སྲོང་བཙན་སྒམ་པོ།松赞干布

美友15053373

སྲོང་བཙན་སྒམ་པོ།

གངས་རྒྱུད་ཐུབ་བསྟན་བཀྲ་ཤིས་ཀྱིས་བརྩམས།

གནམ་སའི་འདྲེས་མཚམས་ནས་འོད་སྣང་འབྱེད་མཁན་ཏེ་ཁྱེད་ཡིན་ནམ།

ལོ་ཟླའི་དཀྱོགས་རུམ་ནས་བསྐྲུན་པས་གཏམ་རྒྱུད་དེ་ཁྱེད་ཡིན་ནམ།

སྔོན་ཆད་ཀྱི་དུས་རབས་ཤིག་ནས།

སུམ་ཉིས་ས་ཡི་དཀྱིལ་འཁོར་ངང་གིས་བསྐོར་བ།

གནའ་བོའི་བཙན་རྫོང་འགའ་ཤས་དང་།

ལོ་རྒྱུས་ཡིག་རྙིང་། རྡོ་རིང་སོགས་ཀྱི་ངོས་ནས།

ངས་ཁྱེད་རང་མཐོང་བྱུང་། བདག་གི་མེས་པོ་ལགས།

ཡབ་མེས་ཀྱི་མིག་འབྲས་ཟབ་པོ།

སྲོང་བཙན་སྒམ་པོ་མཆོག

མདའ་གྲི་མདུང་གསུམ་གྱི་ལོ་ཟླ་དང་འབྲེལ་ནས།

རྟ་ཕོ་ཁྲི་ཕྲག་གི་རྨིག་སྒྲས་གསེབ་ནས།

དཔའ་རྟུལ་འབུམ་ཕྲག་གི་དངུལ་ཁྲག་ཀློང་ནས།

ལྷ་རྒྱལ་ལོ་དང་ཀྭི་བསོ་རང་སྒྲ་བར་མེད་དུ་སྒྲོགས་དུས།

ཟླུམ་གཟུགས་གོ་ལ་དེ་ནི་ཅི་འདྲའི་ཆུང་བ་ལ།

འདས་ཟིན་པའི་ལོ་ཟླ་ལ་ཕྱིར་ལྡོག་མེད་ཀྱང་།

བསྒྲུབ་ཟིན་པའི་བྱ་ལས་ལ་ཕྱིར་འགྱོད་མེད་ཀྱང་།

འོད་དུ་འབར་བས་ལོ་རྒྱུས་དེ་སུ་ལ་གསང་།

དྲག་ཏུ་འཕྱོ་བས་མཚན་སྙན་ཏེ་སུ་ལ་སྦས།

དེ་རིང་། ཐོ་རེངས་སྐར་ཆེན་དང་ལྷན་ཏུ།

ངས་ཁྱེད་ཉིད་བཞུད་སའི་ལམ་བུ་དེ་ནས་རྒྱང་ལ་ལྟ་དུས།

རང་ཉིད་ཀྱི་ལུས་ཟུང་དུ།

ཁྱེད་ཀྱི་ཟུང་ཁྲག་དྲོན་མོ་བཞུར་བ་ཚོར་གྱིན་འདུག

སང་ཉིན། སྐྱ་རེངས་བུ་མོའི་འབོད་བརྡ་ལྷང་ངེར་གྲག་དུས།

ཁྱེད་ཀྱི་གདོང་རྒྱུད་ངས། རང་ཉིད་ཀྱི་གོམ་སྟབས་རེ་རེ།

ཁྱེད་ཀྱི་བསམ་བློ་ཡི་ཕྱོགས་སུ་འཁོར་ངེས་བསམ།