ཤོག་གསུངས། བུམ་པ་གང་ཁྱེར་ཕྱིན་པས། འདི་ང་རང་འཐུང་བ་ཡིན་ད་མགྲོན་ཆང་ཁྱེར་ཤོག་གསུངས། ཡང་བུམ་པ་གང་ཁྱེར་ཕྱིན་པས། དེ་ས་ལ་བསྐུངས་དབུ་ཞྭ་བཀབ་སྟེ་ཕྲུ་སློག་པའི་ངང་ནས་སོ་རང་མཛད་ནས་བཞུགས།
དེ་ནས་རྗེ་བཙུན་མི་ལས་གྲོ་བོ་ལུང་མཐོང་བའི་ལ་ཁར་མི་ཞིག་བྱུང་བ་ལ་དྲིས་ཏེ་བླ་མའི་གདན་ས་ཡིན་པ་ཐག་ཆོད་དེ་ཆོས་ལ་སྒང་གི་ལ་ཁ་ནས་བླ་མའི་གདན་ས་མཐོང་བ་རྟེན་འབྲེལ་ཤིན་ཏུ་ལེགས་སྙམ་བྱོན་པས་ལམ་ཁ་ཞིག་ན་བན་དེ་སྐུ་ཆེ་ལ་སྐུ་ཤ་འབྱོར་བ། སྤྱན་ཡངས་ལ་ཟིལ་ཆེ་བ་ཞིག་ཕྲུ་སློག་ཅིང་འདུག་པ་ལ། མཐོང་མ་ཐག་ཏུ་སྨྲར་མེད་པའི་དགའ་བདེ་བསམ་གྱིས་མི་ཁྱབ་པའི་ངང་ལ་ཚེ་འདིའི་སྣང་བ་ཏུར་ཏུར་པོ་དེ་འགགས་ནས་དར་ཅིག་ལུས་འདུག དྲུང་པ་ལགས། ཡུ་འདི་ན་དཔལ་ནཱ་རོ་པའི་དངོས་སློབ། སྒྲ་སྒྱུར་མར་པ་ལོ་ཙཱ་བཞུགས་ཟེར་བ་གང་ན་བཞུགས་ཞུས་པ་ལ། བན་དེ་དེས་རྗེ་བཙུན་མི་ལའི་མགོ་མཇུག་མེད་པ་ལ་ཡུན་རིང་བ་ཞིག་གཟིགས་ཏེ། ཁྱོད་གང་ནས་ཡིན། ཅི་བྱེད་གསུངས་པས། བདག་གཙང་ལ་སྟོད་ཀྱི་མི་སྡིག་པོ་ཆེ་ཞིག་ལགས་ཏེ། ཁོང་སྙན་པ་ཤིན་ཏུ་ཆེ་བར་གདའ་བས་དམ་པའི་ཆོས་ཤིག་ཞུ་རུ་འོངས་པ་ལགས་ཞུས་པས། འོ་ན་ངས་མར་པ་དང་སྤྲད་ཀྱིས། ཁྱོད་ངའི་ཕྲུ་འདི་སློགས་ཤིག་གསུངས་དབུ་ཞྭའི་འོག་ནས་ཆང་ས་ལ་བསྐུངས་པ་གནང་བྱུང་སྟེ་ཕན་ལ་ཞིམ་པ་ཞིག་བྱུང་། ཆང་ལྷག་མ་ལུས་པར་བཏུངས་ཏེ་ཕྲུ་རེམ་ནས་བསློགས་པས། དར་ཅིག་ནས་ཕྱུགས་རྫིའི་གསེབ་ནས་བུ་ཆུང་དེ་འབོད་དུ་བྱུང་སྟེ། བླ་མའི་ཞལ་ཏ་ལ་ནང་དུ་ཤོག་གསུང་གིན་འདུག་ཟེར་བས་དགའ་སྟེ་ཕྲུ་སློག་འཕྲོ་ཟིན་པར་བསློགས། དེས་ན་ཞིང་དེས་རྗེ་བཙུན་མི་ལ་བླ་མ་དང་མཇལ་བའི་མཐུན་རྐྱེན་བྱས་པས། ཞིང་གི་མིང་ལའང་མཐུན་རྐྱེན་དུ་ཆགས་སོ།།
༡༨ [ས་ས་མལ། རྡོ་རྡོ་མལ།]  བླ་མ་མར་པས་རྗེ་བཙུན་མི་ལར་སྲས་དར་མ་འབོགས་པའི་མཁར་ཞིག་བརྩིག་ཏུ་འཇུག་སྐབས། ཕ་ཚན་ཀུན་གྱིས་མནའ་བསྐྱལ་ནས་མཁར་བརྩིགས་མེད་པའི་ས་འགག་དམ་པོ་ཞིག་ཡོད་པ་ལ་མར་པ་མནའ་ཁོངས་ལ་མེད་པས་དེར་རྩིག་དགོངས་པའི་གཡོ་ཐབས་དང་། རྗེ་བཙུན་མི་ལའི་སྡིག་པ་སྦྱོང་བའི་ཐབས་སུ། སྔ་ཕྱིར་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་རི་སྣ་དང་། བྱང་གི་རི་རྩེ་སོ་སོར་མཁར་བརྩིག་པའི་ཞལ་བཀོད་མཛད་པ་བཞིན་མ་གནང་ནས་ཕྱེད་ཙམ་ལོངས་རྗེས་བཤིག་ཏུ་བཅུག་མོད། མཁར་ལས་པའི་ས་རྡོ་རྣམས་ཀྱང་རང་སོར་ཐོག་མའི་སར་སྐྱོལ་ཅིག་གསུངས་སོ།།
༡༩ [རྗེ་བཙུན་མི་ལའི་གྱད་རྡོ།] མཇུག་མཐར་བླ་མ་མར་པས་ཕ་ཚན་རྣམས་ཀྱིས་སྲུང་བའི་ས་འགག་དེར་བྱོན་ནས། མཁར་གྲུ་བཞི་དགུ་ཐོག་གན་ཇི་ར་དང་བཅུ་ཐོག་ཡོད་པ་གཅིག་བརྩིག་ཏུ་བཅུག་པ་རྨང་བཏིང་ནས་རྩིག་དུས། གཞུང་གི་རྔོག་སྟོན་ཆོས་རྡོར་དང་དོལ་གྱི་ཚུར་སྟོན་དབང་ངེ་། གཙང་རོང་གི་མེས་སྟོན་ཚོན་པོ་རྣམས་ཀྱིས་སྐུ་རྩེད་ལ་རྡོ་ཆེན་པོ་ཞིག་སྒྲིལ་ཞིང་བྱུང་བ་རྨང་རྡོར་བཅུག་པ་སྐེད་སྒོའི་ཐད་ཐོག་སོ་གཉིས་ཙམ་ལོངས་པའི་ཚེ། བླ་མ་བྱོན་ནས་ཀུན་ལ་གཟིགས་རྟོག་དགའ་མོ་མཛད་པས། བུ་ཆེན་གསུམ་གྱིས་རྡོ་དེ་ལ་ཕྱག་མཛུབ་བཙུགས་ཏེ། རྡོ་འདི་ག་ནས་བྱུང་གསུངས། ཐུགས་སྲས་བུ་ཆེན་རྣམས་ཀྱིས་སྐུ་རྩེད་ལ་བསྣམས་བྱུང་བ་ལགས་ཞུས་པ་ན། ཁོང་ཚོའི་རྡོས་ཁྱོད་ཀྱི་མཁར་ལས་ཀྱི་གོ་མི་ཆོད། རྡོ་འདི་ཐོན་ལ་དང་པོའི་སར་སྐྱོལ་གསུངས། མཁར་འདི་མི་བཤིག་པའི་ཞལ་བཞེས་ཡོད་ཞུས་པས། དེ་ཡོད་དེ་ངའི་བུ་སློབ་རིམ་གཉིས་ཀྱི་རྣལ་འབྱོར་སྒོམ་པ་རྣམས་ཁྱོད་ཀྱི་གཡོག་ཏུ་བཀོལ་བ་མ་ཚད། ཀུན་བཤིག་པ་ནི་མིན། རྡོ་འདི་ཐོན་ལ་རང་གནས་སུ་སྐྱོལ་གསུངས། དེར་རྗེ་བཙུན་གྱིས་རྩེ་མོ་ནས་བཤིག་སྟེ་རྡོ་རང་གནས་སུ་བསྐྱལ་བས། ད་ཡང་ཁྱོད་རང་གིས་ལོངས་ལ་རྨང་རྡོར་ཆུག་གསུངས། བླངས་པས་ཁོང་གསུམ་གྱི་ཤེད་རྗེ་བཙུན་མི་ལ་གཅིག་པུ་ལ་འདོན་དགོས་བྱུང་། དུས་ཕྱིས་བརྩིགས་པ་དེ་ལ་རྗེ་བཙུན་མི་ལའི་གྱད་རྡོར་གྲགས་པ་ཡིན་ནོ།།

༢༠ [ཕྱག་འཚལ་སྒང་།] རྗེ་བཙུན་མི་ལས་ཡུམ་བདག་མེད་མའི་ཞལ་བཀོད་དང་ཆོས་ཀྱི་འདོད་པས་གདུང་རང་དྲགས་ནས། ཡུམ་གྱིས་གཟིམས་ཁང་ནས་བླ་མའི་ཕྱག་རྟགས་ནཱ་རོའི་སྐུ་རྒྱན། ཐུགས་དམ་པདྨ་རཱ་ག་བླངས་ཏེ། བླ་མའི་བཀའ་ཤོག་ལྟར་བྱས་པའི་ཡི་གེ་སྔར་ནས་མཛད་མཛད་པ་ཞིག་འདུག་པ་དེ་ལ་ཕྱག་རྟགས་སྐྱོན་རྒྱ་བྱས་ཏེ། རྟེན་རྣམས་ན་བཟའ་བཟང་པོས་དྲིལ། ལ་ཅའི་དམ་ཁས་མནན་ནས་རྗེ་བཙུན་མི་ལ་གནང་བ་དང་། ཞལ་ནས། འདི་རྣམས་བླ་མས་བསྐུར་བ་ལྟར་གྱིས་ལ། བླ་མ་རྔོག་པའི་དྲུང་དུ་ཕུལ་ཏེ་ཆོས་ཞུས་ཤིག་གསུངས། དེ་ནས་རྗེ་བཙུན་མི་ལ་གཞུང་གི་རི་བོ་ཆོས་སྡིང་དུ་སླེབས་ཏེ། བླ་མ་རྔོག་པས་གྲྭ་པ་མང་པོ་ལ་ཆོས་འཆད་ཅིང་འདུག་པ་ལ། རྗེ་བཙུན་མི་ལས་རྒྱང་ནས་ཕྱག་བཙལ་བས་བླ་མ་དབུ་ཞྭ་ཕུད་ནས་ཕྱག་ལན་མཛད་ཅིང་། བླ་མ་མར་པའི་སློབ་རྒྱུད་ཀྱི་ཕྱག་འཚལ་ལུགས་སུ་འདུག ཆོས་མཚམས་ཀྱི་རྟེན་འབྲེལ་ཡང་ཤིན་ཏུ་ལེགས་ཏེ། ཁོང་རང་ཆོས་ཀུན་གྱི་བདག་པོར་འོང་བ་འདུག སུ་ཡིན་དྲིས་ཤོག་གསུང་། གྲྭ་པ་ཞིག་རྗེ་བཙུན་མི་ལའི་རྩར་བྱུང་བས་ངོ་ཤེས་ཏེ། ཕེབས་དོན་དྲིས་པར་ཡུམ་གྱིས་བཞིན་གསུངས་པ་བླ་མ་རྔོག་པ་ལ་ཞུས་པས། བླ་མ་ཤིན་ཏུ་མཉེས་ཏེ། བསུ་བ་བྱེད་དགོས་ཆོས་མཚམས་ལེགས་སར་ཞོག་གསུངས་ནས། བསུ་བ་རྒྱས་པར་མཛད། དེ་ལྟར་རྗེ་བཙུན་མི་ལས་ཕྱག་བཙལ་ས་དེར་ཕྱིས་ཕྱག་འཚལ་སྒང་དུ་གྲགས་སོ།།
༢༡ [བྱ་བརྒྱ་འུར་རྡོ་གཅིག]  བླ་མ་མར་པའི་མཐུ་དང་ནུས་པ། བྱིན་རླབས་སོགས་བསམ་གྱིས་མི་ཁྱབ་ཅིང་བླ་ན་མེད་པའམ། ཕུན་སུམ་ཚོགས་པའི་གདམས་ངག་གི་ཆེ་བ་མཚོན་པ།
དེ་ཡང་། རྗེ་བཙུན་མི་ལས་ཡུམ་གྱི་ཞལ་བཀོད་ལྟར་བླ་མ་རྔོག་པའི་དྲུང་དུ་ཆོས་ཞུ་བར་ཕེབས་པ་ལ། བླ་མ་རྔོག་པས་དོལ་གྱི་ཡས་ཕོ་ཡས་མོ་བྱ་བའི་ས་དེར་སེར་བ་ཕོབ་ཤོག དེ་ནས་དབང་དང་གདམས་པ་བྱའོ་གསུངས་པ་བཞིན་སེར་བ་འབབ་ཏུ་ཆ་བ་དང་། ཡས་ཕོར་རྒན་མོ་ཞིག་གི་ནང་དུ་གནས་གཡར་ཏེ་བཞུགས་པར། རྒན་མོས་ལོ་སེར་བས་བརྡུངས་རྟིང་ངས་གང་ཟ་ཟེར་ངུས་པས། རྗེ་བཙུན་གྱིས་གནས་མོར་ཞིང་ཅི་འདྲ་ཡོད་པ་མྱུར་དུ་རི་མོར་བྲིས་གསུངས་ཏེ། རྒན་མོས་ཡོད་ད་འདི་འདྲ་ཡོད་དེ་ཟེར་གྲུ་གསུམ་མཆུ་རིང་ཞིག་བྲིས་པས། རྗེ་བཙུན་གྱིས་གཟིགས་སྟངས་མཛད་སླ་ང་བཀབ་པས་མཆུའི་རི་མོ་ཅུང་ཟད་མ་ཁེབས་ཏེ་རླུང་འཚུབ་གཅིག་གིས་བསུབས་སོང་། དེར་སེར་ཐག་ཆོད་ནས་བལྟར་ཕྱིན་པས། ཡུལ་གཉིས་ཀྱི་ལྟག་གི་རི་ཐམས་ཅད་གྲོག་པོར་བཏང་། རྒན་མོའི་ཞིང་གི་མཆུ་སེར་བས་བརྡུངས་ཏེ་གཞན་མི་སྐྱོན་པ་ཕུད། ཞིང་གཞན་རྣམས་ལྷག་མེད་དུ་སོང་།
དེ་ནས་ཕེབས་ལམ་དུ་ཕྱུགས་ལུག་ཆུ་ལོག་གིས་འཁྱེར་བའི་རྒན་བྱིས་གཉིས་དང་འཕྲད་དེ། དེ་གཉིས་ལ་ང་ཡིན་ཏེ་བླ་མ་རྔོག་པའི་གྲྭ་པ་རྣམས་མ་བཅོམ་ཞིག བཅོམ་ན་སེར་བ་འདི་འདྲ་རྟག་ཏུ་འབེབས་སོ་བྱ་བའི་ཕྱི་ཐན་བསྐུར། དེར་རྗེ་བཙུན་ནས་ཀྱིས་ལམ་བར་ནས་བྱ་དང་བྱི་བའི་རོ་བྱུང་ཚད་བཏུས་ཏེ་བླ་མའི་དྲུང་དུ་སྤུངས་ནས་ངུས་པས། བླ་མ་རྔོག་པས། རང་རེ་ནཱ་རོ་མེེ་ཏྲིའི་རྒྱུད་པ་ལ་སྡིག་པོ་ཆེ་བཙན་ཐབས་སངས་རྒྱ་བ་དང་། བྱ་བརྒྱ་འུར་རྡོ་གཅིག་གིས་འདེད་པའི་གདམས་ངག་ཡོད་ཚུལ་གསུངས་ནས་སེ་གོལ་ཞིག་གཏོགས་པས་རོ་ཐམས་ཅད་སོས་ནས་ཧར་ལངས་ཏེ་རང་རང་སོ་སོའི་སོང་བ་དང་བླ་མ་སངས་རྒྱས་དངོས་སུ་གཟིགས་ཏེ། རེ་རང་དགའ་ན་ད་ལན་སེམས་ཅན་མང་པོ་རང་ཞིག་ཤི་ན་འཚེང་སྟེ་དགོངས་པ་བྱུང་ངོ་།།
༢༢ [རྐང་ཚུགས་ཕུག]  རྗེ་བཙུན་མི་ལ་འཁྲུངས་ཡུལ་དུ་ཕེབས་ནས་ཡུམ་གྲོངས་སྲིང་མོ་ཡུལ་འཁྱར་བའི་ཚུལ་རྣམས་གཟིགས་རྗེས། མི་རྟག་སྒྱུ་མའི་སློབ་དཔོན་དུ་མཁྱེན་ནས་ཁོང་རང་གི་ཁང་པའི་རྒྱབ་རི་ལ་བྲག་ཕུག་ཅིག་ཡོད་པར་སྒྲུབ་པ་གནང་སྟེ་བཞུགས་པ་དང་། ཕུག་པ་དེར་མཉམ་གཞག་དགེ་སྦྱོར་གྱི་རྐང་ཚུགས་པས་ན། རྐང་ཚུགས་ཕུག་ཏུ་གྲགས་པ་ཡིན།
༢༣ [སྒོ་གསུམ་གྱི་གཅུན་ཐབས།]  མེ་ཐབ་དྲུག་ཆིངས་ཙོག་པུའི་གནད་ཀྱིས་ལུས་ཀྱི་བདེ་བ་བཙལ། རྒྱ་མདུད་ཆིངས་སྲོག་རྩོལ་རླུང་གི་གནད་ཀྱིས་ངག་གི་གྲིམས་ཆ་བཙལ། སྦྲུལ་མདུད་ཆིངས་རང་གྲོལ་གྱི་གནད་ཀྱིས་སེམས་ཀྱི་ལྷོད་ཆ་བཙལ་ཞིང་སྒོམ་པའོ།།
༢༤ [རས་དགའ་ན་རས་ཁྱེར། ཤིང་དགོས་ན་ཤིང་ཁྱེར།] བདག་འཛིན་སྤོང་བའི་ཐབས་དང་ལམ་མཚོན་པ་སྟེ། རྗེ་བཙུན་མི་ལ་རས་པ་མཆོང་ལུང་ཁྱུང་གི་རྫོང་ན་སྒོམ་ལ་བཞུགས་པའི་དུས་ནམ་ཞིག་གི་ཚེ་ན། འཚོ་བའི་སྟ་གོན་ལ་བཞེངས་པས། ཕྱེ་ཚྭ་ཆུ་སྡོར་དག་ལྟ་ཅི་སྨོས་ཏེ། གོ་ཁ་ན་ཤིང་ཡང་མི་འདུག ཐབ་ཁ་ན་མེ་དང་ཆུ་ཡང་མི་འདུག་པས། ངའི་འདི་ཧ་ཅང་རང་བློས་བཏང་དྲགས་འདུག་པས། ཤིང་ཞིག་འཐུ་རུ་འགྲོ་དགོས་དགོངས་ནས་བྱོན་ཏེ། ཤིང་ཐུ་བ་གང་ཙམ་རྙེད་པའི་ཚེ། རླུང་ཆེན་པོ་ཞིག་གློ་བུར་དུ་ལངས་ཏེ། རས་བཟུང་ཚེ་ཤིང་འཁྱེར། ཤིང་བཟུང་ཚེ་རས་འཁྱེར་བ་ལས། ཐུགས་དགོངས་ལ་ང་རང་སྔར་རི་ཁྲོད་དུ་དེ་ཙམ་ཞིག་བསྡད་རུང་། ད་དུང་བདག་འཛིན་བློས་མ་ཐོངས་པར་འདུག བདག་འཛིན་བློས་མ་ཐོངས་པའི་ཆོས་དང་སྒྲུབ་པས་ཅི་བྱེད་སྙམ། རས་དགའ་ན་རས་ཁྱེར། ཤིང་དགོས་ན་ཤིང་ཁྱེར་གསུངས། གཉིས་ཀ་བློས་བཏང་སྟེ་བཞུགས་པར་གྲགས་སོ།། [མི་ལ་ཤིང་ཐུན]ཞེས་ཀྱང་བྱའོ། །
༢༥ [དམུ་རྫིང་།] རྗེ་བཙུན་མི་ལ་ལ་ཕྱི་གངས་ལ་བྱོན་པས། ལ་རྩར་ཕེབས་པ་ན་མི་མ་ཡིན་གྱི་ཆོ་འཕྲུལ་དྲག་པོ་བྱུང་། ལའི་གཟུག་ཕེབས་འཕྲལ་ནམ་མཁའ་འཚུབས། དྲག་པོའི་འབྲུག་ལྡིར་ཞིང་། གློག་འཁྱུག་པ་དང་། ལུང་པ་ཕན་ཚུན་གྱི་རི་ནུར་ནས། ཕུ་ཆུ་འཁྱིལ་ནས་རྦ་རླབས་དྲག་པོ་འཁྲུག་པའི་མཚོ་ཆེན་པོ་ཞིག་ཏུ་གྱུར་པ་ལ། རྗེ་བཙུན་གྱིས་ལྟ་སྟངས་མཛད་ཕྱག་འཁར་བསྣུན་པས་མཚོ་ཞབས་ནས་ཟགས་ཏེ་མེད་པར་སོང་བ་ལ་དམུ་རྫིང་དུ་གྲགས།
༢༦ [མཁའ་འགྲོ་སྒང་ལམ།]  དམུ་རྫིང་ནས་མར་ཅུང་ཟད་བྱོན་པས་མི་མ་ཡིན་རྣམས་ཀྱིས་རི་ཕན་ཚུན་བསྙིལ་བའི་བར་ལ་ཕ་བོང་མང་པོ་རྦ་རླབས་འཁྲུག་ཅིང་བྱུང་བའི་ཚེ། མཁའ་འགྲོས་ལུང་པ་ཕན་ཚུན་གྱི་བར་དུ་རི་སྦྲུལ་ཐུར་དུ་བརྒྱུགས་པ་འདྲ་བ་ཞིག་གི་ལམ་ཕུལ་བས། རྦབ་ཞི་བའི་ལམ་དེ་ལ་མཁའ་འགྲོ་སྒང་ལམ་དུ་གྲགས། མི་མ་ཡིན་སྟོབས་ཆུང་བ་རྣམས་རང་ཞི་ལ་སོང་། ཆེ་བ་རྣམས་ད་དུང་གླགས་འཚོལ་བ་ལ་མཁའ་འགྲོ་སྒང་ལམ་རྫོགས་མཚམས་སུ། རྗེ་བཙུན་གྱིས་ལོག་འདྲེན་ཟིལ་གནོན་གྱི་ལྟ་སྟངས་ཤིག་མཛད་པས། ཆོ་འཕྲུལ་ཀུན་ཞི་ནས་བཞུགས་ས་དེར་རྡོ་ལ་ཞབས་རྗེས་གཅིག་བྱུང་།
༢༧ [བྱམས་སྒང་།]  རྗེ་བཙུན་མི་ལས་མཁའ་འགྲོ་སྒང་ལམ་ནས་ཅུང་ཟད་ཅིག་བྱོན་པས། ནམ་མཁའ་དྭངས་ནས་ཐུགས་སྤྲོ་བར་གྱུར་ཏེ་སྒང་ཞིག་ཏུ་བཞུགས་པས། སེམས་ཅན་རྣམས་ལ་བྱམས་པའི་ཏིང་ངེ་འཛིན་འཁྲུངས་པས་ཐུགས་དམ་ལ་བོགས་ཤིན་ཏུ་ཆེ་བར་བྱུང་སྟེ། བཞུགས་ས་དེ་ལ་བྱམས་སྒང་དུ་གྲགས།

༢༨[རྒྱལ་པོ་ཐང་འགྲེམ།] རྗེ་བཙུན་མི་ལ་ཆུ་བཟང་དུ་བྱོན་ནས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་གྱི་ངང་ལ་བཞུགས་པའི་ཚེ། ནུབ་གཅིག་བལ་པོའི་བྷ་རོའི་རྣམ་པའི་གདོན་ཆེན་པོ་ཞིག་གིས་གཙོ་བྱས་པའི་མི་མ་ཡིན་གྱི་དམག་ཆུ་བཟང་ལུང་པའི་གནམ་ས་གང་བ་འོངས་ནས། རི་བསྙིལ་བ་དང་ཐོག་ལ་སོགས་ཏེ་མཚོན་ཆའི་ཆར་དྲག་པོ་འབེབས་པ་དང་། མཚན་ནས་བོས་ཏེ་ཟུངས་ཤིག སོད་ཅིག་ལ་སོགས་ཏེ་མི་སྙན་པའི་སྒྲ་སྒྲོག་ཅིང་། མི་སྡུག་པའི་གཟུགས་དུ་མ་སྟོན་དུ་བྱུང་བ་ལ། རྒྱུ་འབྲས་བདེན་པའི་ཆོས་ཀྱི་མགུར་གསུངས་པ་ལ། འདྲེ་དམག་རྣམས་ན་རེ། ཁྱོད་ཀྱི་ཁ་སྤྱང་གིས་ངེད་མགོ་མི་འཁོར། ཆོ་འཕྲུལ་ཞི་ནས་ཁྱོད་བདེ་བར་བཏང་མི་ཡོང་ཟེར་དམག་མང་དུ་སོང་ཆོ་འཕྲུལ་ཆེར་སོང་བ་ལས། རྗེ་བཙུན་གྱིས་འདྲེ་དམག་རྣམས་ལ་ང་བླ་མའི་དྲིན་གྱིས་གནས་ལུགས་རྟོགས་པའི་རྣལ་འབྱོར་པ་བར་ཆད་བདུད་ཀྱི་ཆོ་འཕྲུལ་སེམས་ཀྱི་རྒྱན་ཡིན་པས། ད་དུང་ཆེར་ཐོངས་བྱང་ཆུབ་མཆོག་ལ་སྦྱོར་བར་འདུག་གིས་གསུངས་ནས། རྒྱན་དུ་ཆེ་བ་བདུན་གྱི་མགུར་གསུངས་པས། མི་མ་ཡིན་དེ་དག་ཕལ་ཆེར་ཆོ་འཕྲུལ་ཞི་བར་བྱས་ཏེ། རྣལ་འབྱོར་པ་ངོ་མཚར་ཆེ། ཡིན་ལུགས་ཀྱི་བརྡ་མ་བཀྲོལ་ཅིང་རྟགས་མ་མཐོང་ན་ངེད་རྣམས་ཀྱིས་ཀྱང་མི་རྟོགས་པར་འདུག སྔར་ལས་འབྲས་ཀྱི་ཆོས་གསུང་བ་བཀའ་དྲིན་ཆེ་ནའང་ངེད་ངན་པའི་བག་ཆགས་མཐུག་པ་དང་བློ་གྲོས་ཆུང་བས་ཡིད་ལ་མ་ཟིན། ད་ཚིག་ཉུང་ལ་དོན་ཆེ་བ། གོ་བདེ་ལ་འཁྱེར་སླ་བའི་ཆོས་ཤིག་ཞུ་ཟེར་བ་ལ། རྗེ་བཙུན་གྱིས་ཡིན་པ་བདུན་གྱི་མགུར་གསུངས་པས། ཆོས་ཞུ་བ་དེ་རྣམས་རྗེ་བཙུན་ལ་དད་ཅིང་གུས་པས་ཕྱག་དང་སྐོར་བ་ལན་དུ་མ་བྱས་ནས་ཀུན་རང་གནས་སུ་སོང་རུང་། གཙོ་བོ་དེ་བྷ་རོ་འགའི་འཁོར་དང་བཅས་ཏེ་ཆོ་འཕྲུལ་སྟོན་དུ་བྱུང་བ་ལ། རྗེ་བཙུན་གྱིས་ཡང་རྒྱུ་འབྲས་ཀྱི་ཆོས་ཀྱི་མགུར་གསུངས་པས། ཁྱོད་ངེད་ཅག་ཆོས་བཤད་མཁས་མཁས་སུ་འདུག་གོ་འདུག གོ་བ་ལྟར་ཁྱོད་རང་གིས་ཉམས་སུ་བླངས་པས་གདེང་ཅི་ཡོད་ཟེར་དུ་བྱུང་བ་ལ། རྗེ་བཙུན་གྱིས་གདེང་ཚད་ལྡན་པའི་མགུར་བཞེངས་པས། བྷ་རོ་འཁོར་བཅས་རང་རང་གི་ཐོད་རྣམས་ཕུད་དེ་ཕྱག་སྐོར་བ་མང་དུ་བྱས་ནས། ཟླ་བ་གཅིག་གི་འཚོ་བ་འབུལ་ཟེར་འཇའ་ཡལ་བ་བཞིན་སོང་བ་ལས། ནངས་པར་ཉི་མ་ཤར་བ་དང་རྗེ་བཙུན་ལ་རྒུན་ཆང་དང་འབྲས་ཆན། ཤ་ལ་སོགས་པའི་ཆང་སྣ་མང་པོས་རིན་པོ་ཆེའི་སྣོད་དུ་མ་བཀང་ལ། ཟས་སྣ་མང་པོས་འཁར་གཞོང་བཟང་པོ་རྣམས་བཀང་ནས་འདྲེན་དུ་བྱུང་ནས་ད་ཕྱིན་ཆད་བཀའི་འབངས་བགྱིད་ཅིང་ཅི་གསུང་གི་བཀའ་བསྒྲུབ་པར་བགྱིའོ་ཟེར། ཕྱག་དང་སྐོར་བ་མང་དུ་བྱས་ནས་མི་སྣང་བར་གྱུར་པ་དེ་ལ་རྒྱལ་པོ་ཐང་འགྲེམ་ཞེས་ཀྱང་བྱ་སྟེ། ལྷ་ཆེན་པོ་ཚོགས་ཀྱི་བདག་པོའོ། །

ཟན་དང་ཚོད་མ་ཡང་གྲང་འགྲོ་བར་འདུག ད་ཕུག་ཏུ་མྱུར་དུ་ཤོག་གསུངས། དེར་ཁོང་རྣམས་དགའ་ཆེས་ནས་ངུ་བྲོ་སྟེ། ཕྱག་བཙལ་བསྙུན་དྲིས་ནས་བརྟགས་པས་སྔར་གྱི་ཆས་རྣམས་ཕྱེ་བྲེ་གང་ལས་མ་ཟད་པའི་སྟེང་ནས་འབྲས་ལ་ཤ་བཏབ་པའི་ཚོད་མ་མཛད་ནས་བཞུགས་འདུག་པ་ལ། སྟོན་པ་ཤཀྱཱ་གུ་ནས་ངེད་རྣམས་ཀྱི་ཟ་མ་ཚུན་མཛད་འདུག་པ་ལ། བདག་རྣམས་འོང་བ་རྗེ་བཙུན་གྱིས་ཐུགས་མཁྱེན་གྱིས་གཟིགས་ལགས་སམ་ཞུས་པ་ལ། ངས་ཕ་བོང་གི་སྟེང་ནས་བལྟས་པས་ཁྱེད་རྣམས་ངལ་གསོ་ཞིང་འདུག་པ་མཐོང་གསུངས། བདག་ཅག་རྣམས་ཀྱིས་ནི་ཕ་བོང་གི་སྟེང་ནས་གསའ་གཅིག་ལས་རྗེ་བཙུན་མ་མཇལ་ཞུས་པས། གསའ་དེ་ག་ང་ཡིན་མོད། ད་ལན་ངས་ཀྱང་ཁྱེད་རྣམས་སྐལ་ལྡན་དུ་འདུག་པས་བཀོད་པ་ལུས་ཀྱི་རྫུ་འཕྲུལ་བསྟན་པ་ཡིན་གསུངས། ) དེར་རྗེ་བཙུན་མཇལ་ནས་གཤེན་རྡོར་མོས་ཞུས་པ། རྗེ་བཙུན་ན་ནིང་ལས་ཀྱང་སྐུ་མདངས་ཤིན་ཏུ་བཟང་བར་གདའ་བ། ལམ་སྒོ་གཉིས་ནི་ཁ་བས་ཆོད་དེ་མིའི་ཞབས་ཏོག་ནི་མེད། ལྷ་འདྲེས་ཞབས་ཏོག་བགྱིས་སམ། རི་དྭགས་ཀྱི་ཐེད་རོ་འདྲ་རྙེད་པ་ལགས་སམ་ཇི་ལྟར་ལགས་ཞུས་པས། རྗེ་བཙུན་གྱི་ཞལ་ནས་ང་ཕལ་ཆེར་ཏིང་ངེ་འཛིན་ལ་འབྱམས་ནས་ཟས་ཟ་མ་དགོས། དུས་བཟང་གི་ཚེ་མཁའ་འགྲོ་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོའི་སྐལ་བ་རེའང་བསྐྱལ། རེས་ཕྱེ་ཐུར་མགོ་ཙམ་རེ་འགམས། ཁྱད་པར་ཁ་སང་རྟའི་ཟླ་བའི་སྨད་ལ་ཁྱེད་བུ་སློབ་རྣམས་ཀྱིས་ངའི་མཐའ་བསྐོར་ནས་བཟའ་བཏུང་མང་པོ་དྲངས་པའི་ཉམས་ཤིག་ཤར་བ་ལས། ཞག་མང་པོའི་བར་དུ་ཟ་མ་ཟ་སྙིང་ཡེ་མི་འདོད་པ་ཞིག་བྱུང་བ་དེ་དུས་ཁྱེད་རྣམས་ཀྱིས་ཅི་བྱས་པ་ཡིན་གསུངས། དེར་ཁོང་རྣམས་ཀྱིས་དུས་བརྩིས་པས་དགོངས་རྫོགས་ཀྱི་མཆོད་པ་ཕུལ་བ་དང་དུས་མཚུངས་འདུག་ཚུལ་ཞིབ་རྒྱས་ཕུལ་བས། རྗེ་བཙུན་གྱི་ཞལ་ནས། འཇིག་རྟེན་པ་རྣམས་ཀྱིས་དགེ་རྩ་བགྱིས་པ་བར་དོར་ཕན་པ་འདུག་སྟེ། དེ་བས་ཀྱང་ད་ལྟ་བར་དོ་གཅོད་པ་སྟོབས་ཆེ་གསུངས་སོ།།
༣༣ རྗེ་བཙུན་མི་ལའི་སེམས་དོན་བཅུ་གཉིས་ཀྱི་མགུར། ༄༅། །བླ་མ་དམ་པའི་ཞབས་ལ་འདུད། །ཡོན་བདག་སེམས་ཉིད་རྟོགས་འདོད་རྣམས།།ཉམས་སུ་ལེན་ན་འདི་ལྟར་མཛོད།།དད་དང་མཁས་དང་བཙུན་དང་གསུམ།།འདི་གསུམ་སེམས་ཀྱི་སྲོག་ཤིང་ལགས།།བཙུགས་ན་བརྟན་ལ་འཇུག་ན་བདེ།།སྲོག་ཤིང་མཛད་ན་དེ་ལ་མཛོད།།ཆགས་མེད་ཞེན་མེད་རྨོངས་མེད་གསུམ།།འདི་གསུམ་སེམས་ཀྱི་གོ་ཆ་ལགས།།གྱོན་ན་ཡང་ལ་མཚོན་ཁར་སྲ།།གོ་ཆ་མཛད་ན་དེ་ལ་མཛོད།།སྒོམ་དང་བརྩོན་འགྲུས་སྡུག་བསྲན་གསུམ།།འདི་གསུམ་སེམས་ཀྱི་རྟ་ཕོ་ལགས།།བརྒྱུགས་ན་མགྱོགས་ལ་བྲོས་ན་ཐར།།རྟ་ཕོ་མཛད་ན་དེ་ལ་མཛོད།།རང་རིག་རང་གསལ་རང་བདེ་གསུམ།།འདི་གསུམ་སེམས་ཀྱི་འབརས་བུ་ལགས།།བཏབ་ན་སྨིན་ལ་ཟོས་ན་བཅུད།།འབྲས་བུ་མཛད་ན་དེ་ལ་མཛོད།།སེམས་དོན་རྣམ་པ་བཅུ་གཉིས་འདི།།རྣལ་འབྱོར་བློ་ལ་ཤར་ནས་བླངས།།ཁྱོད་ཡོན་བདག་དད་པའི་ཕྱག་ལེན་མཛོད།།
༣༤ [སེང་གེས་མཆོངས་སར་ཝ།] སེང་གེས་མཆོངས་སར་ཝ། ར་ཕོས་འགྲོ་སར་ལུག ཞེས་པ་ལྟར། རྗེ་བཙུན་མི་ལས་ཆོས་ཀྱི་དཀའ་ཐུབ་དྲག་པོ་བཟོད་པ་དེ་ཆོས་པ་ཕལ་ཆེར་གྱིས་མི་ཡོང་བའི་དོན།
༣༥ [མི་རྟག་པ་དཔེ་བརྒྱད།] གསེར་ལོ་ཐང་དཀར། གཡུ་ལོ་མེ་ཏོག ཕུ་ཡི་ཤེའུ་ཆུང་། མདའ་ཡི་འབྲས་དྲུག ཟ་འོག་ཁྲིགས་སེ། ནོར་བུ་རིན་ཆེན། ཚེས་གསུམ་ཟླ་བ། མི་བུ་རིན་ཆེན། མི་རྟག་པ་དཔེ་བརྒྱད་ཅེས་སོ།།

༢༩ [རྗེ་བཙུན་མི་ལའི་ཡིན་པ་བདུན་གྱི་མགུར།]  སྒྲ་སྒྱུར་མར་པའི་ཞབས་ལ་འདུད། །བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །དོན་བདེན་པའི་ཚིག་དང་མ་འབྲེལ་ན། །གླུ་གྲེ་འགྱུར་སྙན་ཡང་པི་ཝང་ཡིན། །ཚིག་དོན་དཔེ་ཡིས་མ་མཚོན་པའི། །ཚིག་སྡེབ་སྦྱོར་མཁས་ཀྱང་སྒྲ་སྙན་ཡིན། །ཆོས་ལག་ལེན་རྒྱུད་ལ་མི་འགེལ་ན། །ངས་ཤེས་སོ་ཟེར་ཡང་མགོ་སྐོར་ཡིན། །དོན་སྙན་བརྒྱུད་ཀྱི་གདམས་པ་མ་བསྒོམས་ན། །གནས་རི་ཁྲོད་བཟུང་ཡང་རང་སྡུག་ཡིན། །ཕན་ངེས་པའི་དམ་ཆོས་མི་བྱེད་ན། །འཕྲལ་སོ་ནམ་རེམ་ཡང་སྡུག་ལས་ཡིན། །ལས་རྒྱུ་འབྲས་ཞིབ་ཏུ་མི་རྩི་ན། །ཚིག་ཁ་ཏ་ཆེ་ཡང་སྨོན་པ་ཡིན། །ཚིག་དོན་ལག་ཏུ་མི་ལེན་ན། །འཕྲལ་བཤད་ལོ་བྱས་ཀྱང་ཁྲམ་པ་ཡིན། །ལས་མི་དགེ་སྤངས་ན་ངང་གིས་འགྲུབ། །ལས་དགེ་བ་བསྒྲུབས་ན་ཤུགས་ལ་འགྲུབ། །འགག་གཅིག་ལ་དྲིལ་ཞིང་ཉམས་སུ་ལོངས། །ཚིག་མང་པོ་བཤད་པས་ཕན་པ་ཆུང་། །དོན་དེ་བཞིན་ཉམས་སུ་ལེན་འཚལ་ལོ། །ཞེས་སོ། །
༣༠ [ལ་དགུ་ལུང་དགུ།] རྗེ་བཙུན་མི་ལ་ལ་ཕྱི་གནས་མཐིལ་གཟིགས་སུ་བྱོན་པའི་ལམ་འོམ་བུའི་ཐང་ཆེན་པོ་ཞིག་གི་དབུས་ན་བྲག་སྐྱིབས་དང་བཅས་པའི་ཕ་བོང་ཆེན་པོ་ཞིག་འདུག་པ་དེར་རེ་ཞིག་བཞུགས་པའི་ཚེ། མཁའ་འགྲོ་མང་པོས་ཕྱག་བཙལ་འདོད་ཡོན་སྣ་ཚོགས་ཀྱི་མཆོད་པ་ཕུལ་སྐོར་བ་བྱས་པས། རྡོ་ལ་མཁའ་འགྲོའི་ཞབས་རྗེས་གཉིས་བྱུང་། དེ་ནས་ཅུང་ཟད་བྱོན་པ་དང་མི་མ་ཡིན་གྱིས་ཆོ་འཕྲུལ་འབྱོན་ལམ་ཐམས་ཅད་དུ་མོ་མཚན་ཆེན་པོ་དུ་མ་བསྟན་བྱུང་བས། རྗེ་བཙུན་གྱིས་ཀྱང་ལྟ་སྟངས་ཀྱི་ངང་ནས་གསང་རྡོར་ལས་སུ་རུང་བར་མཛད་ནས་བྱོན་པས། མཚན་མ་དགུ་འདས་པའི་མཚམས་སུ་གནས་ཀྱི་བཅུད་འདུས་པའི་རྡོ་བ་ཞིག་ལ་གསང་གནས་རྡོར་ཞིང་ལྟ་སྟངས་མཛད་པས་ཆོ་འཕྲུལ་ཀུན་ཞི། ས་དེར་ལ་དགུ་ལུང་དགུར་གྲགས།
༣༡ [ཇོ་མོ་འུར་མོའི་བུ་བཅོལ།]  བུ་ཡི་མདུན་ལམ་བཅོལ་བ་ལེགས་པའི་དཔེ། དེ་ཡང་རྗེ་བཙུན་མི་ལ་རས་པ་དེ་ཉིད་དང་པོར་ལ་ཕྱི་གངས་གཟིགས་སུ་བྱོན་པས། ལྷ་འདྲེ་གདུག་པ་ཅན་རྣམས་བཏུལ་ཞེས་པའི་སྙན་པ་ལ་བརྟེན་ནས། གཉའ་ནང་པ་རྣམས་ཀྱི་ཕྱག་མཆོད་ཀྱི་གནས་སུ་གྱུར་ཅིང་། ཁྱད་པར་ཇོ་མོ་འུར་མོས་ཆོས་ཞུས། དེའི་ཚེ་དམ་པ་རྒྱགས་ཕུ་བ་སྐུ་ན་ཕྲ་མོ་རང་དུ་ཡོད་པ་ལ་བདག་གི་བུ་འདི་ཡང་ཆེར་སོང་བ་དང་། རྗེ་བཙུན་གྱི་ཕྱག་ཕྱིར་འབུལ་ཟེར་ཤིན་ཏུ་དད་པར་གྱུར་པ་ལྟར། ཕྱིས་སུ་བུའི་མདུན་མ་རྗེ་བཙུན་མི་ལ་ལ་བཅོལ་བས་རྗེ་བཙུན་བུ་སློབ་མཚན་ལྡན་དམ་པ་རྒྱགས་ཕུ་པ་ཞུ་བ་འདི་ཡིན་ནོ།།
༣༢ [དགེ་རྩ་བྱས་པ་བར་དོར་ཕན།] འཇིག་རྟེན་པས་དགེ་རྩ་བགྱིས་པ་བར་དོར་ཕན་པར་གོ་བའི་དཔེ་བཤད། རྗེ་བཙུན་མི་ལ་གཉའ་ནང་གི་རྩར་མ་ནས་ལ་ཕྱི་གངས་ལ་བཤོལ་རུང་མ་གསན་པར་སྐུ་ཆས་ཕྱེ་བྲེ་དོ་འབྲས་བྲེ་གང་ཤ་གཟུག་གཅིག མར་ཞོགས་གཅིག་ཡོད་པ་རྣམས་བསྣམས་ཏེ་ཕེབས་པ་ལ། དེའི་ནུབ་མོ་ནས་བཟུང་སྟེ་ཁ་བ་ཉིན་མཚན་བཅོ་བརྒྱད་བབས་པས། དེར་ཟླ་བ་དྲུག་ཏུ་བྲིན་གཉའ་ནང་གི་འགྲུལ་ཆད་པས་སློབ་འབངས་རྣམས་ཀྱིས་རྗེ་བཙུན་གྲོངས་པར་ཐག་བཅད་དེ། ཐུགས་དགོངས་རྫོགས་ཐབས་ཀྱི་ཚོགས་མཆོད་ཕུལ། ཕྱིས་ས་གའི་ཟླ་བར་བུ་སློབ་རྣམས་ཀྱིས་གངས་སྟ་གྲིས་གཤགས་ནས་རྗེ་བཙུན་གྱི་གདུང་གདན་འདྲེན་དུ་ཕྱིན།(གནས་སུ་སླེབ་ཏུ་ཆ་བ་ལ་ངལ་གསོ་ཞིང་བསྡད་པས། ཕ་བོང་ཞིག་གི་ཁར་གསའ་ཆེན་པོ་ཞིག་འཛེགས་ནས་བྱ་རྨྱང་བྱས་ཏེ་ཡུན་རིང་པོ་ཞིག་བལྟས་ནས་སོང་བ་ལ། ཁོང་རྣམས་ཀྱིས་གསའམ་གིས་རྗེ་བཙུན་གྱི་པུར་ཟོས་ན་ན་བཟའི་དུམ་བུ་འདྲ་བའམ། དབུ་སྐྲ་འདྲ་བ་ཡོད་དམ་ཟེར་བཞིན་མ་དགའ་ནས་ངུ་བཞིན་ཕྱིན་པས། གསའ་བབས་པའི་ས་ནས་ཕར་ལ་མིའི་རྐང་རྗེས་ཤིག་མཐོང་། དེ་ནས་འཕྲང་རིང་ཞིག་ལ་སྟག་གཟིག་ལ་བརྫུས་ཏེ་སོང་བ་༼འཕྲང་དེར་སྟག་འཕྲང་གཟིག་འཕྲང་དུ་གྲགས༽ལ། ཁོང་རྣམས་ཀྱང་དོགས་པ་སྐྱེས་ཏེ་ལྷ་འདྲེ་ཡིན་ནམ་སྙམ་ནས་འོངས་པས། བདུད་འདུལ་ཕུག་མོ་ཆེར་སླེབ་ཏུ་ཉེ་བའི་ཚེ། རྗེ་བཙུན་གྱིས་མགུར་བཞེས་པ་ཐོས་པས་འོ་ན་ཁྱི་ར་བས་རྒྱགས་ཕུལ་བའམ། གཅན་གཟན་གྱིས་བསད་པའི་ཐེད་འདྲ་རྙེད་ནས་མ་གྲོངས་པ་སྲིད་དམ་སྙམ་ནས་ཕྱིན་པས། བླ་མའི་ཞལ་ནས་གླེན་པ་ཀུན་ད་ཕྱི་དེ་ཙ་ན་འོང་གིན་འདུག་)པ་ལ་ད་དུང་མི་སླེབ་པ་ཅི་ཡིན།

༣༦[དཀའ་བའི་མདོ་བཅུ།]  ཕན་སེམས་མེད་པའི་ཆོས་པ་དེས། །མི་ནག་ཐུལ་བ་དཀའ་མོར་གདའ། །ཆོས་རྒྱུད་ལ་མ་སྐྱེས་སྟོན་པ་ལ། །སྐུ་བསོད་ཡོང་བ་དཀའ་མོར་མཆིས། །སྙིང་རུས་མེད་པའི་སྒོམ་ཆེན་ལ། །དྲོད་རྟགས་སྐྱེ་བ་དཀའ་མོར་མཆིས། །འདུལ་ཁྲིམས་མེད་པའི་རབ་བྱུང་ལ། །བསྙེན་བཀུར་ཞབས་ཏོག་དཀའ་མོར་མཆིས། །དམ་ཚིག་མེད་པའི་སྔགས་པ་ལ། །ནུས་མཐུ་བྱིན་རློབས་དཀའ་མོར་མཆིས། །སེར་སྣས་བཅིངས་པའི་ཡོན་བདག་ལ། །གཏམ་སྙན་གྲགས་པ་དཀའ་མོར་མཆིས། །ཐོ་ཅོ་བྱེད་པའི་རྣལ་འབྱོར་ལ། །རྟེན་འབྲེལ་ནུས་པ་དཀའ་མོར་མཆིས། །ལས་རྒྱུ་འབྲས་མ་བསམས་ཉ་མ་ཡིས། །སྟོང་ཉིད་གོ་བ་དཀའ་མོར་མཆིས། །ཆོས་དང་འཁོན་པའི་བཙུན་པ་ཡིས། །ཁྱིམ་ཐབ་རྙེད་པའང་དཀའ་མོར་མཆིས། །ཁྱེད་གཅེས་ཕྲུག་དད་པ་སྐྱེས་མོད་ཀྱང་། །རང་དབང་ཐོབ་པ་དཀའ་མོར་མཆིས། །གསུངས།
༣༧ [རྗེ་བཙུན་མི་ལའི་ག་ལ་ལང་གི་མགུར།] ༄༄། །དད་ལྡན་ལྷ་ཆོས་བྱེད་པ་རྣམས། །ངོ་བསྲུང་ཐག་པ་བཅད་ན། །མི་སེམས་བཟུང་གིས་ག་ལ་ལང་། །ཞེན་མེད་ཀྱི་ལྡོམ་བུ་མ་བྱས་ན། །བསྙེན་བཀུར་བསྒྲུབས་ཀྱིས་ག་ལ་ལང་། །ཆོག་ཤེས་འཕྲལ་ཕྱིད་མ་བྱས་ན། །ནོར་རྫས་གསོག་གིས་ག་ལ་ལང། །བརྗོད་མེད་ཀྱི་དོན་གཅིག་མ་རྟོགས་ན། །ཐ་སྙད་བརྗོད་ཀྱིས་ག་ལ་ལང་། །དཔེ་མེད་དོན་གཅིག་མ་རྟོགས་ན། །ཡིག་ནག་བྲིས་པས་ག་ལ་ལང་། །རྐྱེན་ངན་གྲོགས་སུ་མ་ཤེས་ན། །སྡུག་བསྔལ་སྤངས་ཀྱིས་ག་ལ་ལང་། །སྡུག་བསྔལ་ལམ་དུ་མ་ལོངས་ན། །གཉེན་པོ་བསྟེན་གྱིས་ག་ལ་ལང་། །རྣམ་རྟོག་ཆོས་སྐུར་མ་ཤེས་ན། །དྲན་སྣང་བཀག་གིས་ག་ལ་ལང་། །བྱ་བསམ་རྒྱབ་ཏུ་མ་བསྐྱུར་ན། །དགོས་ཚད་བསྒྲུབས་པས་ག་ལ་ལང་། །བྱར་མེད་ཞེན་མེད་མ་ཆོད་ན། །བྱ་བློ་བསྒྲུབས་པས་ག་ལ་ལང་། །ད་ལྟ་རྦད་ཀྱིས་མ་ཆོད་ན། །འཕྲོ་ཡོད་བསྒྲུབས་པས་ག་ལ་ལང་། །ད་ལྟ་བཙན་གྲོལ་མ་བཏང་ན། །ཤུགས་གྲོལ་རེ་བས་ག་ལ་ལང་། །ད་ལྟ་སེམས་རྩལ་མ་སྦྱངས་ན། །ཞར་བྱུང་རེ་བས་ག་ལ་ལང་། །ད་ལྟ་ཐག་ཆོད་མ་བཏང་ན། །ཕྱིས་བྱ་བསམས་པས་ག་ལ་ལང་། །ད་ལྟ་བརྡར་ཤ་མ་ཆོད་ན། །ཕྱིས་ཡོང་དུ་རེ་བས་ག་ལ་ལང་། །

༣༨[རྫུ་འཕྲུལ་ཕུག]  རྗེ་བཙུན་མི་ལ་དེ་ཉིད་བུ་སློབ་དུ་མ་དང་བཅས་ཏེ་པུ་རངས་ནས་ཏི་སེ་ལ་སྒོམ་དུ་བྱོན་པ་མཚོ་མ་ཕམ་གྱི་འགྲམ་དུ་ཕྱག་ཕེབས་པའི་ཚེ། ན་རོ་བོན་ཆུང་མིང་སྲིང་གིས་རྗེ་བཙུན་དཔོན་སློབ་ཀྱི་སྙན་གྲགས་དང་ཏི་སེ་ལ་འབྱོན་པའི་ལོ་རྒྱུས་སྔར་ནས་མཚོ་མ་ཕམ་གྱི་འགྲམ་དུ་གདོང་བསུ་རུ་བྱུང་ནས་ང་རྒྱལ་དང་འགྲན་སེམས་ཀྱིས་གངས་ཏི་སེའི་གནས་ཀྱི་བདག་པོ་ལ་རྩོད་པ་ལ་རྫུ་འཕྲུལ་གྱི་རྩལ་འགྲན་ནས་རྒྱལ་བ་དེར་གནས་འདི་དབང་བ་ཡིན་ཟེར། ན་རོ་བོན་ཆུང་གི་མཚོ་མ་ཕམ་གྱི་འགྲམ་ཕན་ཚུན་དུ་རྐང་པ་བཞག་ནས་ང་རྒྱལ་གྱི་སྐད་བཏོན་བྱུང་བ་ལ། རྗེ་བཙུན་སྐུ་ཆེར་མ་སོང་བ་དང་མ་ཕམ་ཆུང་དུ་མ་སོང་བའི་སྟེང་ནས་བཀབ་སྟེ་བཞུགས་ནས་ཉམས་རྟོགས་གླུར་བླངས་པ་མ་ཟད། སླར་ཡང་མཚོ་མ་ཕམ་ཕྱག་སོར་གྱི་རྩེར་བསླངས་ནས་ཆུ་ལ་གནས་པའི་སྲོག་ཆགས་རྣམས་ལ་གནོད་པ་མེད་པར་མཛད་པས་ན་རོ་བོན་ཆུང་ཕམ། དེ་ལ་ན་རོ་བོན་ཆུང་གིས་ང་སླེབས་པ་སྔ་བས་མཉམ་པོར་ཐོངས། ད་དུང་རྫུ་འཕྲུལ་གྱི་རྩལ་འགྲན་ནས་ནུས་པ་སུ་ཆེ་བལྟ་ཟེར་བ་ལ། རྗེ་བཙུན་གྱི་ཞལ་ནས། ང་རྫས་ཀྱིས་བསླད་ནས་ཕ་རོལ་གྱི་མིག་འཕྲུལ་དུ་འཇུག་པའི་སྒྱུ་མ་མཁན་དང་རྫུ་འཕྲུལ་མི་འགྲན། ཁྱོད་རང་ངའི་ཆོས་མི་བྱེད་ན་གནས་གཞན་དུ་སོངས་གསུངས་པས། ཁོ་ན་རེ་ངས་གཡུང་དྲུང་གི་བོན་བློས་གཏོང་བ་མི་ཡོང་། རྫུ་འཕྲུལ་འགྲན་ནས་ཁྱོད་རང་རྒྱལ་ན་ང་རང་བློས་བཏང་ནས་འགྲོ་ཟེར་ཁོ་ཏི་སེ་ལ་བོན་སྐོར་དུ་སོང་། རྗེ་བཙུན་དཔོན་སློབ་ཆོས་སྐོར་ལ་བྱོན་པས། ཏི་སེའི་བྱང་ཤར་རྫོང་གི་ལུང་པའི་ནང་ཕ་བོང་ཆེན་པོ་ཞིག་གི་ཁར་མཇལ་བས། ཁོ་ན་རེ། ཁྱེད་རྣམས་སྐོར་བ་བྱེད་པ་ལེགས། ད་ལན་ངའི་ལུགས་སུ་འགྲོ་ཟེར་རྗེ་བཙུན་གྱི་ཕྱག་ནས་འཐེན་ལོ་བྱེད་དུ་བྱུང་བས། རྗེ་བཙུན་གྱིས་ང་ལམ་ལོག་པ་ལ་ཞུགས་ནས་སྐོར་ལོག་ལ་མི་འགྲོ ཆོས་ལོག་མི་བྱེད། དེ་བས་ཁྱོད་རང་ངའི་ཕྱི་བཞིན་ཆོས་དང་སྐོར་བ་ལ་ཤོག་གསུངས། བོན་པོའི་ལག་པ་ནས་བཟུང་ནས་ཕར་འཐེན་ཚུར་འཐེན་པའི་བར་ལ། ཕ་བོང་གི་སྟེང་ལ་གཉིས་ཀའི་ཞབས་རྗེས་བྱུང་སྟེ། དེའི་ཚེ་རྗེ་བཙུན་གྱི་ཐུགས་དམ་གྱི་ནུས་པས་བོན་པོ་ཆོས་སྐོར་ལ་ཁྲིད་དེ་ཏི་སེའི་བྱང་རྒྱབ་ཏུ་བསླེབས་ཚེ། ཁོ་ན་རེ། ཡང་རྟིང་སོར་བོན་སྐོར་ལ་འགྲོ་དགོས་སོ་ཟེར་བ་ལ། རྗེ་བཙུན་གྱིས་ཁྱོད་རང་གི་ནུས་པ་ལ་རག་ལས་གསུངས། ཁོ་ན་རེ་ད་ལན་ཁྱོད་ནུས་པ་ཆེ་ཆེ་འདྲ་བ་ཞིག་བྱུང་སྟེ། ད་དུང་གྱད་ཀྱི་རྩལ་འགྲན་དགོས་ཟེར་ནས་ཕ་བོང་ཆེན་པོ་ཞིག་གི་ཁར་ཕ་བོང་གཡག་རོ་ཙམ་ཞིག་བསྐྱལ་བྱུང་བ་ལ། རྗེ་བཙུན་གྱིས་ཀྱང་བོན་པོའི་གྱད་རྡོའི་ཁར་དེའི་ཉིས་འགྱུར་ཙམ་ཞིག་བསྐྱལ་བས། ཡང་ཁོ་ན་རེ། ད་ལན་ཡང་ཁྱོད་རྒྱལ་ཏེ་ལན་གཉིས་རྒྱལ་བས་རྒྱལ་གོ་མི་ཆོད། ད་དུང་རྩལ་འགྲན་ཟེར་བ་ལ། རྗེ་བཙུན་གྱི་ཞལ་ནས་ཉི་ཟླ་དང་རྒྱུ་སྐར་འོད་འགྲན་རུང་གླིང་བཞིའི་མུན་པ་ཉི་ཟླས་སེལ། ཁྱོད་དང་ང་རྩལ་འགྲན་རུང་ཁྱོད་ཀྱིས་ང་མི་དོ་བས། ཏི་སེ་ཡང་ང་ཡི་དབང་ཡིན། ཁྱོད་འཕྲལ་ཉམས་དགའ་བ་དང་། ངེད་རང་ཆོས་པའི་སྒྲུབ་རྒྱུད་ཀྱི་ཆེ་བ་ཀུན་གྱིས་མཐོང་ཕྱིར་རྫུ་འཕྲུལ་བསྟན་པས་ཆོག་གསུངས། རྗེ་བཙུན་ཏི་སེའི་ནུབ་ཕྱོགས་རྫོང་ལུང་གི་པདྨ་ཕུག་ན་བཞུགས། བོན་པོ་དེའི་ཤར་ཕྱོགས་ན་ཡོད་པ་ལས། རྗེ་བཙུན་གྱིས་ཞབས་ནུབ་རི་ནས་ཁོ་རང་གི་སྒྲུབ་ཁང་གི་བྲག་ཅིག་གི་ངོས་ལ་བརྐྱངས་ཏེ་ཞབས་རྗེས་བཞག་ནས། ཁྱོད་ཀྱིས་ཀྱང་འདི་བཞིན་གྱིས་ཤིག་གསུངས་པས། ཁོས་ཀྱང་ནུབ་ཕྱོགས་ལ་རྐང་པ་བརྐྱངས་པས་ཆུ་ཁ་ལས་མ་བསླེབས་པ་ལས། ནམ་མཁར་མི་མ་ཡིན་རྣམས་ཀྱི་བཞད་བགད་ཐེག་པ་ཞིག་བྱུང་བས། བོན་ཆུང་ཁ་སྐྱེངས་རུང་ད་དུང་ཡང་རྫུ་འཕྲུལ་འཕྲུལ་འགྲན་ནོ་ཟེར་བོན་སྐོར་ལ་སོང་། རྗེ་བཙུན་ཆོས་སྐོར་དུ་ཕེབས་པས་ཏི་སེའི་ལྷོ་ཕྱོགས་སུ་མཇལ་བའི་ཚེ་ཆར་ཞིག་བབས་པ་ལས། རྗེ་བཙུན་གྱིས་ཆར་ཡིབ་བྱེད་ས་དགོས་པ་འདུག་པས། ཁྱོད་ཀྱིས་ཁང་པའི་འོག་འགྲམ་རྩིག་གམ། སྟེང་གི་ཐོག་འབུབས་གསུངས་པས། ཁྱོད་རང་འགྲམ་རྩིགས་ངས་ཐོག་འབུབས་པ་ཡིན་ཟེར་བ་ལ། ཕ་བོང་ཆེན་པོ་མི་གསུམ་ཙམ་གྱེན་དུ་ལངས་པ་ལ་ཕྱག་མཛུབ་གཏད་དེ། འོ་ན་ཕ་གི་གཤོག་ཅིག་གསུངས་པས། བྱེད་ཟེར་སོང་། རྗེ་བཙུན་གྱིས་འགྲམ་བསླངས་ནས་གཟིགས་པས། ཁོས་ཕ་བོང་དེ་ལས་རྔམས་ཁྱེའུ་ལོ་བརྒྱད་ཙམ་ལོན་པ་ཕ་བོང་རང་ཇི་ལྟ་བུར་གཤགས་ཚར་འདུག་པ། ལྟ་སྟངས་མཛད་སྡིགས་མཛུབ་ཕྱར་བས། རྡོ་དེ་སྐེད་པ་ནས་ཆག་པ། ད་ཁྱེར་ཤོག་གསུངས་པས། ངའི་དེ་ཁྱོད་ཀྱིས་བཅག་ཟེར་བས། རྫུ་འཕྲུལ་འགྲན་ན་མི་ཆོག་པ་བྱེད་པ་ཡིན་མོད། ངས་གཤོག་ཏུ་འཇུག་ཅིང་ཆག་པའི་ལྟ་སྟངས་མི་བྱེད། གཤོག་ལ་ཁྱེར་ཤོག་གསུངས་པས། ཡང་ཁོས་སྔར་གྱི་དེ་ལྟ་བུ་ཞིག་གཤགས་ནས་འདེགས་པར་བརྩམས་པ་ལས། ཡང་རྗེ་བཙུན་གྱིས་མི་ཐེག་པའི་ལྟ་སྟངས་མཛད་པས་ཁོ་ན་རེ་ངས་གཤགས་ཡོད་ཁྱོད་ཀྱིས་ཁོལ་ཅིག་ཟེར་བས། རྗེ་བཙུན་གྱིས་ངས་འགྲམ་སློང་བར་བྱས། ཁྱོད་ཀྱིས་ཐོག་འགེལ་བར་བྱས་པ་ཡིན་པས་ཁྱེད་རང་གིས་ཨེ་ཐེག་ལྟོས་ལ་ཤོག་གསུངས་པས། ཁོས་མ་ཐེག་པར་མིག་རིག་རིག་ལུས་པས། རྗེ་བཙུན་གྱི་ཞལ་ནས་ང་མཆོག་ཐུན་མོང་གཉིས་ཀའི་དངོས་གྲུབ་ཐོབ་པའི་རྣལ་འབྱོར་པའི་རྩལ་དང་རྫུ་འཕྲུལ། ཁྱོད་ཐུན་མོང་གི་དངོས་གྲུབ་ཐོབ་པ་ཙམ་གྱིས་མི་ཐུབ་གསུངས་ནས་ཕྱག་ཡ་གཅིག་གིས་བསླངས་ཏེ་བཀལ་བས། རྡོ་ལ་ཕྱག་རྗེས་ཤིག་བྱུང་། མཐོས་འདུག་གསུངས་ནས་བརྫིས་པས་ཞབས་རྗེས་བྱུང་། དམས་འདུག་གསུངས་ནས་བཏེགས་པད་ཀྱང་དབུ་དང་ཕྱག་རྗེས་བྱུང་བ་དེ་ལ་རྫུ་འཕྲུལ་ཕུག་ཏུ་གྲགས་སོ། །

༣༩ [ཕུང་སྣ་གྱོད་ཀྱིས་འདྲེན།] མཛོ་སྦྲེལ་གཡང་ལ་ལྷུང་། མི་ལ་མི་དགོས་གྱོད་དང་ཁ་མཆུ་ཡིན་པ་སྟེ། གྱོད་ཁ་མཆུ་ནི་རང་གཞན་གཉིས་ཀ་ཕུང་བའི་སྣ་འདྲེན་ཡིན་ཞིང་། མཛོ་སྦྲེལ་གཅིག་གཡང་དུ་ལྷུང་ན་ཅིག་ཤོས་ཀྱང་ལྷུང་བ་འགྱུར་བ་བཞིན་ནོ། །ཤ ༤༧༥
༤༠ [ཁྱི་རྒས་ཀྱིན་ཞེ་སྡང་ཆེ། མི་རྒས་ཀྱིན་འདོད་པ་ཆེ།]  ཁྱི་ཡི་རང་བཞིན་ནི་ལོ་རྒས་ཀྱིན་ཐུ་རུ་འགྲོ་ཞིང་། འཇིག་རྟེན་གྱི་མི་ཡི་རང་བཞིན་ནི་ལོ་རྒས་ཀྱིན་འདོད་པ་ཇེ་ཆེར་འགྲོ་བའི་ཚུལ་ལོ། །
དེའང་རྗེ་བཙུན་བླ་སློབ་གཉིས་འབྱོན་པའི་ལམ་བར་ལ་གཡག་རུ་ཞིག་འདུག་པ་རྗེ་བཙུན་གྱིས་རས་ཆུང་པ་ལ་ཁྱེར་ཅིག་གསུངས་པ་ལ། རས་ཆུང་མ་དད་ནས་སེམས་ལ་ངའི་བླ་མ་འདི་རེས་འགའ་ནི་གང་གིས་ཀྱང་དགོས་པ་མེད་པ་བཞིན་མཛད། རེས་འགའ་ནི་ཁྱི་རྒས་ཀྱིན་ཞེ་སྡང་ཆེ། མི་རྒས་ཀྱིན་འདོད་པ་ཆེ་ཟེར་བའི་དཔེ་དེ་བྱེད་པར་འདུག གཡག་རུ་འདིས་ཅི་བྱེད་སྙམ། དེ་ནས་ཡབ་སྲས་གཉིས་དཔལ་མོ་ཐང་གི་དཀྱིལ་བྱེའུ་ཙམ་གྱི་ཡིབ་ས་མེད་པར་ནམ་མཁའ་རུ་སྤྲིན་ནག་འདུས་སེར་བ་ཆེན་པོ་བབས་པས། རྗེ་བཙུན་མེ་ལོང་ནང་གི་གཟུགས་བརྙན་བཞིན་གཡག་རུ་ཆེར་མ་སོང་རྗེ་བཙུན་སྐུ་ཆུང་དུ་མ་སོང་བར་ཡངས་ཆ་དང་བཅས་ཏེ་གཡག་རུའི་དོག་ས་ན་བཞུགས་ཏེ། རས་ཆུང་གི་ང་རྒྱལ་བཅག་ནས་དད་པ་སྐྱེ་བའི་རྫུ་འཕྲུལ་བསྟན་པར་མཛད། ཤ ༥༨༥
༤༡ [རོ་ཟས་ཟོས་ནས་རོ་ལས་ལས་དགོས།] ཟས་ཀྱི་དོད་དུ་ལས་ཀ་རེམ་དགོས་པའི་འཇིག་རྟེན་གྱི་ཁ་དཔེ།

༤༢ [ཆེན་པོ་ལ་མ་རྔམ། ཆུང་ངུ་ལ་མ་བརྙས།] སྦྲ་སོགས་ཆེན་པོའམ་ཆུང་ངུ་ཅི་ཞིག་ལྟར་ཡང་ཀུན་ལ་བཏང་སྙོམས་ཀྱི་འདུ་ཤེས་འཛིན་དགོས་པའི་དཔེ།

༤༣ [ཟས་རྒན་གྱིས་ཟ། ལས་གཞོན་གྱིས་བྱེད།] ཟས་སོགས་ལོངས་སྤྱོད་རྒན་པས་བྱེད་པ་དང་། ལས་ཀ་ཡི་རྩོལ་བ་གཞོན་པས་བྱེད་པ་སྟེ། རྒན་པ་ལ་ཕུ་དུད་དང་བསྙེན་བཀུར་ཞུ་བའི་བོད་ཀྱི་སྲོལ་རྒྱུན་གྱི་ཡ་རབས་གུས་ཞབས་མཚོན་པའི་དཔེ།

དེའང་རྗེ་བཙུན་མི་ལ་བླ་སློབ་གཉིས་ཕེབས་ལམ་ལ། རས་ཆུང་པ་ན་རེ་བླ་མ་ལགས་གྲང་ལྟོགས་གཉིས་འཛོམས་གདའ་བས་རུ་བ་ཕ་གི་ལ་བསོད་སྙོམས་ལ་བྱོན་ཞུས་པས། བསོད་སྙོམས་བྱེད་པའི་དུས་མིན་གསུངས་པ་ལ། དུས་ལྟོགས་པའི་དུས་འདི་ཀ་ལགས་པས་འབྱོན་པར་ཞུ་ཞུས་པས། འོ་ན་འདོང་ཞིག སྣ་གཏད་ཀྱི་དང་པོ་ལ་རྟེན་འབྲེལ་གྱི་སུམ་གཉིས་ཡོད་པ་ཡིན་པས། ཡ་སྣའི་སྦྲ་མོ་ཆེ་ལ་ཐོག་མར་སློང་གསུངས་པས། རས་ཆུང་པས་བསོད་སྙོམས་པ་ཉེ་བརྡུངས། ཆེན་པོ་ལ་རྔམ། ཆུང་ངུ་ལ་མ་བརྙས་བྱ་བ་ཡིན་པས། རུ་སྣའི་སྦྲ་ཆུང་འདི་ནས་སློང་དགོས་ཞུ་བ་ལྟར། སྦྲ་ཆུང་སེར་པོ་དེའི་སྒོར་བྱོན་ཏེ་བསོད་སྙོམས་དགོས་གསུངས་པས། ནང་ནས་རྒན་མོ་འཇིགས་སུ་རུང་བ་ཞིག་བྱུང་ནས། རྣལ་འབྱོར་པ་ནངས་ནུབ་མེད་པར་སྤྲང་ནུས་དེ་ལས་ལ་བཟང་སྟེ། ངེད་རྣམས་ཀྱིས་སྐྱེལ་ཡང་མི་ཟིན་པར་འདུག ཁྱེད་རྣམས་ཟ་འདོད་པ་རང་གིས་ཆོག་པ་མིན། མི་ལ་ཡོད་དགོས། ང་རང་གི་ནང་ན་ཡོད་པ་ད་ནངས་ནས་སློང་མོ་བ་ལ་སྦྱིན་ཚར་ནས་མེད། གཞན་ལ་སློངས་ཤིག་ཟེར་བས། རྗེ་བཙུན་གྱི་ཞལ་ནས་དོ་ནུབ་བཟའ་མི་ཟ་བར་འདུག་གིས། ཉི་མ་ཡང་རྒས་སོང་ཉལ་དུ་འགྲོ་གསུངས་ནས་རུ་བ་དེའི་ཕ་ཚད་དུ་གཟིམས་པས། ནམ་ཕྱེད་ཙམ་ན་རུ་བ་དེ་རྣམས་ཀུ་ཅོ་དི་རི་འདུག ནམ་སྨད་ཀུ་ཅོ་ཞི་བ་དང་ཉི་མ་ཤར་བ་ན། རྗེ་བཙུན་གྱིས། རས་ཆུང་པ་རུ་བ་རྣམས་ལ་ལྟོས་དང་གསུངས་ཏེ་དཔོན་སློབ་གཉིས་བྱོན་པས། རྒན་མོ་དེ་དུས་ལ་བབས་པ་དང་། ཡུལ་གཉེན་པ་ལ་ངན་སྨྲས་སོང་བས་ཤི། ནོར་རྣམས་རུ་བས་ཁྱེར་བཟའ་རྒྱུ་མར་ཐུད་རྩམ་པ་སྒྱེའུ་གང་དང་། ཞོ་ཟོ་བ་གང་བསྙལ་འདུག་པས། རྗེ་བཙུན་གྱི་ཞལ་ནས། བུ་རས་ཆུང་པ་ཆོས་ཐམས་ཅད་འདི་དང་འདྲ། མདང་འདི་རྣམས་མོ་ལ་ཕངས་པོ་ཡོད་དེ། ད་ནངས་འོ་སྐོལ་གཉིས་ལ་བོར་འདུག ཁ་ཟས་འདོད་དང་སྤྲོད་ཅིག་གསུངས། དཔོན་སློབ་གཉིས་ཀྱིས་མོའི་ཟས་ལ་ཚོགས་འཁོར་མཛད། ལྷག་མ་ཟ་ཉན་པ་རྣམས་རས་ཆུང་པའི་ཁྲེས་པོར་དྲགས་ཏེ་འགྲོ་གྲབས་བྱས་པས། རྗེ་བཙུན་གྱི་ཞལ་ནས། རས་ཆུང་པ་རོ་ཟས་ཟོས་ནས་རོ་ལས་མ་བྱས་ན་མི་ཡོང་བས། འཇིག་རྟེན་གྱི་ཁ་ལུགས་ལ་ཟས་རྒན་གྱིས་ཟ། ལས་གཞོན་གྱིས་བྱེད་བྱ་བ་ཡིན་པས། ཁྱོད་ཀྱིས་རོ་ཁུར། ངས་རོ་སྣ་བྱེད་གསུངས་ཏེ་སྤང་ཁ་ཞིག་ཏུ་སླེབས་པ་དང་སྦ་བེར་དེའི་སྙིང་ཁར་བཙུགས་ནས། རས་ཆུང་པ་འདི་ལྟ་བུའི་འཆི་བ་སྐྱེ་འགྲོ་ཀུན་ལ་འོང་བས། ཡོང་བ་མ་ཤེས་པ་ཚོའི་ལྷ་ཆོས་ཀྱི་སྐལ་བ་ཆད་ངེས་པས། འོ་སྐོལ་གཉིས་ཀྱང་ཞེ་ཟོན་དྲག་པོ་བྱེད་དགོས་གསུངས་སོ།།

༤༤[ཀུན་དང་མཐུན་ན་རྒྱལ་པོ་ཡིན།

ཕ་དང་མཐུན་ན་ཡང་རྒྱལ་ཡིན།]

[སྤྱི་དང་མི་མཐུན་ཐན་ཡིན་ཏེ།

ཕ་དང་མི་མཐུན་འདྲེ་ཐན་ཡིན།]

[བཟང་སྤྱོད་ཕ་དང་མཐུན་ན་ལེགས།

དྲིན་ལན་མ་ལ་བཅལ་ན་འཁོར།]

༤༥ [སྤྱོད་པ་མི་དང་མཐུན་ན་མཛེས།

བསམ་པ་མཆེད་གྲོགས་མཉེས་པས་འགྲུབ།

བྱིན་རློབས་བླ་མ་མཉེས་པས་འོང་།

རང་དོན་རང་རྩིས་ཆུང་བས་འགྲུབ།]

༤༦ [ཆོས་པ་གཤིས་ངན་སྤངས་ན་ཡིན།

མི་ཁ་དྲིན་ཅན་བཀུར་ན་བྱམས།

གཏམ་སྙན་སྙོམ་ཆུང་བསྐྱངས་ན་ཡོང་།

དམ་ཚིག་ངོ་ལྐོག་མེད་ན་གཙང་།

ཡོན་ཏན་རྗེ་དང་འགྲོགས་ན་སྐྱེ།

འདྲེ་ཁ་རྣམ་རྟོག་ཆུང་ན་ཁེགས།

བཟང་པོ་བྱང་སེམས་ཆེ་ན་འོང་།]

༤༧ [མཁས་པའི་ཉེ་བ་ཐམས་ཅད་ཡིན།

བླུན་པོས་དགྲ་གཉེན་ངོ་མི་ཤེས།]

༤༨ [བསམ་ངན་མི་ལ་སྐྱིད་སྐལ་མེད།

ཙབ་ཙོབ་བློ་མང་གྱོད་ཀྱི་གཞི།

རང་གཤིས་ངན་པ་རང་གི་བྱུར།]

༤༩ [རྗེ་བཙུན་མི་ལའི་ཆོག་པ་བརྒྱད་ཀྱི་མགུར།] བུ་དགོན་པ་རང་གི་ལུས་ཀྱིས་ཆོག །ལུས་གནད་ལྷ་ཡི་ཕོ་བྲང་ཡིན། །བླ་མ་རང་གི་སེམས་ཀྱིས་ཆོག །ངེས་ཤེས་དམ་པའི་སྐྱེས་མཆོག་ཡིན། །དཔེ་ཆ་ཕྱི་ཡི་ཡུལ་གྱིས་ཆོག །སྣ་ཚོགས་ཐར་པའི་ལམ་དཔེ་ཡིན། །ཟས་སུ་ཏིང་འཛིན་ཟོས་པས་ཆོག །ཞི་གནས་ལྷ་ཡི་ཕ་འབབས་ཡིན། །གོས་སུ་གཏུམ་མོ་གྱོན་པས་ཆོག །བདེ་དྲོད་ལྷ་ཡི་ན་བཟའ་ཡིན། །གཉེན་ལ་འབྲེལ་ཐག་བཅད་པས་ཆོག །གཅིག་པུ་ལྷ་ཡི་ཚོགས་དཔོན་ཡིན། །སྡང་བའི་དགྲ་ལ་བྱོལ་བས་ཆོག །དགྲ་བོ་མགྲོན་པོ་ལམ་འཁྱམས་ཡིན། །བགེགས་ལ་སྟོང་ཉིད་བསྒོམས་པས་ཆོག །སྣ་ཚོགས་ཆོ་འཕྲུལ་ཉམས་སྣང་ཡིན། །ཡིན་ལུགས་སྤྱོད་ན་དེ་ལྟར་མཛོད། །ཞེས་སོགས་རས་ཆུང་རྡོ་རྗེ་གྲགས་པ་ལ་གསུངས་སོ། །

༥༠ [སྒོམ་ཆེན་སྟན་རྡོལ། སྟོན་ཆེན་ལྷམ་རྡོལ།] ཇི་སྐད་དུ། བཀའ་བཞིན་སྒྲུབ་པ་མཆོད་པའི་མཆོག གསུངས་པ་ལྟར། དམ་པའི་ཆོས་སྒྲུབ་པ་དང་བཤད་པ་གཉིས་སྒྲུབ་པ་གནད་ཆེ་བར་བསྟན་པའི་དཔེའམ་དཔེ་ཆོས།

༥༡ [གཅིག་ཤེས་ཀུན་གྲོལ། ཀུན་ཤེས་གཅིག་རྡུགས།] ཇི་སྐད་དུ། གྲུ་བཞི་ལམ་གྱིས་འཁྱེར་བ་བདག་གི་བླ་མ། གསུངས་པ་ལྟར། དམ་པའི་ཆོས་ལ་འཇུག་པ་ནི་ཕྱི་སྣང་བ་ཐམས་ཅད་ཆོས་སུ་ཤེས་ཤིང་ལམ་དུ་འགྱུར་བ་ཞིག་དགོས་པའི་དཔེའམ་དཔེ་ཆོས།

རྗེ་བཙུན་གྱི་ཞལ་ནས། རས་བྱུང་པ་ཁྱོད་སངས་རྒྱས་ཐོབ་པར་འདོད་ན་དམར་ཁྲིད་ཀྱི་གདམས་ངག་སྒོམ་ནུས་པ་ཞིག་དགོས། འོ་སྐོལ་ལ་རྩོད་ཡིག་དང་མུ་སྟེགས་ཀྱི་ངན་སྔགས་ཀྱི་དོན་མེད། ……གླུ་འདིར་ཉོན་ཅིག་བྱས་མགུར་འདི་གསུངས་སོ། ། བུ་ཆུང་ནས་བསྐྱངས་པའི་རས་ཆུང་པ། །ཁྱོད་གདམས་ངག་ལེན་དུ་བཏང་བ་ལ། །རྩོད་ཡིག་འདི་ཡི་མང་ལུགས་ཀྱིས། །གཞུང་བཤད་མཁན་ཞིག་བྱུང་གིས་དོགས། །ཁྱོད་སྒོམ་ཆེན་སྟན་རྡོལ་རེ་བ་ལ། ། སྟོན་ཆེན་ལྷམ་རྡོལ་བྱུང་གིས་དོགས། །ཁྱོད་གཅིག་ཤེས་ཀུན་གྲོལ་རེ་བ་ལ། །ཐ་སྙད་འདི་ཡི་མང་ལུགས་ཀྱིས། །ཀུན་ཤེས་གཅིག་རྡུགས་བྱུང་གིས་དོགས། །ཞེས་སོགས་གསུངས་སོ། །

༥༢ [རྗེ་བཙུན་མི་ལའི་ལྟ་སྒོམ་སྤྱོད་གསུམ་གྱི་གནད་ཇི་ལྟ་བུ་དགོས་པའི་མགུར།] ལྟ་བ་སྟོང་པའི་ཡེ་ཤེས་ཡིན། །སྒོམ་པ་འོད་གསལ་འཛིན་མེད་ཡིན། །སྤྱོད་པ་ཆགས་མེད་རྒྱུན་ཞིག་ཡིན། །འབྲས་བུ་དྲི་མེད་གཅེར་བུ་ཡིན། །༼༡༽ལྟ་བ་སྟོང་པའི་ཡེ་ཤེས་དེ། །ཁ་ལྟ་རྐྱང་པར་ཤོར་ཉེན་གདའ། །དོན་ལ་ངེས་ཤེས་མ་ཤེས་ན། །ཚིག་ལ་བདག་འཛིན་གྲོལ་བ་མེད། །དེས་ན་ངེས་ཤེས་དྲག་པོ་གཅེས། །༼༢༽སྒོམ་པ་འོད་གསལ་འཛིན་མེད་དེ། །གནས་པ་རྐྱང་པར་འཆོར་ཉེན་གདའ། །ཡེ་ཤེས་ནང་ནས་མ་ཤར་ན། །གནས་པ་བརྟན་ཀྱང་གྲོལ་ཆ་མེད། །བྱིང་རྒོད་ལ་ཡེ་ཤེས་མི་སྐྱེ་བས། །དེས་ན་མ་ཡེངས་དྲན་པ་གཅེས། །༼༣༽སྤྱོད་པ་ཆགས་མེད་རྒྱུན་ཞིག་དེ། །ཐོ་ཅོ་རྐྱང་པར་འཆོར་ཉེན་གདའ། །ལྟ་སྒོམ་གྲོགས་སུ་མ་ཤར་ན། །བརྟུལ་ཞུགས་སྤྱོད་པ་ཆོས་བརྒྱད་གྲོགས། །དེས་ན་ཞེན་མེད་སྒྲིབ་མེད་གཅེས། །༼༤༽འབྲས་བུ་དྲི་མེད་གཅེར་བུ་དེ། །མཚན་མའི་ན་བཟའ་གསོལ་ཉེན་གདའ། །འཁྲུལ་བ་ནང་ནས་མ་ཞིག་ན། །ཡིད་སྨོན་བསྒོམས་ཀྱང་དོན་གོ་ཆུང་། །དེས་ན་འཁྲུལ་བ་ཞིག་པ་གཅེས། །ཞེས་གསུངས་སོ། །

༥༣ [རྗེ་བཙུན་མི་ལས་རས་ཆུང་ལ་གསུངས་པའི་མགུར།༼ཚན་བཤུས༽]  ༡ སྲ་བའི་ཤིང་དང་གྱོང་བའི་རྭ། །བཀུག་ན་ཁུག་ཙམ་གདའ་ལགས་ཏེ། །རང་སེམས་གྱོང་པོ་འདི་ལ་ཁུག་དུས་མེད། །རང་སེམས་ནང་དུ་ཁུག་ཅིག་རས་ཆུང་པ། །༢ ལྷོ་ཁའི་སྟག་དང་བྱང་ཁའི་འབྲོང་། །བཏུལ་ན་ཐུལ་ཙམ་གདའ་ལགས་ཏེ། །བདག་འཛིན་དྲེགས་པ་འདི་ལ་ཐུལ་དུས་མེད། །བདག་འཛིན་དྲེགས་པ་ཐུལ་ཅིག་རས་ཆུང་པ། །༣ གནམ་གྱི་བྱ་དང་ས་ཡི་བྱི། །བཟུང་ན་ཟིན་ཙམ་གདའ་ལགས་ཏེ། །དྲན་རིག་འཁྲུལ་བ་འདི་ལ་ཟིན་དུས་མེད། །འཁྲུལ་བ་དྲན་པས་ཟུངས་ཤིག་རས་ཆུང་པ། །༤ ཐོས་པའི་ཆོས་དང་བསམ་པའི་ཆོས། །བསླབས་ན་ཤེས་ཙམ་གདའ་ལགས་ཏེ། །རང་སེམས་དངོས་མེད་འདི་ལ་ཤེས་དུས་མེད། །སེམས་ཉིད་སྐྱེ་མེད་སྒོམས་ཤིག་རས་ཆུང་པ། །༥ བརྩེ་བའི་ཕ་དང་བྱམས་པའི་མ། །བསྐྱུར་ན་འཁྱུར་ཙམ་གདའ་ལགས་ཏེ། །གཤིས་ངན་རང་རྩིས་འདི་ལ་འཁྱུར་དུས་མེད། །གཤིས་ངན་རང་རྩིས་སྐྱུར་ཅིག་རས་ཆུང་པ། །༦ ཕ་ཡུལ་མཁར་དང་ནང་གི་ནོར། །སྤངས་ན་འཕོངས་ཙམ་གདའ་ལགས་ཏེ། །སྐྱིད་འདོད་སོ་བསོད་འདི་ལ་འཕོངས་དུས་མེད། །ཞི་བདེ་དོན་གཉེར་སྤོངས་ཤིག་རས་ཆུང་པ། །༧ མཆོར་པོའི་རྒྱན་དང་མཛེས་མའི་གྲོགས། །སྤངས་ན་འཕོངས་ཙམ་གདའ་ལགས་ཏེ། །མལ་བདེ་དྲོད་འཇམ་འདི་ལ་འཕོངས་དུས་མེད། །གཏི་མུག་རོ་ཉལ་སྤོངས་ཤིག་རས་ཆུང་པ། །༨ ཕར་རིའི་རི་དང་ཚུར་རིའི་བྲག །སྤྲད་ན་འཕྲོད་ཙམ་གདའ་ལགས་ཏེ། །ཡེ་ཤེས་རང་ངོ་འདི་ལ་འཕྲོད་དུས་མེད། །སེམས་ཉིན༼ཉིད༽རང་ཞལ་ལྟོས་ཤིག་རས་ཆུང་པ། །༩ རྒྱལ་པོའི་བཀའ་དང་བཙུན་མོའི་ལུང་། །ཞུས་ན་གནང་ཙམ་གདའ་ལགས་ཏེ། །འཆི་བདག་གཤིན་རྗེ་འདི་ལ་ཞུ་ས་མེད། །འཆི་བ་ལམ་དུ་སློངས་ཤིག་རས་ཆུང་པ། །ཞེས་སོགས་གསུངས་ཏེ་སྤྲུལ་པའི་ཐབས་ཀྱིས་རས་ཆུང་པ་ཐུཊ་རྗེས་རྗེས་སུ་བཟུང་བའི་མཛད་པ་ངོ་མཚར་བསམ་གྱིས་མི་ཁྱབ་པ་བསྐྱངས་སོ། །
༥༤ [བྱེ་མ་བཙིར་བ་ལ་མར་ཁུ་མི་འོང་།] མར་ཁུའམ་སྣུམ་ཁུ་ནི་ཡུངས་ཀར་ལས་འབྱུང་གི། བྱེ་མ་ལས་མ་ཡིན་པའི་དཔེས། རྒྱུ་དང་མཐུན་པའི་འབྲས་བུ་འབྱུང་བ་བསྟན།
དེའང་རྗེ་བཙུན་གྱིས་རྗེ་སྒམ་པོ་པ་རྗེས་སུ་འཛིན་པ་ལ། དབུས་པ་སྟོན་པ་ཁྱོད་ཀྱིས་སྔར་དབང་ཐོབ་བམ་མ་ཐོབ་གསུང་བ་ལ། སྔར་དབང་དང་གདམས་ངག་ཐོབ་ཚུལ་སོགས་ཞུས་པ་ལ། རྗེ་བཙུན་གྱིས་རྟེན་འབྲེལ་གྱི་ཆེ་བའི་ཆེད་དུ་བྱེ་མ་བཙིར་བ་ལ་མར་ཁུ་མི་འོང་། ངའི་གཏུམ་མོ་ཨ་ཐུང་སྒོམས་དང་། ད་གཟོད་སེམས་ཀྱི་ངོ་བོ་མཐོང་འོང་གིས། དེ་བསྒོམ་པ་ལ་སྔར་གྱི་དབང་བསྐུར་རྣམས་ཀྱིས་གོ་མི་ཆོད་པ་མིན་ཏེ་ང་རང་གི་བྱིན་རློབས་བྱེད་དགོས་གསུངས་ཤིང་སྙན་བརྒྱུད་ཀྱི་བྱིན་རླབས་མཛད་ནས་གདམས་ངག་གནང་བ་དང་བསྒོམས་པས་ཉམས་བཟང་པོ་འཁྲུངས། ཁོང་ནི་རྗེ་བཙུན་གྱི་ཐུགས་ཀྱི་སྲས་མཆོག་དམ་པ་སྒམ་པོ་པར་གྲགས་པ་ཡིན་ནོ། །
༥༥ [རྒས་ན་རྒས་རྒྱགས། ཤི་ན་དུར་གཟན།] དེའང་ཆོས་པ་ཁ་ཅིག་ནོར་མེད་ན་ཆོས་མི་ཡོང་། ཚོགས་གསོག་པ་ལའང་ནོར་དགོས་ཞེས་ཚེ་འདིའི་འདོད་པས་བཅིངས་ཏེ་ལོག་པར་འཚོ་བའི་ཚུལ་བསྟན་པ།
༥༦ [ཉན་ཐོས་ནང་དུ་ཞག་བདུན་གནས།]  སྒོམ་པ་དང་སྒྲུབ་པ་ལ་རྩེ་གཅིག་དང་ཞེ་བཅད་དྲག་པོས་འཇུག་གི། དེ་མ་གཏོགས་དུག་གསུམ་རྒྱས་པའི་མི་དང་འགྲོགས་ན་ཆོས་སྤོང་བའི་ཉེས་ལྟུང་འབྱུང་སླ་བས། རྣམ་ཀུན་རི་དྭགས་རྨས་མའམ། བྱ་བཞིན་བག་ཟོན་ཆེ་བར་བྱ་དགོས་པའི་དཔེ།