ཞི་ལ་དང་ཙི་གུ

གངས་རྒྱུད་ཐུབ་བསྟན་བཀྲ་ཤིས་ཀྱིས་བརྩམས།

ཙི་གུ་ནམ་རྒྱུན་གཟན་ཆས་ཡི་ཆེད་དུ།

མུན་ནག་དང་ཆར་ཆུའི་ཁྲོད་ནས་རྒྱུགས་བཞིན་འདུག

སྙིགས་རོ་དང་ལུད་ཕོད་ཀྱི་གསང་ལའང་འཛུལ་བར་གདའ།

དེ་ལྟར། ཚེ་སྲོག་ཤོར་དང་འཆོར་བའང་གང་མང་ཡོད།

ཞི་ལ་ནི་དེ་ལས་ལྡོག་སྟེ།

རང་གི་བདག་པོ་ཚང་དུ།

བག་གཡང་གིས་གཉིད་ནས་བསྡད་ན།

ལྟོ་བ་འགྲངས་བ་དང་ལུས་རྒྱབ་དྲོ་ནས་ཡོད།

ཙི་གུས་གཟའ་མི་ཚོས་ཁ་རྒྱབ་ཀྱིས་ཕྱིར་དུ།

མི་ཁྱིམ་དུ་གཟན་ཆས་རྐུ་རུ་སོང་།

ཟ་མ་མང་པོ་ཡོད་ན་ཡང་། ཉེན་ཁ་དེ་ལས་ཆེ་ཡོད།

ཙི་གུ་འཛིན་བྱེད་ཀྱི་ཡོ་བྱད་བསྒྲིག་ཡོད་ལ།

གཟན་ཆས་སྲུང་མཁན་གྱི་ཞི་ལའང་ཡོད།

གལ་ཏེ། ཙིག་འཛིན་སྟེང་དུ་འབྱར་སོང་ན།

བདག་པོས་ངན་གསོད་བཏང་འགྲོ།

གལ་ཏེ། ཞི་ལས་ལག་ཏུ་ཤོར་ན།

རྩེད་ཆས་ཤིག་གི་ཚབ་ཏུ་ཐེངས་འགར་མ་རྩིས་ན།

དེ་འདྲས་སླ་མོ་ཞིག་མི་གསོད་པ་ཡིན།

ཨ་ཁ་ཁ། ཅི་འདྲའི་ལས་དབང་སྡུག་པོ།

ཅི་འདྲའི་ཁ་རྒྱབ་དཀའ་བོ་ཞིག

ཚེ་སྲོག་ལ་བར་ཆད་མང་བ།

གཏམ་རྒྱུད་ལ་ཉོག་འཛང་ཆེན་པོ།

ནམ་ཡང་འདི་འདྲ་ཞིག་ཡིན་ནམ།

ཡང་ན་ལྡོག་པས་ཐབས་ཤེས་རེའང་མེད་དམ་ཅི།